ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

རྒྱལ་ཡོངས་ཚོང་དོན་གྱི་བོད་སྐྱོར་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཝང་ཝུན་ཐའོ་དང་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་། ཡུས་ཅན་ཧྭ་ཡིས་གཙོ་སྐྱོང་གནང་བ།

སྤེལ་དུས 2021-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཚེས་13ཉིན་རྒྱལ་ཡོངས་ཚོང་དོན་གྱི་བོད་སྐྱོར་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།
           ཚོང་དོན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཝང་ཝུན་ཐའོ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་། ཚོང་དོན་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་འཐུས་མི་དང་པུའུ་ཀྲང་གཞོན་པ་གཅིག་ལྕོགས་ཡུས་ཅན་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཚོགས་འདུར་ཕེབས་པ་རེད།
           ཝང་ཝུན་ཐའོ་ཡིས། དུས་རབས་གསར་པའི་ཚོང་དོན་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་བའི་བྱ་སྤྱོད་དངོས་ཤིག་རེད་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བའི་བྱ་ཐབས་ཞིབ་ཕྲ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱེད་པའི་དགེ་མཚན་ལྡན་པའི་བྱ་སྤྱོད་ཅིག་ཀྱང་རེད། རྒྱལ་ཡོངས་ཚོང་དོན་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཚོང་དོན་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་དེ་བས་ཡག་པོ་ཐུབ་པར་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་དམིགས་ནས་བོད་ཀྱི་ནང་ཁུལ་ཉོ་ཚོང་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཐོགས་མེད་ཡོང་བར་བྱེད་དགོས་པ་དང་། མཐའ་དར་དམངས་ཕྱུག་ལ་དམིགས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་བོད་ལ་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་མ་དངུལ་དང་རྣམ་གྲངས་ལག་བསྟར་ཇུས་གཞི་འདིང་བ། ཤེས་ལྡན་མི་སྣའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚོང་འགུགས་མ་འདྲེན། ཐོན་རྫས་མཚམས་སྦྱོར། འཛད་སྤྱོད་རོགས་རམ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཚོང་དོན་པུའུ་དང་རྒྱལ་ཡོངས་ཚོང་དོན་ཁོངས་གཏོགས་ཀྱིས་བོད་ཀྱི་ཚོང་དོན་ལས་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཆེ་དགྲ་ལྷས་ཚོང་དོན་པུའུ་དང་རྒྱལ་ཡོངས་ཚོང་དོན་ཁོངས་གཏོགས་ཀྱིས་ཚོང་དོན་འཁོར་རྒྱུག་དང་། ཕྱི་ཕྱོགས་སྒོ་དབྱེ། དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན། ཤེས་ལྡན་མི་སྣའི་རིག་སྟོབས་བོད་སྐྱོར་སོགས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད། ང་ཚོས་ངེས་པར་དུ་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་བརྒྱབ་སྟེ་བོད་ཀྱི་ཚོང་དོན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་མྱུར་པོ་གཏོང་གི་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།