ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

རྒྱལ་ཡོངས་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱིས་བོད་སྐྱོར་རྣམ་གྲངས་68ལག་བསྟར་བྱ་རྒྱུ་ཡིན་པ།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གསར་འགོད་པས་རྒྱལ་ཡོངས་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱི་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་དང་རྒྱལ་ཡོངས་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱིས་རྣམ་གྲངས་68མཐུད་འབྲེལ་བྱ་རྒྱུ་ཡིན་པ་དེའི་ལག་བསྟར་དུས་བཀག་2017ལོ་ནས་2020ལོ་བར་ཡིན་པ་རེད།

          ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དེ་བཞིན་ཁོངས་གཏོགས་སྒྲིག་གཞིས་རྣམ་གྲངས་21མཐུད་འབྲེལ་བྱ་རྒྱུ་ཡིན་པ་དེའི་ནང་དོན་གཙོ་བོ་ཚན་རིག་སློབ་གསོ་དང་། ཚན་རིག་ཁྱབ་གདལ་དཔེ་སྟོན། ཚན་རིག་ཁྱབ་གདལ་ཐོན་རྫས་ཞིབ་བཟོ། གསར་གཏོད་རིམ་སྤོར། ཚན་རྩལ་ཞབས་ཞུའི་ལས་སྟེགས། རིག་གཞུང་སྤེལ་རེས། ཇུས་འདོན་ཚོགས་པ་སྐྲུན་པ། འབྲེལ་ཡོད་སྒྲིག་ཆས་གསར་བརྗེས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན(གྲོང་ཁྱེར)17དབར་རྣམ་གྲངས་47འབྲེལ་མཐུད་བྱ་རྒྱུ་དེའི་ནང་དོན་གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། མི་རིགས་སྐད་ཡིག་གི་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཅན་ལས་སྟེགས། གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་སློབ་གསོ། ཞིང་འབྲོག་ཐོན་ཟོག་ཚན་རྩལ་གྲུབ་འབྲས་སུ་འགྱུར་བ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།