ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྐྱོར་ལས་དོན་ལ་རོགས་སྐྱོར་བྱས་པ།

—— རི་བོ་ཆེ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐོར་བཀོད་པ།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          དབུལ་སྒྲོལ་འགག་སྒྲོལ་ནི་ལས་སླ་པོ་དང་དུས་ཐུང་གི་ལས་དོན་ཞིག་མིན་པར་དེ་ནི་ཕྱོགས་གང་སྤྱིའི་ཐད་དང་འབྲེལ་བ་ཡོད་ལ་རྙོག་འཛིང་ཆེ་བའི་མ་ལག་འདུ་འགོད་ཅིག་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་གྲགས་པ་ནས་བཟུང་རི་བོ་ཆེ་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་ཇུས་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།

          དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནི་མང་ཚོགས་ཀྱི་ལས་དོན་ཡིན་པ་མ་ཟད། ད་དུང་ལས་ཁུངས་དང་ཚན་པའི་ལས་བྱེད་ལས་བཟོའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན། དེར་བརྟེན་རི་བོ་ཆེ་རྫོང་གིས"དབུལ་སྒྲོལ་མ་ཐུབ་ན་འབྲེལ་བ་མ་ཆོད"པའི་རྩ་དོན་ལ་གཞིགས་ནས་རང་སྐྱོང་ལྗོངས་ཀྱིས་གཤམ་སྤེལ་བྱས་པའི་སྲིད་ཇུས་ཀྱི་བླང་བྱ་ནན་ཏན་ངང་ལག་བསྟར་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དང་རྫོང་ཐད་གཏོགས་ཚན་པའི་རོགས་སྐྱོར་འབྲེལ་གཏུག་གི་ལས་འགན་དང་དེ་བཞིན་ལས་དོན་གྱི་འགན་འཁྲི་ཁ་གསལ་བཟོས་ནས་སྣེ་ཁྲིད་དང་། མཛུབ་སྟོན། མཐུན་སྦྱོར། སློབ་གསོ་བཅས་ཐད་ཀྱི་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། མིག་སྔར། རྫོང་དེའི་རོགས་སྐྱོར་ལས་བྱེད་པ་དང་དུད་ཚང་དབུལ་པོའི་དབར་གྱི་ཆ་སྒྲིག་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཡོད།

          འདི་ལོའི་ལོ་སྟོད་དུ། རི་བོ་ཆེ་རྫོང་གིས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་75ནས་གྲོང་ཚོ་འགའ་ཞིག་བདམས་ཏེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ཏེ་འདི་ལོ་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གཅིག་སྡུད་ས་ཚིགས་31གཏན་འཁེལ་བྱས་རྗེས་རྫོང་དེས་ས་གནས་ས་ཐོག་ཏུ་ཚོགས་འདུ་འཚོགས་ནས་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་གྱི་དུད་ཚང་དབུལ་པོར་སྐུལ་སློང་བྱས་པ་དང་འབྲེལ་ཁོང་ཚོ་དང་གྲོས་མཐུན་ཡི་གེའང་བཞག་ཡོད།

          རི་བོ་ཆེ་རྫོང་གི་ཁག་དང་པོའི་གནས་སྤོས་དབུལ་སྐྱོར་བྱ་ཡུལ་3དང་ཁག་གཉིས་པའི་གནས་སྤོས་དབུལ་སྐྱོར་བྱ་ཡུལ་17ཟླ་4པ་དང་6པར་སྔ་རྗེས་སུ་སོ་སོར་ལས་འགོ་ཚུགས་ཡོད། དེའི་ནང་ཁག་དང་པོའི་གནས་སྤོས་བྱ་ཡུལ་དུ་དུད་ཚང་101གི་མི་264བཀོད་སྒྲིག་བྱས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་2020བཏང་ཡོད། ཁག་གཉིས་པའི་གནས་སྤོས་བྱ་ཡུལ་དུ་དུད་ཚང་496གི་མི་2220བཀོད་སྒྲིག་བྱས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་9248བཏང་ཡོད། མིག་སྔར། གནས་སྤོས་བྱ་ཡུལ་གྱི་ལས་ཀ་སྤེལ་ཚུལ་བདེ་བླག་ཡིན་པ་དང་སྔོན་དཔག་བྱས་ན་ཟླ་བཅུ་པའི་ཟླ་མཇུག་ཏུ་ཚང་མ་ལེགས་སྒྲུབ་ཐུབ་རྒྱུ་རེད།

          "སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པར"གཞིགས་ཏེ་རི་བོ་ཆེ་རྫོང་གིས་ཆེད་ལས་ཀུང་སི་གདན་དྲངས་ནས་རྫོང་དེ་ཡོངས་ཀྱི་དུས་ཡུན་རིང་འབྲིང་གི་ཐོན་ལས་འཆར་འགོད་ནན་ཏན་ངང་བཟོས་ཡོད། མིག་སྔར། འབྲོག་ལས་དང་། འདེབས་འཛུགས་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཐོན་ལས་ཀྱི་དབུལ་སྐྱོར་དངུལ་བུན་རྣམ་གྲངས་ཁག་44ཡི་དངུལ་སྒོར་དུང་ཕྱུར་18.3འདུན་ཞུ་བྱས་ནས་དུད་ཚང་6900གི་མི་29524ལ་ཕན་པ་གཏོད་རྒྱུ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་མི་སྒེར་གྱི་དབུལ་སྐྱོར་དངུལ་བུན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

          ཟླ་བརྒྱད་པའི་ཟླ་མཇུག་བར་རྫོང་དེས་ཐོན་ལས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་2700དོན་འཁྱོལ་བྱས་ནས་སྔོ་ཚལ་དྲོད་ཁང་ཆེ་མོ་དང་། བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས། ཉུང་མ་འདེབས་འཛུགས། བོད་ཁྱིམ་མགྲོན་ཁང་སོགས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1145བཏང་སྟེ་དུད་ཚང་578ཀྱི་མི་3166ལ་ཕན་པ་ཐོབ་རྒྱུ་རེད། དངུལ་ལྷག་མ་སྒོར་ཁྲི་1555ཙམ"ཕྱུགས་རིགས་མགོ་གྲངས་ཁྲི་ཡན་གྱི་གསོ་སྤེལ་གླིང"དང"མུའུ་ཁྲི་ཡན་གྱི་འདེབས་འཛུགས་གླིང"གི་རྣམ་གྲངས་ལ་བཏང་ནས་དུད་ཚང་327གྱི་མི་1834ལ་ཕན་པ་ཐོབ་རྒྱུ་རེད།