ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

བྱམས་བརྩེས་ཕྱུག་ཅིང་ལག་རྩལ་རྩེར་སོན་པས། ཁྱིམ་ཚང་སྟོང་གི་ནད་ཀྱི་གདུང་བ་བསལ།

ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་གཉིས་ཙམ་རིང་། ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣ་ཚོས་བོད་སྐྱོར་ལས་དོན་ལ་ཧུར་ཐག་ཞུགས་ཏེ་འགན་འཁྲི་དང་ལས་འགན་ཏན་ཏིག་བསྒྲུབས་པས། ཉིང་ཁྲི་གྲོང་ཁྱེར་སྨན་ཁང་གི་དོ་དམ་ཆུ་ཚད་དང་སྨན་བཅོས་ལག་རྩལ་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

རོགས་རམ་དང་སྣེ་ཁྲིད་ནས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་སྨན་དོན་མི་སྣའི་འཇོན་ཐང་ཆེ་རུ་བཏང་བ།
          ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣ་ཚོས་ཕྱོགས་གཅིག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་སྨན་པའི་ཁྲོད་གནས་པའི་ཡོངས་ཁྱབ་ཀྱི་གནད་དོན་ལ་དམིགས་ནས། འཆད་ཁྲིད་དང་ཚོགས་འདུ་འཚོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྨན་དོན་མི་སྣར་གཅིག་སྡུད་གསོ་སྦྱོང་བྱས་པ་རེད། གཟའ་འཁོར་རེར་ཆེད་དོན་འཆད་ཁྲིད་ཐེངས་གཅིག་མཐའ་འཁྱོངས་བྱས་ཤིང་། རིམ་རྩིས་བྱས་ན་ཆེད་དོན་གསོ་སྦྱོང་ཐེངས་40ཙམ་བྱས་པ་དང་། བཅོས་དཀའ་བའི་ནད་ལ་གྲོས་བསྡུར་ཐེངས་30ཙམ་བྱས་པ། རིགས་གཅིག་མཁས་ཅན་གྱིས་ནད་བཤེར་དང་སློབ་ཁྲིད་ཐེངས་60ཙམ་བྱས་ཏེ། སྨན་དོན་མི་སྣའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། སྨན་ཁང་ལ་རོགས་རམ་བྱས་ནས་རྒྱུན་མཐུད་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་དང་། སློབ་དུས་སྐར་འགོད་ལམ་ལུགས་ནང་འདྲེན། རྒྱུན་མཐུད་སློབ་གསོའི་སློབ་དུས་སྐར་འགོད་ཀྱི་དཔྱད་ཞིབ་ཚད་གཞི་དང་བྱ་དགའི་བྱེད་ཐབས་བཟོས་ཡོད། ཚོགས་སྒྲིག་རྣམ་པའི་གསོ་སྦྱོང་བྱས་པ་ཕུད། ས་གནས་དེ་གའི་སྨན་པས་ནང་ཁུལ་དུ་འཆད་ཁྲིད་བྱས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གསོ་སྦྱོང་བྱས་པས། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣའི་ཁྲོད་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཆགས་ཤིང་། ཕྱོགས་གཞན་ཞིག་ནས་ཁོ་ཚོས"གཅིག་གིས་གཅིག་ལ་རོགས་རམ་དང"  "གཅིག་གིས་མང་པོར་རོགས་རམ"གྱི་བྱེད་ཐབས་སྤྱད་དེ། སྔ་རྗེས་སུ་གསོ་སྦྱོང་ཟུར་ཁྲིད་དང་ཡང་ན། གསོ་སྦྱོང་ཁག་ཐེངས་67བྱས་པ་དང་། ལྗོངས་ཕྱི་ནང་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་རིག་གཞུང་སྤེལ་རེས་ཐེངས་6བྱས་པ། མི་ཐེངས་10ལ་དུས་ཐུང་གསོ་སྦྱོང་བྱས་པ། མི་ཐེངས་12ལྗོངས་ཕྱི་ནང་གི་རིག་གཞུང་སྤེལ་རེས་ལ་ཞུགས་པ། དཔྱད་རྩོམ་8ལ་མཛུབ་ཁྲིད་བྱས་པ། ཚན་ཞིབ་རྣམ་གྲངས་8རེ་ཞུ་བཅས་བྱས་ནས་མེད་པ་ནས་ཡོད་པའི་བར་གྱི་ཚད་བརྒལ་མངོན་འགྱུར་བྱུང་བ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།

          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣ་ཚོས་ནད་པ་མི་ཐེངས་1105ལ་སྨན་བཅོས་བྱས་པ་དང་། གཤགས་བཅོས་ཐེངས་315བྱས་པ། སྨན་བཅོས་བྱེད་སྒོ་137སྒྲིག་འཛུགས་བྱས་པའི་ནང་། རྒྱང་ཁྲིད་སྨན་བཅོས་ཐེངས་2བྱས་པ། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་བོད་དུ་གདན་དྲངས་ནས་སྨན་བཅོས་བྱེད་སྒོ་ཐེངས་4སྤེལ་བས། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་ཡོད། མིག་སྔར། ཚོགས་པས་ཚོགས་པ་སྣེ་ཁྲིད་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་སྣེ་ཁྲིད། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་སོགས་ཀྱི་བྱེད་ཐབས་ཀྱིས་ས་གནས་སྨན་པར་སློབ་ཁྲིད་བྱས་ནས་ད་ཆ་ས་གནས་སྨན་པ་ཚོས་རིམ་པ་གསུམ་པ་དང་བཞི་པའི་བུད་མེད་ཚན་ཁག་གི་གཤགས་བཅོས་ལས་འགན་སྒྲུབ་ཐུབ་ཀྱི་ཡོད་པ་མ་ཟད། ཟུག་མེད་པར་ཕྲུ་གུ་བཙའ་བ་སོགས་ཁྱབ་ཁོངས་9ཡི་ལས་འགན་སྒྲུབ་ཐུབ་ཀྱི་ཡོད།

ཁྱབ་རྒྱ་ཆེ་རུ་བཏང་བས་ཁྱབ་འགྱེད་སྣེ་ཁྲིད་ཀྱི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
          ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣ་ཚོས་ཁྱབ་འགྱེད་སྣེ་ཁྲིད་ཀྱི་འཇོན་ཐང་འདོན་སྤེལ་གང་ལེགས་བྱེད་པ་དང་ལས་དོན་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ། 《གནས་ཀྱིས་ཁྱོན་ཡོངས་ལ་སྣེ་འཁྲིད་པའི་ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣའི་ཁྱབ་འགྱེད་འཇོན་ཐང་འདོན་སྤེལ་བྱེད་པའི་ཇུས་གཞི》བཟོས་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞིར་ལག་རྩལ་མཛུབ་ཁྲིད་དང་། ལས་སྒོ་གསོ་སྦྱོང་། སྐོར་སྐྱོད་སྨན་བཅོས་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་འབྲེལ། སྔ་རྗེས་སུ་རྫོང་4དང་། ཤང་9 གྲོང་རྡལ་10བཅས་ལ་སྐོར་སྐྱོད་སྨན་བཅོས་དང་འོས་འགན་སྨན་བཅོས་ཀྱི་ལས་དོན་སྤེལ་བ་དང་དུས་མཚུངས་ནད་པ་937ལ་སྨན་བཅོས་བྱས་པ་དང་སྒོར་ཁྲི་5ལྷག་ཙམ་རི་བའི་སྨན་སྤྲད་པར་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད། ཁོ་ཚོས་ད་དུང་སྨྱན་སྦྱོར་གསར་པ་སྤྱད་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ནད་རྟགས་སྨན་བཅོས་སྐད་འཕྲིན་ལས་སྟེགས་བཙུགས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞི་དང་ལས་སྒོའི་མི་སྣར་ཁྱབ་པར་བྱས་ཤིང་། རང་ངོས་དང་རྒྱབ་ཕྱོགས་ཀྱི་སྨན་བཅོས་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་པས་རྒྱང་ཁྲིད་སྨན་བཅོས་དང་། རྒྱུན་མཐུད་སློབ་གསོ། གསོ་རིག་ཚན་རིག་ཁྱབ་གདལ་བཅས་ཀྱི་ནུས་པ་ཐོན་ནས། ནད་པ་མི་ཉུང་བ་ཞིག་གི་ཐག་རིང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པའི་དཀའ་ངལ་བསལ་བ་མ་ཟད། ཚད་གཞི་ངེས་ཅན་ཞིག་ནས་མང་ཚོགས་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད།

          དེ་དང་དུས་མཚུངས། ཀོང་ཏུང་ཞིང་ཆེན་ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣ་ཚོས་ད་དུང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང"ཁ་པ་རིམ་པ་གསུམ་པའི་སྨན་ཁང"དུ་གཏོད་རྒྱུ་སོགས་དཀའ་གནད་ལས་དོན་ལ་དམིགས་ནས། རྒྱབ་ཕྱོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་མཐུན་སྦྱོར་བྱས་ནས། ཁག་3པའི་ཀོང་ཏུང་ཞིང་ཆེན་རིམ་ཁག་སྨན་ཁང་གི་དཔྱད་ཞིབ་རིགས་གཅིག་མཁས་ཅན་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་རིགས་གཅིག་མཁས་ཅན་20གདན་དྲངས་ཏེ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང"ཁ་པ་རིམ་པ་གསུམ་པའི་སྨན་ཁང"དུ་གཏོད་རྒྱུའི་ལས་དོན་ལ་ཞིབ་དཔྱད་བྱས་པ་དང་འབྲེལ་བཅོས་སྒྲིག་བྱེད་རོགས་ཀྱང་བྱས་པ་རེད། ཚོགས་སྒྲིག་རྣམ་པའི་སྨན་དོན་མི་སྣ་ཚོས་རང་འགུལ་ངང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གིས་སྒོར་ཁྲི་2ཙམ་རི་བའི་སྨན་བཅོས་ཡོ་བྱད་ཆ་ཚང་60ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་། ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་མཐུན་སྦྱོར་གྱིས་སྒོར་ཁྲི་88རི་བའི་ཁྲག་བརྗེས་འཕྲུལ་འཁོར་4ཞལ་འདེབས་བརྒྱབ་པ། ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་དང་ཀོང་ཏུང་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་བུད་མེད་ཚན་ཁག་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་100བརྩོན་ལེན་བྱས་པ་རེད། ཁོང་ཚོས་རང་ངོས་ཀྱི་ལེགས་ཆ་སྤྱད་དེ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ཉིང་ཁྲི་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པས། ཉིང་ཁྲིར་མི་དེ་བས་མང་བའི་དོ་སྣང་དང་རྒྱབ་སྐྱོར་ཐོབ་ནས། ཀོང་ཏུང་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་ཁ་གཏད་རོགས་སྐྱོར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིངས་པ་རེད།