ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

“ངས་ཆང་རག་གཅོད་ཐུབ་ཀྱང་བོད་དུ་བསྐྱོད་པའི་འདུན་པ་དྲག་པོ་འགོག་མི་ཐུབ”

སྤེལ་དུས 2018-04-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
འདི་ནི་ཀྲུང་ཡང་གིས་ཧྥུའུ་ཏན་སློབ་ཆེན་དུ་སློབ་ཚན་འཁྲིད་བཞིན་པ།
          “ངས་ཆང་རག་གཅོད་ཐུབ་ཀྱང་བོད་དུ་བསྐྱོད་པའི་འདུན་པ་དྲག་པོ་འགོག་མི་ཐུབ། ང་བོད་དུ་མ་བསྐྱོད་ན་སེམས་འཚབ་ཀྱི་འདུག རྟག་ཏུ་བྱ་བ་གང་ཞིག་སྒྲུབ་ཀྱང་སེམས་ཤུགས་མི་འདུག”2015ལོར་ཀླད་རྩ་འགག་ནས་ICU(ནད་ཚབས་ལྕི་བའི་ནད་ཁང)ནད་ཁང་ནས་དོན་ཏེ་ལོ་ཕྱེད་ཕྱིན་པའི་ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་སྙིང་འཕར་ཤུགས་སྐར་མ་རེར་ཐེངས་40ལྷག་ཙམ་ལས་མེད་ཀྱང་སླར་ཡང་བོད་དུ་ཆས། ལོ་16ནི་ཀྲུང་ཡང་ཚེ་སྲོག་གི་གསུམ་ཆ་གཅིག་ཡིན་ལ། ཁོང་གིས་མེས་རྒྱལ་གྱི་གངས་ལྗོངས་ས་མཐོར་སྐྱེས་སུ་ཕུལ་བའི་ལོ་ཟླ་ཡག་ཤོས་ཀྱང་རེད།
          “རྒན་ཀྲུང་ལགས་བོད་ལྗོངས་སློབ་ཆེན་དུ་ཕེབས་རྗེས། ང་ཚོ་ཁྲིད་དེ་ཕྱི་རོལ་དུ་རྟོག་ཞིབ་གནང་བར་ཕེབས། ཁོང་ཁྲག་ཤེད་མཐོ་བའི་ཁར་ས་མཐོར་ཤུགས་ཆེན་མ་འཕྲོད་རུང་ཁོང་གིས་འཁང་ར་གཏན་ནས་གནང་མྱོང་མེད”ཕྱིས་སུ་ཀྲུང་ཡང་གི་སློབ་མར་གྱུར་བའི་བཀྲ་ཤིས་ཚེ་རིང་གིས་ཧྲང་ཧའེ་ནས་ཕེབས་པའི་དགེ་རྒན་ཆེ་མོ་བ་དེས་ཟས་གོས་ལ་དང་དོད་དང་སྣང་བ་གཏན་ནས་འཇོག་གནང་གི་མེད། དུས་ཚོད་དམ་འཛིན་བྱ་ཆེད་ཁོང་གིས་རྒྱབ་ཁུག་ནང་བག་ལེབ་གཉིས་དང་སྐྱུར་ཚལ་ཤོག་ཆག་གཅིག་ལས་མི་བསྣམས་པར་རྡོག་ཐོན་བྱེད་རྐྱང་གནང་གི་ཡོད་ཅེས་བཤད།
          བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཡང་གི་ཉལ་ཁང་དུ་གསར་འགོད་པས་ཁོང་གིས་རི་ཀླུང་མང་པོ་བརྒྱབ་མྱོང་བའི་འགྱིག་ལྷམ་ནག་པོ་དེ་མཐོང་བྱུང་། དེ་པགས་པ་བུད་པ་མ་ཟད། ལྷམ་རྙིང་པ་རྙིང་རྐྱང་དུ་གྱུར་ཡོད་པ་དང་ལམ་ལ་ཆས་དུས་ཉའི་ཁ་གདངས་པ་དང་འདྲ་ལ་ལྷམ་མཐིལ་གྱི་རི་མོ་ཡང་ཟད་ཟིན། ཐེངས་ཤིག་ཁོང་ཧྥུའུ་ཏན་དུ་ལོག་སྐབས་གྲ་སྒྲིག་བྱེད་ལོང་མེད་པར་བྱེད་སྒོར་ཞུགས་དགོས་འཁེལ། དེ་དུས་ལས་རོགས་ཀྱིས་ཁོང་གི་ལྷམ་ལ་ལྟ་བཞིན“རྒན་ཀྲུང་ལགས། ལྷམ་རྙིང་པ་འདི་ད་དུང་གྱོན་རྒྱུ་ཡོད་དམ”ཞེས་ཤོད་པར་ཐལ། མཐར་ལས་རོགས་ཀྱིས་ཁོང་ལ་སློབ་གྲྭའི་སྒོ་ཁ་ནས་སྒོར་100ལྷག་ཙམ་སྤྲད་དེ་ལྷམ་ཆ་གཅིག་ཉོས་པ་རེད།
          ཟས་གོས་ཡག་སྡུག་ལ་སྣང་བ་མེད་པའི་ཀྲུང་ཡང་གི་ཡིད་ལ་རྟག་ཏུ་འཆར་བ་ནི་བོད་ལྗོངས་སློབ་ཆེན་གྱི་ཆེད་དུ་བྱ་བ་བསྒྲུབ་རྒྱུ་དེ་རང་རེད། 2002ལོར་གྲ་སྒྲིག་ཞིབ་ཚགས་བྱས་ཀྱང་ཁོང་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆུང་ཚེ་རིང་མཉམ་ལས་བྱས་ནས་རེ་བ་ཞུས་པའི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩར་ཆོག་མཆན་ཐོབ་མེད། གཏམ་ངན་དེ་ཐོས་སྐབས་ཀྲུང་ཡང་གིས་ཡིད་ཐང་ཆད་ནས་མ་བསྡད་པར“ང་ཚོས་ཕྱི་ལོ་སླར་ཡང་རེ་ཞུ་བྱ་ཆོག”ཅེས་བརྗོད་ནས་ཕྱི་རོལ་དུ་ཡང་སེ་རྟོག་ཞིབ་ཏུ་བསྐྱོད་དེ་ཞིབ་འཇུག་གཏིང་ཟབ་བྱས། ཀྲུང་ཡང་གིས་ཆུང་ཚེ་རིང་གི་སྣེ་ཁྲིད་དེ་ལས་ལ་ཧུར་ཐག་གཞོལ་བ་དང་། སྐབས་རེ་ལ་དུག་ཤུགས་ཆེན་ཕོག་ནས་དབུགས་ཀྱང་གཏོང་དཀའ་བར་གྱུར་ཀྱང་། ཁོང་གིས་གསོ་རླུང་རྔུབ་ཞོར་དུ་ཉིན་མཚན་བལྟོས་མེད་ངང་སྙན་ཞུར་ཞིབ་འཇུག་བྱེད་ཀྱི་ཡོད། 2003ལོར་རེ་ཞུ་ལམ་ལྷོངས་བྱུང་བའི་གཏམ་བཟང་གྲགས། དེ་ནི་བོད་ལྗོངས་སློབ་ཆེན་གྱི་ལོ་རྒྱུས་ཐོག་གི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ཐོག་མ་དེ་རེད།
          ད་ཆ་རྒྱལ་ཁབ་ཀྱི“རྩེ་གྲ་གཉིས”སུ་བདམས་པའི་བོད་ལྗོངས་སློབ་ཆེན་སྣོད་བཅུད་རིག་ཚན་འཛམ་གླིང་ལ་ཕྱོགས་པ་དང་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་མི་རབས་མང་པོའི་ཕུགས་འདུན་གྲུབ། “རྒན་ཀྲུང་ལགས་ཀྱིས་ཆུ་ཚད་མཐོ་བའི་ཚན་ཞིབ་ཤེས་ལྡན་མི་སྣ་ཁག་དང་ཁག་གི་སྣེ་ཁྲིད་གསོ་སྐྱོང་གནང་སྟེ་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པའི་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་བཏོད་ཡོད”ཅེས་བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ལི་ཅུན་ཅེས་བཤད།
          ཀྲུང་ཡང་གིས་སེམས་གཏིང་ནས་བོད་ལ་དགའ་ཞེན་བྱེད། ཁོང་གིས་བོད་གླུ་ལེན་པ་དང་། བོད་ཀྱི་ཆང་རག་འཐུང་བ། བོད་ཆས་གྱོན་པ་མ་ཟད། ད་དུང་ནམ་བཞག་རྒྱུན་ནས་བོད་སྐད་ཉན་སྦྱོང་བྱེད་པ་དང་། ལས་ཀ་བྱེད་ཞོར་དུ་བོད་གླུ་སྐད་གསང་མཐོན་པོས་ལེན་གྱི་ཡོད། དཀའ་བ་ཅན་ལ་དངོས་སྒྲུབ་ཐོབ་ངེས་རེད་ཅེས་པ་ལྟར། བོད་ལ་དད་ཞེན་ཆེ་བའི་རྒན་ཀྲུང་ལགས་ཀྱིས“བོད་སྐད་ཉན་པའི་སློབ་དེབ་ཀྱི་བཞི་ཆ་གཅིག་ངས་གོ་ཐུབ་ཀྱི་འདུག”ཅེས་མི་གཞན་ལ་སྤོབས་པ་ཆེན་པོས་བརྗོད་ཀྱི་ཡོད། ཀྲུང་ཡང་གི་བོད་སྐད་མིང་ལ་བསོད་ནམས་དོན་གྲུབ་ཟེར། ཁོང་ང་ཚོ་དང་ཁ་གྱེས་རུང་ཁོང་གི་གཏམ་རྒྱུད་ད་དུང་གངས་ལྗོངས་ས་མཐོར་ཇི་སྲིད་བར་གནས་ངེས།