ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

དངུལ་རྩའི་དབུལ་སྐྱོར་གྱི“ཉིང་ཁྲིའི་མྱུར་ཚད”

སྤེལ་དུས 2018-06-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
མ་དངུལ་ཉུང་བ་ནས་མང་བའི་བར་དང་། རྒྱབ་སྐྱོར་བྱ་ཡུལ་དུད་ཚང་ནས་ཁེ་ལས་བར། ཞབས་འདེགས་ཞུ་ཡུལ་ངོས་ནས་གཏིང་ཟབ་བར།
              2018ལོ་ནི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་ཀའི་མཐའ་མའི་གདོང་མཆོང་གི་དུས་ཡིན་པ་དང་། ཉིང་ཁྲིའི་དངུལ་རྩའི་ལས་རིགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མི་དམངས་དངུལ་ཁང་དང་། རང་ངོས་ཀྱི་གོང་རིམ་དངུལ་ཁང་། ཉིང་ཁྲི་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་དང་བླང་བྱར་གཞིགས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི“ཉིང་ཁྲིའི་མྱུར་ཚད”ནུས་ཤུགས་ཡོད་རྒུས་བཏོད་པ་རེད།
              དངུལ་རྩའི་དབུལ་སྐྱོར་མ་དངུལ་ཉུང་བ་ནས་མང་བའི་བར་དང་གཏོང་སྤྲོད་མྱུར་ཚད་ཉིན་བཞིན་མགྱོགས་སུ་ཕྱིན་པ། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་ཁང་སྒྲིག་གཞི་ཁག་གིས་བོད་ཀྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས་ཞིང་འབྲེལ་དངུལ་བུན་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་མཉམ་དུ་འཕར་བའི་རྣམ་པ་ཉིན་བཞིན་མངོན་ནས་གཏོང་སྤྲོད་མྱུར་ཚད་ཉིན་བཞིན་མགྱོགས་སུ་ཕྱིན་པ་རེད། 2018ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་གནད་སྨིན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་57.55ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་6.57འཕར་ནས་འཕར་ཚད་12.64%ཟིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་45.44ཟིན་པ་དེ་དུས་མཚུངས་ལས་13.12%འཕར་བ་དང་། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་47.77ཟིན་པ་དེ་དུས་མཚུངས་ལས་61.82%འཕར་ནས་དངུལ་བུན་ཁག་གཉིས་ཀྱི་འཕར་ཚད་ལོ་གོང་མའི་དུས་མཚུངས་ཀྱི་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་རེད།
              དངུལ་རྩའི་དབུལ་སྐྱོར་བྱ་ཡུལ་དེ་དུད་ཚང་ནས་ཁེ་ལས་བར་ཡིན་པ་དང་འཕར་ཚད་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བ། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཉིང་ཁྲིའི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ཁྱབ་ཁོངས་སུ“གསུམ་མདུན་དུ་སྐྱོད་པ་དང་། གསུམ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། བཞི་སྔར་བྱུང་མྱོང་མེད་པ། ལྔ་ལྗོངས་ཡོངས་ཀྱི་ཨང་དང་པོ་ཡིན་པ”བཅས་བྱུང་ནས་ཉིང་ཁྲིའི་དངུལ་རྩའི་ལས་རིགས་ཀྱིས་གསར་གཏོད་བྱེད་ཕོད་པ་དང་། གཞན་གྱི་སྔོན་དུ་སྒྲུབ་ཕོད་པ་བྱུང་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་ཧུར་ཐག་ཞུགས་པའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་ཕྱིན་ཡོད་པ་རེད། ལོ་གཉིས་རིང་ཉིང་ཁྲིའི་དངུལ་རྩའི་ལས་རིགས་ཀྱིས“དུད་ཚང་དུ་སྐྱོད་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་པར་རོགས་སྐྱོར་བྱེད་པ”ནས“ཐོན་ལས་ཀྱིས་དབུལ་ཕོངས་ས་ཁུལ་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་པའི”བར་གྱི་ཕྱོགས་སྒྱུར་རིམ་སྤོར་བྱེད་པ་དང་དངུལ་རྩའི་ལས་རིགས་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཐོན་ལས་དབུལ་སྐྱོར་གྱི་དངུལ་བུན་གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ཚང་མར་གཏོང་སྤྲོད་ཐུབ་པ་དང་རྫོང་དྲུག་དང་ཆུས་གཅིག་ཚང་མར་དོན་འཁྱོལ་ཐུབ་པའི“ཚད་བརྒལ་གཉིས”མངོན་འགྱུར་བྱུང་ཡོད་པ་རེད།
              རྨང་གཞིའི་དངུལ་རྩའི་ཞབས་འདེགས་ཞུ་ཡུལ་ངོས་ནས་གཏིང་ཟབ་ཏུ་ཕྱོགས་ནས་ཁྱབ་ཚད་ཉིན་བཞིན་མགྱོགས་སུ་ཕྱིན་པ། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཉིང་ཁྲིའི་དངུལ་རྩའི་ལས་རིགས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཙུགས་པས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཁྱབ་ཚད་དང་། ཐོབ་ཚད། བློ་ཡིད་ཚིམ་ཚད་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་དངུལ་རྩའི་སྒྲིག་གཞི་15ཡོད་པ་དང་སྒྲིག་གཞིའི་གྲངས་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། དངུལ་རྩའི་སྒྲིག་གཞིའི་དྲ་ཚིགས་79ཟིན་ནས་གྲོང་ཁྱེར་ཡོངས་སུ་ཞིང་སྐྱོར་དངུལ་ལེན་གྱི་ཞབས་ཞུའི་ས་ཚིགས་625བསྐྲུན་ཡོད་པས་ཤང་གྲོང་གི་རིམ་པ་དང་པོའི་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་ཐུབ་ཡོད། “ཀླུ་ནང་གི་དངུལ་རྩའི་ཞབས་ཞུའི་དཔེ་སྟོན་ཁུལ”ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་བོད་ཀྱི་སྣོད་བཅུད་ཡུལ་སྐོར་གྱི་དངུལ་རྩའི་ཞབས་ཞུར་རྣམ་པ་གསར་རྐྱང་གི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་ཐུབ་ཡོད་པ་རེད། ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུཌ་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་དབུལ་ཕོངས་ས་ཁུལ་གྱི་ཞིང་འབྲོག་མང་ཚོཌ་ཀྱི་དྲང་བདེན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བས་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་དངུལ་རྩའི་མཉམ་འགུལ་ཡག་པོ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།
              དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གནད་སྨིན་ནས་ཆེད་ལས་སུ་གྱུར་ཏེ་ཁྱབ་གདལ་གཏོང་ཚད་ཉིན་བཞིན་མཐོ་རུ་ཕྱིན་པ། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་ལས་རིགས་ཀྱིས་ཉིང་ཁྲིའི་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་དངུལ་རྩའི་དབུལ་སྐྱོར་གྱི་ཐོན་རྫས་དང་ཞབས་ཞུ་བློ་ཁོག་ཆེན་པོས་གསར་གཏོད་བྱེད་པ་དང་གསར་དར་ལས་སྒོ་ཉིང་ཁྲིར་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་རང་འགུལ་ངང་བརྩོན་ལེན་བྱས་ཏེ་ཐོན་རྫས་གསར་པ་དང་ཞབས་ཞུ་གསར་པ་གོམ་གང་སྔོན་ལ་སྤོས་ནས་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད་པ་རེད། མིག་སྔར་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་གསར་གཏོད་དང་ཞིབ་སྤེལ་བྱས་པའི་གནད་སྨིན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་དང་འགན་བཅོལ་གྱི་ཆེད་གཏོགས་ཐོན་རྫས་ཁྱོན་8ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་བདེ་བླག་ངང་སྤེལ་རྒྱུར་ཐོན་རྫས་ཀྱི་གཞི་རྟེན་མཁོ་འདོན་བྱས་ཡོད་པ་རེད།