ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

བོད་ཤར་རྒྱུད་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྤྲོ་སེམས་ཀྱིས་ཁེངས་པ། —— བོད་ལྗོངས་ཆབ་མདོའི་དབུལ་སྒྲོལ་གྱི་འཐབ་ས་དང་པོར་ལྟ་ཞིབ་བྱས་པའི་སྐོར།

སྤེལ་དུས 2018-12-24 ཡོང་ཁུངས། མི་དམངས་ཉིན་རེའ་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
            བོད་ཤར་རྒྱུད་དུ་རི་བོ་གཅིག་ལ་གཅིག་ཏུ་འབྲེལ་ཞིང་རི་ཀླུང་ཡོངས་ལ་ཁ་བའི་གོས་བཟང་བཀླུབས། ཆབ་མདོ་གྲོང་ཁྱེར་གྱི་བྲག་ཆུའི་ཤར་ངོགས་སུ་མདའ་རོ་གྲོང་ཚོ་ནས་ཡིན་པའི་འཇམ་དབྱངས་ལྷ་མོ་དང་ཁོ་མོའི་ལས་རོགས་གཉིས་རྩམ་པ་ལས་སྣོན་བཟོ་གྲྭར་ལས་ལ་བྲེལ་བཞིན་མཆིས།
            གསར་འགོད་པས་ཉེ་ཆར་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་317བརྒྱུད་ནས་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་བསྐྱོད། དེ་ནི་རི་སྐེད་ནས་སྤོས་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད། “དེ་སྔོན་འཚོ་བ་གནམ་ཆུ་སྒུག་ནས་འཕྱིད་ཐབས་བྱེད་དགོས་ཤིང་། གློག་མེད་ལ་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་100ཚང་མ་སྤྱི་ལེ་གཅིག་ཆོད་པའི་སར་ཆུ་ལེན་པར་འགྲོ་དགོས་པ་དང་ཕྱོགས་ལ་ཐོན་སྐབས་ཀྱང་རྟ་བཞོན་འགྲོ་དགོས་པར་བརྟེན། དེ་ནི་ཤང་དེ་ཡོངས་ཀྱི་གྲོང་ཚོ་དབུལ་ཤོས་ཤིག་ཡིན”ཞེས་འཇམ་དབྱངས་ལྷ་མོས་བཤད།
            “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་ང་ཚོས་ཁུལ་དེའི་ལེགས་ཆ་སྤྱད་ནས་ཕྱུག་འགྱུར་འཇོན་ཐང་ཅན་གྱི་སྣེ་ཁྲིད་འོག་རྩམ་པ་ལས་སྣོན་བཟོ་གྲྭ་དང་། ཞིང་འབྲོག་པའི་ཨར་ལས་རུ་ཁག རྡོ་གཤགས་བཟོ་གྲྭ ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་སོགས་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་དངོས་ཚན་གཉེར་ཡོད། 2017ལོར་གྲོང་ཚོ་དེ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་512དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.1ཟིན་པའི་ནང་དངུལ་སྨར་ཡོང་འབབ་སྒོར་8000ཙམ་ཟིན་ཡོད”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་བཀྲ་ཤིས་ཀྱིས་བཤད།
            འཕྲེད་རྒྱུག་རི་ཁུལ་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡན་ཟིན་པའི་ཆབ་མདོ་གྲོང་ཁྱེར་ནི་ཇ་རྟའི་ཚོང་ལམ་གྱི་དངོས་ཟོག་བསྡུ་འགྲེམས་ལྟེ་གནས་ཤིག་ཡིན་ཞིང་། ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10.8ཟིན་པ་དང་ཁྱོན་མི་འབོར་ཁྲི་78ཡོད། དེ་ཁུལ་ནི་ས་ཁོད་མི་སྙོམས་པ་དང་། ས་རྒྱུ་ཉམས་ཞན། འཚོ་གནས་ཀྱི་ཆ་རྐྱེན་ཞན་པ་བཅས་ཡིན་སྟབས་བོད་ཀྱི་དབུལ་པོར་འགྱུར་ཚད་མཐོ་ཤོས་དང་། དབུལ་སྐྱོར་མ་གནས་མཐོ་ཤོས་བཟུང་བ། དབུལ་པོ་དབུལ་ནག་ཡིན་པ། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ས་ཁོངས་ཞིག་རེད།
            རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་ནུས་ཤུགས་ཆེན་པོ་བཏོན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གྲོང་ཁྱེར་དེ་ཡོངས་ཀྱིས་དུད་ཚང་ཁྲི་2ཡི་མི་འབོར་དབུལ་པོ་ཁྲི་10.3ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྩིས་ཡོད་པ་དང་དུད་ཚང་ཁྲི་1.2ཡི་མི་ཁྲི་5.7སྡོད་ཁང་གསར་པར་སྤོས་ཡོད། 2016ལོ་ཚུན་དུ། རིམ་བརྩིས་བྱས་ན་ཡུལ་གཞན་དུ་གནས་སྤོའི་མ་དངུལ་སྒོར་དུང་ཕྱུར་62དོན་འཁྱོལ་དང“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པའི”གནད་དོན་ཐག་གཅོད་བྱས་ཡོད།
            དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་ཤིན་ཏུ་དབུལ་བའི་ས་ཁུལ་དང་མི་འབོར་དབུལ་པོར་དམིགས་ཏེ། “གང་བྱུང་ཆུ་འདྲེན”ནས“གནད་སྨིན་ཆུ་འདྲེན”དུ་ཁ་ལོ་བསྒྱུར་བ་དང་ཡུལ་བབ་དང་བསྟུན་ནས་ལེགས་ལྡན་ཐོན་ཁུངས་གསར་སྤེལ་དང་། ཁྱད་ལྡན་སྒོ་ཕྱུགས་ཐོན་རྫས་ལས་སྣོན། ཚོང་དོན་འགྲོ་རྒྱུག་ལས་རིགས་སོགས་དུད་ཚང་དབུལ་པོར་འབབ་འཕར་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་བ་མ་ཟད། རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཡང་རིམ་བཞིན་ཆེ་རུ་བཏང་ཡོད།
            ལྟོ་གོས་འཛོམས་པའི་དབུལ་སྐྱོར་དེ་འཕེལ་རྒྱས་རྣམ་པའི་དབུལ་སྐྱོར་ལ་བསྒྱུར་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་མུ་མཐུད་སྐྱེད་སྲིང་བྱས་ཡོད། གོ་འཇོ་རྫོང་ལ་དམིགས་བསལ་ཡོད་པའི་ངག་དབང་ལུག་ནི་ཤ་ཤེད་རྒྱས་ལ་རོ་བཅུད་ཆེ་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་རགས་ལས་རྣམ་པའི་འཚོ་སྟངས་ལས་དེའི་གྲངས་ཚད་ཉུང་དུ་འགྲོ་གི་ཡོད། ཉེ་བའི་ལོ་ཤས་རིང་། གོ་འཇོ་དང་སྨར་ཁམས་སོགས་རྫོང་གིས་ཀུང་སི་དང་། རྟེན་གཞི། དུད་ཚང་དབུལ་པོ་སོགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རྒྱུད་པ་ལེགས་བཅོས་དང་གསོ་སྤེལ་རྒྱ་ཆེར་བཏང་བ་བརྒྱུད། མིག་སྔར་གོ་འཇོ་རྫོང་ཁོ་ནར་ཆེད་ལས་ཀྱི་གསོ་ཚགས་གྲོང་ཚོ་19དང་ཆེད་ལས་ཀྱི་མཉམ་ལས་ཁང་4ཡོད་པ་དེས་དུད་ཚང་6000ལྷག་ཙམ་གྱི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་ཐུབ་ཡོད།
            2016ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་དབུལ་པོ་མི་གྲངས་ཁྲི་7.2ཉུང་དུ་བཏང་བ་དང་། དབུལ་པོར་གྱུར་ཚད་24.9%ནས་17.3%བར་ཆག་པ། གྲོང་ཚོ་དབུལ་པོ་490དབུལ་སྒྲོལ་བྱུང་ཡོད། འདི་ལོའི་ཟླ་9པར་རི་བོ་ཆེ་དང་སྟེང་ཆེན་རྫོང་གཉིས་པོ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཆེད་དོན་ཚོད་སྐོར་ཞིབ་བཤེར་གྱི་ཚད་ལོན་པ་དང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱེད་པའི་ཆ་རྐྱེན་འཛོམས་ཡོད། 2018ལོར་ཆབ་མདོ་གྲོང་ཁྱེར་གྱིས་མི་དབུལ་པོ་ཁྲི་4.1ཉུང་དུ་གཏོང་བ་དང་གྲོང་ཚོ་དབུལ་པོ་209དབུལ་སྒྲོལ་ཐུབ་པ་བྱེད་རྩིས་ཡོད་ཅེས་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་ཕོས་ངོ་སྤྲོད་བྱས།