ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

སྤྱི་ཕན་དེབ་ཁང་གིས་གྲོང་ཁྱེར་དུ་ཡོད་པའི་གྲོང་གསེབ་ཀྱི་བྱིས་པར་དཔེ་ཀློག་གི་སྟབས་བདེ་བསྐྲུན་པ།

སྤེལ་དུས 2018-12-24 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                ཟླ་12ཚེས་22ཉིན། ཧྲའན་ཤིས་ཞིང་ཆེན་བཟོ་གྲོགས་ཚོགས་པས་སྤྱི་ཕན་གྱི་གྲབས་དངུལ་གསོག་པ་དང་འོས་འགན་ངང་གྱོན་ཆས་དང་མཁོ་ཆས་བཙོངས་ནས་མ་དངུལ་བསྡུ་རུབ་བྱས་ཏེ་བཙུགས་པའི་སྤྱི་ཕན་དེབ་ཁང་དེ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཁྲང་ཨན་ཆུས་ཁྲང་ལི་གྲོང་ཚོར་ཕྱི་ཕྱོགས་སུ་སྒོ་ཕྱེ་ཡོད། དེབ་ཁང་དེ་བཙུགས་པའི་དམིགས་ཡུལ་ནི་གྲོང་ཁྱེར་དུ་ཡོད་པའི་གྲོང་གསེབ་ཀྱི་ཕྱོགས་མི་བྱིས་པར་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་ཕྲུ་གུ་ཚོས་སྤྱི་ཕན་དེབ་ཁང་ནས་དཔེ་དེབ་གཡར་བ་དང་། ལྟ་ཀློག་བྱེད་པ། སྦྱོང་ཚན་འབྲི་བ་བཅས་ཐུབ་པ་མ་ཟད། གཟའ་མཇུག་ཏུ་ད་དུང་རིན་མེད་ཀྱི་སྤྲོ་སྣང་འཕེལ་བའི་སློབ་ཚན་ལ་ཞུགས་ཆོག་པ་དེས་ཕྱོགས་མི་བྱིས་པ་སྔར་བས་ལེགས་པའི་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་ཐུབ་ཅིང་། འདི་ནི་བྱིས་པ་གཉིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཁྲང་ཨན་ཆུས་ཁྲང་ལི་གྲོང་ཚོའི་སྤྱི་ཕན་དེབ་ཁང་དུ་དཔེ་དེབ་བལྟ་བཞིན་པ།