དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ལོ་བཅུའི་རིང་པེ་ཅིང་གིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱས་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་26ལྷག་ཙམ་བཏང་བ།

སྤེལ་དུས 2020-04-20 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          འདི་ལོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡོམ་འགོག་གེགས་སེལ་བྱས་ནས་ལོ་10འཁོར་བའི་ལོ་དང་པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་10འཁོར་བའི་ལོ་ཞིག་རེད། གསར་འགོད་པར་ཚེས་13ཉིན་པེ་ཅིང་གི་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ལོ་10ཡི་རིང་པེ་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་26.6བཏང་ནས་ཡུལ་ཤུལ་ཀྲོའུ་ཡི་མི་འབོར་དབུལ་པོ་ཁྲི་19ལྷག་ཙམ་དབུལ་སྒྲོལ་ཐུབ་པར་རམ་འདེགས་བྱས་པ་རེད། 
          2010ལོའི་ཡུལ་ཤུལ་གྱི“4.14”ས་ཡོམ་ཐོན་རྗེས་པེ་ཅིང་གྲོང་ཁྱེར་འཕྲལ་མ་ཉིད་དུ་ཡུལ་ཤུལ་གྱི་གེགས་རྗེས་བསྐྱར་སྐྲུན་ཁྲོད་ཞུགས་པ་དང་འབྲེལ། 2010ལོའི་ཟླ་6པར་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་དཔལ་འབྱོར་མཉམ་ལས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་བཙུགས་ནས། པེ་ཅིང་གིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ལོ་བཅུ་ཡི་རིང་ཁག་བཞི་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་པ་176སྔ་རྗེས་སུ་ཡུལ་ཤུལ་གྱི་བྱ་གཞག་ཁག་འཛུགས་སྐྲུན་བྱེད་པའི་ཁྲོད་མངགས་པ་དང་། རིམ་རྩིས་བརྒྱབ་ན། ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་26.6བཏང་བ་དང་རིགས་ཁག་གི་རོགས་སྐྲུན་རྣམ་གྲངས་319ལག་བསྟར་བྱས་ཏེ་ཡུལ་ཤུལ་ཀྲོའུ་ཡི་མི་འབོར་དབུལ་པོ་ཁྲི་19ལྷག་ཙམ་དབུལ་སྒྲོལ་ཐུབ་པར་རམ་འདེགས་བྱས་པ་རེད། 
          ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་སྐབས་དམངས་འཚོ་དང་། སྨན་བཅོས། སློབ་གསོ། ཐོན་ལས་དབུལ་སྐྱོར་སོགས་ཀྱི་ཁྱབ་ཁོངས་མང་པོར་གཙོ་གནད་དུ་དོ་ཁུར་བྱས་པ་དང་། ལོ་བཅུ་ཡི་རིང་ཡུལ་གཞན་དུ་གནས་སྤོ་སོགས་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཁྱོན་དུད་ཚང་དབུལ་པོ་2484དང་མི་7860ཡི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་རེད། ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་བྱས་པ་བརྒྱུད་ཡུལ་ཤུལ་ཀྲོའུ་ཡི་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཐོག་མ་དེ་གསར་སྐྲུན་བྱས་པ་དང་། ཡུལ་གཞན་དུ་འཛིན་གྲྭ་འཛུགས་པ་དང་། ཡུལ་གཞན་དུ་སློབ་གྲྭ་འཛུགས་པ། ཡུལ་གཞན་དུ་གསོ་སྐྱོང་བྱེད་པ་བཅས་བརྒྱུད། ཡུལ་ཤུལ་གྱི་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ཐོན་ཁུངས་མི་འདང་བའི་ཞན་ཆ་ནུས་ལྡན་བསལ་བ། ཁྱད་ལྡན་ཐོན་ལས་འཛུགས་པ་དང་སྣེ་འདྲེན་ཁེ་ལས་གསར་སྤེལ་བྱས་པ་བརྒྱུད་འབྲི་གཡག་དང་། ནས་ནག བོད་ལུག་བཅས་ཐོན་ལས་ཆེན་པོ་གསུམ་གྱི་ཐོན་ལས་འཁོར་སྦྲེལ་གྲུབ་ནས་ཡུལ་ཤུལ་ཀྲོའུ་ཡི་གྲོང་ཁྱེར་གཅིག་དང་རྫོང་5བདེ་བླག་ངང་དབུལ་ཞྭ་འབུད་པའི་ལས་འགན་ལེགས་གྲུབ་བྱུང་བ་རེད།