ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

པེ་ཅིང་སློབ་ཆེན་དང་ཆིན་ཧྭའི་བར་མཐོ་རྒྱུགས་སྐར་མ་མཐོ་བའི་སློབ་མ་བསྡུ་བའི་ཆེད་ཁ་རྩོད་བྱུང་།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། བཀྲ་ཤིས་འཚོ།
            པེ་ཅིན་སློབ་ཆེན་དང་ཆིན་ཧྭའི་སློབ་བསྡུའི་ཚན་ཆུང་གི་པོད་འཕྲིན་དུ་ཕ་རོལ་བས་སྒོར་འཕངས་ཏེ་སྐར་གྲངས་མཐོ་བའི་སློབ་མ་འཕྲོག་འདུག་ཞེས་ཕན་ཚུན་བར་དུ་རྩོད་གླེང་གི་རྣམ་པ་བྱུང་།

           ༢༠༡༥ ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་རེ་རེ་བཞིན་མར་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། མཐོ་རིམ་སློབ་གྲྭའི་སློབ་བསྡུའི་བྱ་བའང་རིམ་གྱིས་སྤེལ་འགོ་ཚུགས། ཀྲུང་གོའི་རྒྱལ་ནང་གི་སྐད་གྲགས་ཆོད་པའི་སློབ་ཆེན་ཏེ་པེ་ཅིང་སློབ་ཆེན་དང་ཆིན་ཧྭའི་སློབ་བསྡུའི་ཚན་ཆུང་གིས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་སྐར་གྲངས་མཐོན་པོ་ལོན་པའི་སློབ་མ་འཕྲོག་འགོ་བརྩམས།

           ཉིན་འགའི་སྔོན། ཀོང་ཏུང་ཞིང་ཆེན་གྱི་རྩིས་ཚན་ཕྱོགས་ཀྱི་སྐར་མཐོའི་སློབ་མ་ཡེ་ཐུང་ཞེས་པ་དེ་བསྡུ་ལེན་བྱེད་ཆེད། པེ་ཅིན་སློབ་ཆེན་གྱི་སློབ་བསྡུའི་བྱ་བ་སྤེལ་མཁན་གྱི་དགེ་རྒན་གཉིས་དང་ཆིན་ཧྭ་སློབ་ཆེན་གྱི་སློབ་བསྡུའི་བྱ་བ་སྤེལ་མཁན་གྱི་དགེ་རྒན་ཅིག་གི་བར་དུ་འགལ་བ་ལྷུང་། ཚེས ༢༧ ཉིན། པོད་ཕྲན་སྟེང་ནས་པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་གྱི་སི་ཁྲོན་ཞིང་ཆེན་སློབ་བསྡུའི་ཚན་ཆུང་བར་རྩོད་གླེང་གི་རྣམ་པ་བྱུང་བ་དང་། ཕན་ཚུན་ནས་ཕ་རོལ་བས་སྒོར་འཕངས་ཏེ་རང་ཕྱོགས་ཀྱི་སྐར་མཐོའི་སློབ་མ་ཕྲོགས་སོང་ཞེས་བརྒྱུད་འགོད་བྱས་འདུག

            ཚེས ༢༨ ཉིན་གྱི་ཞོགས་པར། དངོས་མིང་ནས་ཐོ་འགོད་བྱས་འདུག་པའི་པེ་ཅིང་སློབ་ཆེན་གྱི་སི་ཁྲོན་ཞིང་ཆེན་སློབ་བསྡུའི་ཚན་ཆུང་གིས་པོད་ཕྲན་དུ། "སློབ་གྲྭ་ག་གེ་མོའི་སློབ་བསྡུའི་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་རྩིས་ཚན་གྱི་སྐར་གྲངས་མཐོ་བའི་སློབ་མར་རེ་རེ་བཞིན་ཁ་པར་བཏང་ནས། པེ་ཅིང་སློབ་ཆེན་གྱིས་ཁོ་ཚོར་མགོ་སྐོར་བཏང་འདུག་སྟེ། སློབ་མའི་འདོད་མོས་ལྟར་ཆེད་ལས་བདམས་མི་ཆོག་པའི་སྐོར་ལབ་འདུག་པ་ལ་གཤམ་གྱི་གསལ་བཤད་བཀོད་པ་ཡིན། གཅིག སློབ་བསྡུའི་ཚན་ཆུང་གིས་ཁས་ལེན་བྱས་པའི་ནང་དོན་དག་འགྱུར་མི་སྲིད་པ་དང་། མིག་སྔར་ཆེད་ལས་རེ་རེར་བསྡུ་བའི་སློབ་མའི་ཁ་གྲངས་ལུགས་མཐུན་ཡིན་པས་སློབ་མའི་འདོད་མོས་སྐོང་ངེས་ཡིན་པ། གཉིས། མ་གཞིར་ཉེ་བའི་ལོ་ངོ་ལྔའི་ནང་། ཏག་ཏག་སློབ་གྲྭ་ག་གེ་མོས་རང་ཉིད་ཀྱི་ཁས་ལེན་བྱས་པ་དག་དོན་འཁྱོལ་བྱས་མི་འདུག་པས། ངེད་པེ་ཅིན་སློབ་ཆེན་གྱི་སློབ་མ་གསར་བར་འཕུང་དཀྲུག་མི་འཕེན་པར་གནང་།"ཞེས་བཀོད་འདུག

           པོད་ཕྲན་དེ་བཀོད་རྗེས། ཆིན་ཧྭ་སློབ་ཆེན་གྱི་སི་ཁྲོན་ཞིང་ཆེན་སློབ་བསྡུའི་ཚན་ཆུང་གིས་ཀྱང་དེ་ལ་ལན་བརྒྱབ་འདུག་པ་དེ་རུ། པེ་ཅིང་སློབ་ཆེན་སློབ་བསྡུའི་ཚན་ཆུང་གིས་ཆིན་ཧྭ་བདམས་ཟིན་པའི་རིག་ཚན་གྱི་སློབ་མ་གཉིས་ནས་གསུམ་ལ་འཕུང་དཀྲུག་བཟོས་ཏེ་སྒོར་མང་པོ་འཕངས་ནས་འཕྲོག་འདོད་པ་རེད་ཅེས་བསྟན་འདུག

            དེ་ནས་ཡང་པེ་ཅིང་སློབ་ཆེན་སློབ་བསྡུའི་ཚན་ཁག་གིས་དེ་མ་ཐག་ལན་བསློགས་འདུག་པ་སྟེ། "སྤུན་ཟླ་ལགས། འདས་པའི་ལོ་ལྔའི་ནང་ཁྱེད་ཚོས་སྒོར་འཕངས་ཏེ་སློབ་མ་སྐོར་ཞིག་ཉོས་པ་ང་ཚོས་བཤད་དགོས་པ་ཨེ་རེད། ཡང་བསྐྱར་བཤད་འདོད་པ་ཞིག་ལ་འདིར་སྐར་མཐོན་པོ་འཁྱེར་ནས་སྒོར་གླེང་མཁན་ལ་ལམ་བུ་གཏན་ནས་མེད་དོ"ཞེས་བརྒྱུད་འགོད་བྱས་པ་རེད།

            མཇུག་མཐར། པེ་ཅིང་སློབ་ཆེན་སློབ་བསྡུའི་ཚན་ཆུང་གིས་གཤམ་གྱི་གྲོས་གཞི་བཞི་བཀོད་འདུག་པ་སྟེ། གཅིག ལྷག་བསམ་རྣམ་དག་གིས་སློབ་མར་ཞབས་ཞུ་སྒྲུབ་པ། མགོ་མི་བསྐོར་ལ་ངན་མི་བཤད་པ། གཉིས། སློབ་མ་རང་ཉིད་ཀྱི་འདོད་མོས་ལ་བརྩི་མཐོང་བྱེད་པ། སློབ་གྲྭ་དང་ཁྱིམ་བདག་བཅས་ཀྱིས་སློབ་མར་གནོན་ཤུགས་མི་བསྐྲུན་པ། གསུམ། སྒྲིག་ལམ་བརྩི་སྲུང་བྱེད་པ། རྒྱུགས་ཞུགས་སློབ་མ་རེ་རེར་ཚུལ་ལྡན་འདྲ་མཉམ་ངང་སྣེ་ལེན་བྱེད་པ། སྐར་མཐོན་པོར་གཞིགས་ནས་རིན་གོང་ལེན་པའི་རིགས་ལ་བཀག་འགོག་བྱེད་དགོས་པ་བཅས་སོ། །

            མིག་སྔར། སློབ་ཆེན་དེ་གཉིས་ཀྱིས་པོད་འཕྲིན་སྟེང་བཀོད་པའི་འབྲེལ་ཡོད་ཀྱི་འཕྲིན་དེ་དག་བསུབས་འདུག ཆིན་ཧྭ་སློབ་ཆེན་གྱི་སི་ཁྲོན་ཞིང་ཆེན་སློབ་བསྡུའི་ཚན་ཆུང་གིས་ཡང་བསྐྱར"རང་ཚན་ཆུང་གིས་རྗེས་མར་སྐྱེས་བུ་དམ་པས་གཞན་ཀྱི་རྐྱེན་པས་མདོག་མི་འགྱུར་བ་དང་རང་ཚུགས་མི་ཤོར་བར་བྱ། "ཞེས་པའི་འཕྲིན་གསར་ཅིག་བཀོད་འདུག 
 
           ཅིན་ཧྭ་དུས་གསར་ཚགས་པར་ཁང་གིས་བཀོད་པ་ལྟར་ན། པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་གྱིས་ཐེངས་འདིའི་དོན་རྐྱེན་ལ་ལན་སྤྲད་འདུག་པ་དང་། པེ་ཅིང་སློབ་ཆེན་གྱི་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། སློབ་བསྡུའི་མི་སྣ་རེ་འགའི་ཚུལ་ལྡན་མ་ཡིན་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རྗེས་མར་དོན་རྐྱེན་འདི་འདྲ་མི་འབྱུང་བར་བྱེད་དགོས་ལ། སློབ་མ་རེ་རེས་རང་ཉིད་དང་འཚམ་པའི་སློབ་གྲྭ་འདེམས་ཐུབ་པ་བྱེད་དགོས་ཚུལ་བསྟན། ཡང་ཆིན་ཧྭ་སློབ་ཆེན་གྱིས་བསྟན་དོན། འབྲེལ་ཡོད་དོན་རྐྱེན་ལ་ཁྲིམས་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱས་ཡོད་པ་དང་། འབྲེལ་ཡོད་མི་སྣར་པོད་ཕྲན་དེ་དག་མེད་པར་བཟོ་རུ་བཅུག་ལ། སློབ་བསྡུའི་ཚན་ཆུང་གིས་མུ་མཐུད་ནས་གནས་ཚུལ་ལ་བཅར་འདྲི་བྱེད་དགོས་ལ། ཕྱོགས་ཡོངས་ནས་སློབ་མའི་མོས་འདུན་ལ་རྒྱུས་ལོན་བྱས་ནས་སློབ་མ་དང་ཁྱིམ་བདག་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས་སོ་ཞེས་བསྟན། །