ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ཀྲུང་གོའི་མི་དམངས་སློབ་ཆེན་གྱི་འབུམ་རམས་པའི་སློབ་ཡུན་ལོ་བཞི་རུ་བསྒྱུར།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། བདེ་སྐྱིད།
          ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ ༦ པའི་ཚེས ༢༦ ཉིན་པེ་ཅིང་ནས་གློག་འཕྲིན་བཏང་བ་ལྟར་ན།  ཉེ་ཆར་གསར་འགོད་པས་ཀྲུང་གོའི་མི་དམངས་སློབ་ཆེན་དུ་གནས་ཚུལ་རྒྱུས་ལོན་བྱུང་བར།  འབུམ་རམས་པའི་གསོ་སྐྱོང་ལ་ཤུགས་སྣོན་ཕྱིར ༢༠༡༥ ལོའི་འབུམ་རམས་པའི་སློབ་མ་གསར་བ་དག་ནས་དབུ་བརྩམས་ཏེ།  ཀྲུང་གོའི་མི་དམངས་སློབ་ཆེན་གྱི་འབུམ་རམས་པའི་གཞི་རྩའི་སློབ་ཡུན་ལོ་གསུམ་ཡིན་པ་དེ་ལོ་བཞི་རུ་ནར་འགྱངས་བྱ་རྒྱུ་ཡིན་པ་དང་།  ཆེས་རིང་ན་ལོ་དྲུག་གི་ནང་མཐར་ཕྱིན་རྒྱུའོ། །

           ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་ཝུའུ་ཞའོ་ཆུག་གིས་བསྟན་དོན།  འབུམ་རམས་པའི་རྩ་བའི་སློབ་ཡུན་དེ་ལོ་གསུམ་ནས་ལོ་བཞི་རུ་བསྒྱུར་བའི་རྒྱུ་རྐྱེན་ནི།  འབུམ་རམས་པ་ཚོར་སློབ་སྐབས་ཀྱི་མཚམས་ནས་རྒྱལ་ཕྱིར་འགྲིམ་སྟེ་ལོ་ཕྱེད་ཅིག་གམ་ལོ་གཅིག་རིང་མཉམ་འབྲེལ་གསོ་སྐྱོང་ལ་ཞུགས་པའམ་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ལ་ཞུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་ཆེད་ཡིན་པ་མ་ཟད།  འབུམ་རམས་ཞིབ་འཇུག་སློབ་མ་ཚོའི་རྒྱལ་སྤྱིའི་མཐོང་སྣེ་ཁོད་ཇེ་ཡངས་དང་རིག་གཞུང་ཆུ་ཚད་མཐོར་འདེགས་གཏོང་ཆེད་ཀྱང་ཡིན་ཟེར།

          རྒྱུས་ལོན་བྱུང་བ་ཡིན་ན།  མི་དམངས་སློབ་ཆེན་གྱིས་འབུམ་རམས་པར་རྒྱལ་ཁབ་ཀྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས་དང་པེ་ཅིང་གྲོང་ཁྱེར་གྱི་མཉམ་སྐྱོང་རྟེན་གཞིའི་རྣམ་གྲངས།  སློབ་གྲྭ་དང་སློབ་གླིང་གི་སློབ་མ་བརྗེ་རེས་ཀྱི་རྣམ་གྲངས།  འགྲོ་སོང་རང་འཁུར་གྱི་ཕྱིར་འགྲིམ་སློབ་མ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས།  ཕྱི་རྒྱལ་གྱི་སློབ་ཆེན་རྩེ་གྲས་དག་ཏུ་སློབ་སྦྱོང་ལ་འགྲོ་བར་སྐུལ་མ་དང་རྒྱབ་སྐྱོར་གནང་གིན་ཡོད་པ་ལ།  སློབ་གྲྭའི་རིག་གཞུང་གི་ཐོན་ཁུངས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་ཀྱིས་རྒྱལ་ཕྱིའི་མཉམ་ལས་ལ་ཤུགས་བསྣན་ཏེ།  འབུམ་རམས་པར་མཉམ་སྐྱོང་གི་གོ་སྐབས་གསར་གཏོད་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད་འདུག 

     ཁ་བྱང་ཕྱི་མོ། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་འབུམ་རམས་པའི་སློབ་ཡུན་ལོ་བཞི་རུ་བསྒྱུར།