ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

བོད་ལྗོངས་ཀྱི་སློབ་ཁུངས་མིན་པའི་སློབ་མ་རྗེས་ཕྱོགས་བོད་ལྗོངས་ཀྱི་གཞུང་རྒྱུགས་ལ་ཞུགས་མི་ཆོག་པ་རེད།

སྤེལ་དུས 2017-08-24 ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། གཡང་སྒྲོལ།
          ཟླ་དྲུག་པ་ནི་མཐོ་རྒྱུགས་སྤྲོད་པའི་དུས་ཡིན་ལ།  སློབ་བུ་དག་གིས་མི་ཚེའི་བགྲོད་ལམ་ལ་གདམ་ག་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད།  མིག་སྔར།  བོད་ལྗོངས་ཀྱི ༢༠༡༥ ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་བའི་ལས་ཀ་དུས་ཚོད་ལྟར་སྤེལ་སྒང་ཡིན་ལ།  ཚོད་དཔག་ལྟར་ན་ཟླ་འདིའི་ཟླ་སྨད་ཙམ་དུ་རྒྱུགས་སྐར་ཕྱི་རུ་བསྒྲགས་ཐུབ་ཅིང་། མཐོ་རྒྱུགས་ཀྱི་རེ་ཞུའི་རེའུ་མིག་སྐོང་བའི་ལས་རིམ་ཡང་དེ་དང་མཉམ་དུ་འགོ་བརྩམ་རྒྱུ་རེད།

         ཕྱིས་འབྱུང་གཞུང་ཞབས་པའི་རྒྱུགས་ལ་གཞོལ་འཆར་ཡོད་པའི་སློབ་བུ་རྣམས་ལ་མཚོན་ན། བོད་རང་སྐྱོང་ལྗོངས་གཞུང་ཞབས་པ་ཅུས་ཀྱིས།  རེ་ཞུའི་རེའུ་མིག་སྐོང་དུས་ངེས་པར་དུ་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གིས་བསྒྲགས་པའི་སློབ་བསྡུའི་འཆར་གཞིའི་རིགས་ཀྱི་སློབ་གྲྭ་ལྟར་རེའུ་མིག་སྐོང་ཚེ། ད་གཟོད་བོད་ལྗོངས་ཀྱི་སློབ་ཁུངས་སུ་བརྩི་ཞིང་།  རྗེས་ཕྱོགས་བོད་ལྗོངས་ནང་ཁུལ་གྱི་གཞུང་ཞབས་པའི་ཡིག་རྒྱུགས་ལའང་ཞུགས་ཆོག་པ་ཀུན་ལ་གསལ་འདེབས་གནང་ཡོད།  དེ་བཞིན་དུ་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གི་ལས་སྣེ་བས་ངོ་སྤྲོད་ལྟར་ན།  "དྲ་བའི་སློབ་གསོ་དང་།  དར་མའི་སློབ་གསོ།  རང་སྦྱོང་སློབ་གསོ་བཅས་ནི་མཐོ་རིམ་སློབ་གསོའི་རྣམ་པ་ཞིག་ཡིན་ནའང་།  དེ་ནི་སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་བསྡུར་ན་ཧེ་བག་ཡོད་དེ།  སློབ་མ་དང་ཁྱིམ་བདག་དག་ལ་སློབ་བསྡུའི་བརྡ་ཐོ་འབྱོར་རྗེས།  ངེས་པར་དུ་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གིས་དམིགས་བཙུགས་ཀྱི་བཤེར་འཚོལ་ཐབས་ལམ་བརྒྱུད་སློབ་བསྡུའི་ཆ་འཕྲིན་ལ་གཤིབ་བསྡུར་ར་སྤྲོད་བྱས་ཏེ།  སློབ་བསྡུའི་སློབ་ཆེན་དེ་གའི་སློབ་གཉེར་གྱི་རིགས་ལ་རྩད་གཅོད་ལེགས་པོ་བྱེད་པ་ལས་གཡོ་འོག་ཏུ་ཚུད་པར་ཡིད་གཟབ་བྱ་དགོས། འབྲེལ་ཡོད་གནས་ཚུལ་གལ་ཏེ་རྩད་འདྲི་བྱེད་ན་ཐད་ཀར་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གི་འབྲེལ་ལམ་ཁ་པར ༩༦༨༣༣༥༡༣ ལ་འབྲེལ་བ་བྱེད་ཆོག་ཅེས་ཟེར།"

༢༠༡༥ལོའི་མཐོ་རྒྱུགས་ཀྱི་ཉིན་དང་པོར་སློབ་མ་དང་ཁྱིམ་བདག་གིས་རྒྱུགས་རའི་མདུན་དུ་རྗེས་དྲན་མཉམ་པར་བསྐྱོན་པ།
 
          ལོ་རེའི་མཐོ་རྒྱུགས་སྤྲོད་པའི་དུས་སུ།  དངུལ་སྤྲད་ཚེ་དམག་སྡེའི་སློབ་གྲྭར་ཞུགས་ཐུབ་པ་དང་། ནང་ཁུལ་གྱི་དམིགས་ཚད་ལ་བརྟེན་ནས་སྐར་གྲངས་དམའ་བའི་སློབ་མ་ཡང་མཐོ་རིམ་སློབ་ཆེན་དུ་ཞུགས་ཐུབ་པ་ལྟ་བུའི་སློབ་བསྡུའི་ཆ་འཕྲིན་ཅི་རིགས་ཁྱིམ་བདག་དང་སློབ་མ་རྣམས་ལ་འབྱོར་གྱི་ཡོད་པ་དང་།  དེ་མིན་སློབ་གཉེར་གྱི་རིགས་ལ་གོ་འཛོལ་བྱུང་བར་བརྟེན་ནས་སློབ་མ་སློབ་མཐར་ཕྱིན་རྗེས་སུ་བོད་ལྗོངས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མའི་གཞུང་རྒྱུགས་ལ་ཞུགས་པར་འགོག་རྐྱེན་བཟོ་བའི་སྣང་ཚུལ་ལ་སོགས་པར་གཞིགས་ཏེ། བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གིས་སློབ་མ་དང་ཁྱིམ་བདག་རྣམས་ལ། སློབ་བསྡུའི་ཆ་འཕྲིན་དེ་རིགས་ཀྱི་གཡོ་འོག་ཏུ་ཚུད་པར་ངེས་པར་དུ་དོགས་ཟོན་ནན་མོ་དགོས་པར་དྲན་སྐུལ་གནང་འདུག །

          བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན།  ལོ་ངོ་ལྔའི་རིང་བོད་ལྗོངས་ཀྱིས་ཁྱོན་བསྡོམས་གཞི་རིམ་གྱི་གཞུང་ཞབས་པ་དང་།  ལས་ཁུངས་ཀྱི་ལས་སྣེ་བ།  ཆེད་ལས་ལག་རྩལ་མི་སྣ་བཅས་ཁྱོན་བསྡོམས་ལས་མི ༤༢༤༡༩ བསྡུས་ཡོད་ཅིང་། དེ་ལས་གཞུང་ཞབས་པས་མི་གྲངས ༢༥༥༤༡ ཟིན་ཡོད་པ་རེད།

          མིག་སྔར།  ༢༠༡༥ ལོའི་གཞུང་རྒྱུགས་ཀྱི་མིང་ཐོ་འགོད་མཚམས་ཡོངས་སུ་མཇུག་རྫོགས་ཡོད་ཅིང་། ལས་གནས ༢༠༠ ལྷག་གིས་བོད་ལྗོངས་སུ་མིང་ཐོ་འགོད་ཆོག་པ་དང་། ༢༠༡༤ ལོ་དང་བསྡུར་ན་ལྡབ་གཅིག་ལ་ཉེ་བ་འཕར་འདུག   ཉེ་བའི་ལོའི་རིང་།  བོད་ལྗོངས་ཀྱིས་རྒྱུགས་ལེན་ལས་མི་བསྡུ་བའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གཞུང་ཞབས་པ་བསྡུ་བའི་ལས་དོན་ཚན་རིག་དང་མཐུན་ཞིང་།   ཚད་གཞི་དང་ལྡན་པར་མཐོར་འདེགས་སུ་གཏོང་ཆེད་རྒྱུགས་ལེན་ལས་མི་བསྡུ་བའི་ལམ་ལུགས་ཀྱི་ལས་རིམ་ཁག་འཐུས་ཤོར་མེད་པ་ཞིག་བསྒྲུབས་འདུག །

          ༢༠༡༠ ལོ་ནས་བཟུང་།  བོད་ལྗོངས་ཀྱིས་ལྗོངས་ཀྱི་ཐད་གཏོགས་སྡེ་ཚན་དུ་ལས་མི་བསྡུ་བའི་རྒྱུགས་ཐེངས ༣ སྤེལ་ཞིང་།  གཞི་རིམ་དུ་ལས་ཀའི་བརྒྱུད་རིམ་ལྡན་པའི་སྒྲིག་ཁོངས་ཀྱི་ལས་རྐང་མི་སྣ་དང་།  རྒྱལ་གཉེར་ཁེ་ལས་ཀྱི་ལས་རྐང་མི་སྣའི་ཁྲོད་མི་སྣ་འབུར་དུ་ཐོན་པ ༦༩༨ བོད་ལྗོངས་ཀྱི་ཐད་གཏོགས་སྡེ་ཚན་དུ་བསྡུས་ཡོད།  དེའི་ནང་དུ་གཞུང་ཞབས་པ ༣༤༨ དང་། ལས་སྒྲུབ་ལས་ཁུངས་ཀྱི་ལས་སྣེ་བ་དང་ཆེད་ལས་ལག་རྩལ་མི་སྣ ༣༤༨ ཡོད་པ་རེད།
མཐོ་རྒྱུགས་ཀྱི་སློབ་མ་སློབ་ཆེན་དུ་བསྡུ་བར་གཡོ་ཐབས་ཅི་རིགས་ཡོད་པས།  སློབ་མ་དང་ཁྱིམ་བདག་དག་གིས་དོགས་ཟོན་ནན་མོ་བྱེད་དགོས།
          བོད་རང་སྐྱོང་སློབ་གསོ་རྒྱུགས་ལེན་ཁང་གི་འབྲེལ་ཡོད་འགན་ཁུར་པས།  ལོ་རེའི་ད་ལྟའི་ཚོད་དུ།  ཁྱིམ་བདག་དང་སློབ་མ་རྣམས་སློབ་བསྡུའི་གཡོ་ཐབས་ཅི་རིགས་དང་འཕྲད་སྲིད་དེ།  དེ་ཡང་གོང་སྒྲིག་བྱས་ན།  ཁ་ཤས་ཀྱིས་སློབ་བསྡུའི་ལས་སྣེ་བར་བརྫུས་ནས་ནང་ཁུལ་གྱི་དམིགས་ཚད་ཡོད་པས་སྐར་གྲངས་དམའ་བའི་སློབ་མ་ནང་དུ་བསྡུ་ཐུབ་ཅེས་དང་།  མགོ་སྐོར་གཏོང་མཁན་གྱིས་ཡིག་ཆ་དང་། ཐམ་ག   མིང་ཐོ་འགོད་ས།  བློ་འདྲིའི་ཁ་པར་རྫུན་མ་བཟོས་ཏེ་སློབ་ཆེན་གྱི་སློབ་བསྡུ་མི་སྣར་བརྫུས་ནས།  ཁྱིམ་བདག་དང་ངོ་འཕྲད་དུས་དཔང་ཡིག་རྫུན་མ་དང་།  སློབ་བསྡུའི་བརྡ་ཐོ་སྟོང་བ་རེ་བཟུང་ནས་སློབ་ཆེན་ག་གེ་མོའི་ནང་ཁུལ་གྱི་དམིགས་ཚད་ཡོད་ལ།  ཁྱིམ་བདག་གིས་སྔོན་ལ་གཏའ་དངུལ་ཅུང་ཙམ་སྤྲོད་དགོས་ཚུལ་དང་།   གལ་ཏེ་ཁྱིམ་བདག་གིས་དངུལ་སྤྲོད་འདོད་ཡོད་ཚེ།  སློབ་མ་དེ་ཉིད་སློབ་གྲྭའི་སྐར་གྲངས་ཀྱི་ཚད་ཐིག་ལ་ལོན་མེད་ནའང་། འབྲེལ་ཡོད་སློབ་གྲྭར་འཇུག་པར་ཐབས་བཀོད་འཐེན་ཐུབ་ཅེས་མགོ་སྐོར་གཏོང་གི་འདུག

          མགོ་སྐོར་གཏོང་མཁན་ཁ་ཤས་ཀྱིས་དམག་སྡེའི་སློབ་གྲྭར་ས་གནས་ཀྱི་དམིགས་ཚད་ཡོད་པས་དམག་སྡེའི་སློབ་གྲྭར་ཞུགས་ཐུབ་ཅེས་གཡོ་ཐབས་ཀྱིས་ཁྱིམ་བདག་དང་སློབ་མར་མགོ་སྐོར་གཏོང་པ་དང་།  ཉེས་ཅན་ཚོགས་པ་ཁ་ཤས་ཀྱིས་ཐ་ན་ཐམ་ག་དང་དམག་སྡེའི་དཔང་ཡིག་རྫུན་མ་བཟོས་ནས་དམག་སྡེའི་སློབ་གྲྭ་རྫུན་མ་གཉེར་བ་བརྒྱུད།  དེ་ལས་ཁེ་སྤོགས་ལེན་གྱི་ཡོད་པ་རེད། དོན་དུ་དམག་སྡེའི་སློབ་གྲྭ་ནི་མཐོ་རིམ་སློབ་ཆེན་གཞན་དག་ལས་མ་འདས་ཏེ།  རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འགྲོ་སོང་ལས་གཞན་དངུལ་ཅི་ཡང་བསྡུ་གི་ཡོད་པ་མ་རེད།  ཡང་ཁ་ཤས་ཀྱིས།  སློབ་ཆེན་གང་དང་སློབ་བསྡུའི་གཞུང་སྒྲུབ་ཁང་གང་གི་འགན་ཁུར་པའི་ངོ་ཤེས་དང་།  ཉེ་འབྲེལ་ཡིན་ཞེས་སྐར་རིམ་དང་པོར་མ་ལོན་པ་དག་སྐར་རིམ་དང་པོའི་སློབ་ཆེན་དུ་འཇུག་ཐུབ་པ་དང་།  ཆེད་སྦྱོང་སྐར་ཚད་ཀྱི་སློབ་མ་དག་དངོས་གཞིའི་སློབ་ཆེན་དུ་འཇུག་ཐུབ་ཅེས་གཡོ་ཐབས་ཀྱིས་སློབ་མ་དང་ཁྱིམ་བདག་ལ་མགོ་སྐོར་ཆེན་པོ་གཏོང་གི་ཡོད་པ་རེད།
གཞི་རིམ་གཞུང་ཞབས་པ་བསྡུ་བ།

          ཡང་མགོ་སྐོར་གཏོང་མཁན་ཁ་ཤས་ཀྱིས་སློབ་མ་དང་ཁྱིམ་བདག་གིས་རང་སྒེར་སློབ་བསྡུ་དང་། གནས་གཏན་འཁེལ་གྱི་སློབ་བསྡུའི་སྲིད་ཇུས་རྒྱུས་ལོན་མེད་པར་དམིགས་ནས།  རང་སྒེར་སློབ་བསྡུའི་ལམ་ལུགས་ལ་སྐར་གྲངས་ཀྱི་ཚད་ཐིག་མེད་པར་སྒོར་ཁྲི་ཚོ་འགའ་བཏང་པ་ཡིན་ན་སློབ་གྲྭར་བསྡུ་ཐུབ་ཟེར་ལ། ཡང་ཁ་ཤས་ཀྱིས་སློབ་ཆེན་ག་གེ་མོའི་གནས་གཏན་འཁེལ་གྱི་སློབ་བསྡུའི་འཆར་གཞིར་འཇུག་ཐུབ་ལ།  བསྡུ་ལེན་ལ་ཁག་ཐེག་བྱེད་ཐུབ་མོད་མ་དངུལ་འབོར་ཆེན་གཏོང་དགོས་ཟེར།

          གཞན་ཡང་ཁྲིམས་འགལ་པ་ཁ་ཤས་ཀྱིས།  སློབ་མ་དང་ཁྱིམ་བདག་གིས་སྒྱུ་རྩལ་རིགས་དང་། གྲ་སྒྲིག་རིམ་པའི་སློབ་མར་ཞིབ་ཆའི་རྒྱུས་ལོན་མེད་པར་དམིགས་ནས།  སྒྱུ་རྩལ་རིགས་དང་། གྲ་སྒྲིག་སློབ་མར་སྐར་གྲངས་ཀྱི་ཚད་ཐིག་མེད་པས་དངུལ་སྤྲད་པ་ཡིན་ན་སློབ་གྲྭར་ཞུགས་ཐུབ་ཅེས་གཡོ་རྫུན་འཆད་པ་དང་། ཁ་ཤས་ཀྱིས་སློབ་མ་དང་ཁྱིམ་བདག་གི་སློབ་བསྡུའི་གོ་རིམ་དང་།  གཏན་འབེབས་ལ་རྒྱུས་ལོན་མེད་པར་དམིགས་ནས།  གསབ་བསྡུའི་མིང་གཡར་ནས་མགོ་སྐོར་གཏོང་པ་རེད། དོན་དུ།  ས་གནས་ཁག་གི་སློབ་བསྡུ་གཞུང་སྒྲུབ་ཁང་གིས་སྐར་གྲངས་མ་ལོན་པའི་སློབ་མ་དག་ལ་དྲ་ལམ་ནས་རེ་ཞུའི་རེའུ་མིག་སྐོང་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

          བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་འབྲེལ་ཡོད་འགན་ཁུར་པས།  སྐར་རིམ་གསུམ་པའི་དངོས་གཞིའི་སློབ་ཆེན་དང་ཆེད་ལས་ལག་རྩལ་སློབ་གླིང་ཉུང་ཤས་་སྒྲིག་ཁོངས་ཕྱི་རུ་བཀྱེད་ཡོད་དེ།  དཔེར་ན་སློབ་ཆེན་ག་གེ་མོར་ས་གནས་དེ་གར་སློབ་བསྡུའི་འཆར་གཞི་རྩ་བ་ནས་མེད་པའམ་སློབ་བསྡུའི་འཆར་གཞི་མང་པོ་མེད་པས། སློབ་བསྡུ་གཞུང་སྒྲུབ་ཁང་གི་ཚད་ལྡན་སློབ་བསྡུའི་སྡིངས་ཆ་མ་བརྒྱུད་པར་གཡོ་ཐབས་ཀྱིས་ལྐོག་ཏུ་སློབ་མ་བསྡུ་བའམ་འཆར་གཞི་ལས་བརྒལ་ཏེ་སློབ་མ་བསྡུ་ཡི་འདུག   འདི་ལྟར་བྱས་ཚེ་སློབ་མཐར་ཕྱིན་རྗེས་རང་ལྗོངས་ཀྱི་སློབ་ཁུངས་སུ་མི་གཏོགས་པས།  རང་ལྗོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མའི་གཞུང་རྒྱུགས་སུ་ཞུགས་མི་ཆོག་པས།  གཡོ་ཐབས་དེ་རིགས་ལ་སློབ་མ་དག་གིས་ངེས་པར་དུ་དོགས་ཟོན་ནན་མོ་བྱེད་དགོས་སོ།
བོད་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་ཁ་པར། 96833513