ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འབུམ་རམས་པའི་སློབ་གནས་སློབ་གསོ་གཉེར་བའི་མཛད་སྒོ་སྤེལ།

སྤེལ་དུས 2017-09-07 ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་དྲ་བ། རྩོམ་པ་པོ། བཀྲ་འདུལ་གྱིས་བསྒྱུར།
མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཟབ་རྒྱས་ངང་འབུམ་རམས་པའི་སློབ་གནས་སློབ་གསོ་གཉེར་བའི་མཛད་སྒོ་སྤེལ།  

         ཟླ༩བའི་ཚེས༡༧ཉིན་གྱི་སྔ་དྲོར། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འབུམ་རམས་པའི་སློབ་གནས་སློབ་གསོ་གཉེར་བའི་མཛད་སྒོ་ཧུང་ཝུན་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཐང་ནས་གཟབ་རྒྱས་ངང་སྤེལ་བ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ནམ། མཚོ་སྔོན་ཞིང་ཆེན་ཁུན་ལུན་གྱི་ཤེས་ཡོན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བློ་འདྲི་ས། དམིགས་བསལ་སྙན་ཞུ་བྱས་པའི་དགེ་རྒན་ཆེན་མོ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་མཁན། པུའུ་ཀྲང་གཞོན་པ། ཞིང་ཆེན་བོད་ཁུལ་གཞུང་ལས་ཁང་གི་ཀྲུའུ་རིན་ལུའུ་ཀང་། ཞིང་ཆེན་སློབ་གསོ་ཐང་གི་ཐང་ཀྲང་གཞོན་པ། ཞིང་ཆེན་སློབ་གནས་གཞུང་ལས་ཁང་གི་ཀྲུའུ་རིན་དབྱང་ཧྥ་ཡུས། ཞིང་ཆེན་སློབ་གསོ་ཐང་གི་མཐོ་རིམ་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མའེ་ཡན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཧུ་ཧྥུང་། སློབ་གཙོ་གཞོན་པ་སོ་ཏན་ཀྲི། མ་ཝའེ་ཧྲིན། ཝང་ཀང་བཅས་མཛད་སྒོར་ཞུགས་ཡོད་པ་རེད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅུ་གསུམ། སྡེ་ཁག་གཞུང་སྒྲུབ་ཁང་དང་སློབ་གླིང་སོ་སོའི་དབུ་ཁྲིད། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་སྐུ་ཚབ། སྐབས་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སྐུ་ཚབ་བཅས་བསྡོམས་པས་མི་གྲངས ༥༠༠ ལྷག་མཛད་སྒོ་དེར་ཞུགས་ཡོད། སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཀྲའོ་ཡན་ཝུའུ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།  

          སོ་ཏན་ཀྲི་ཡིས་སློབ་གསོ་པུའུ་ཡིས་ཞིབ་བཤེར་ཆོག་མཆན་ཡིག་ཆ་ཀློག་པ་དང་། མཉམ་འབྲེལ་དུ་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ལས་དོན་སྐོར་གྱི་གནས་ཚུལ་ངོ་སྤྲོད་སྟབས་བདེ་བྱས་རྗེས། སློབ་གྲྭའི་སློབ་གནས་དཔྱད་ཞིབ་གཏན་ཁེལ་ཨུ་ལྷན་གྱི་ཀྲུའུ་ཞིའམ། འབུམ་རམས་པའི་སློབ་མའི་མཛུབ་སྟོན་དགེ་རྒན་ནམ་སློབ་གཙོ་ཧུ་ཧྥུང་གིས་གསར་ཏུ་ལས་འགན་བཞེས་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན ༡༢ ལ་དཔང་ཡིག་ཕུལ་བ་རེད། སློབ་གྲྭའི་སློབ་གནས་དཔྱད་ཞིབ་གཏན་ཁེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པའམ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ནམ་སློབ་གཙོ་གཞོན་པ་སོ་ཏན་ཀྲི་ཡིས་དགེ་རྒན་ཆེན་མོ་ཧུ་ཧྥུང་ལ་དཔང་ཡིག་ཕུལ་བ་རེད།


སློབ་གཙོ་ཧུ་ཧྥུང་གིས་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ལ་དཔང་ཡིག་གནང་བཞིན་པ།  

          ཧུ་ཧྥུང་གིས་གཏམ་བཤད་ཁྲོད་དུ། ངོ་མཚར་ལོ་རྒྱུས་དང་འཕེལ་རྒྱས་གོ་སྐབས་བཟང་པོ། མཉམ་གཅིག་ཏུ་ཧུར་བརྩོན་བྱེད་དགོས་པ། དམིགས་བསལ་གྱི་རྒྱབ་སྐྱོར་ཡོད་པ། འོས་འགན་དང་འབད་བརྩོན་དམིགས་འབེན་ལྗིད་མོ་ཡོད་པ་སོགས་ཕྱོགས་གསུམ་ནས་སྟབས་བདེ་ངང་སློབ་གྲྭའི་ལོ་ངོ༦༥རིང་གི་འཕེལ་རྒྱས་ལོ་རྒྱུས་ངོ་སྤྲོད་དང་། འབུམ་རམས་པའི་སློབ་གནས་སྙན་ཞུ་བྱས་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་མ་ཟད། མཉམ་འབྲེལ་ངང་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ལས་ཀའི་དམིགས་འབེན་དང་འོས་འགན་བཏོན་པ་རེད། ཁོང་གིས། སློབ་གྲྭ་དེ་ཡིས་ངེས་པར་དུ་རང་ཉིད་ཀྱི་འོས་འགན་གཙོ་བོ་ཕྲག་ལེན་བྱས་ཏེ། ཧུར་ཐག་གིས་ཆ་རྐྱེན་བསྐྲུན་པ་དང་གཏོང་འཇོག་འགན་ལེན། ཞབས་ཞུའི་སྤུས་ཚད་ཇེ་མཐོ། དུས་ལྟར་འབུམ་རམས་པའི་སློབ་གནས་དབང་སྤྲོད་ལས་ཁུངས་སུ་བསྒྱུར་ཐུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། སློབ་མ་ཚོས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། "ཀུན་སྤྱོད་གཙང་མ་དང་རང་སྟོབས་རང་སྤེལ"གྱི་སློབ་གྲྭའི་རྩ་དོན་ལག་ལེན་གྱི་དཔེ་བཟང་སྟོན་དགོས། ལས་ངག་ཡིད་གསུམ་གྱིས་སློབ་སྦྱོང་ལ་འབད་པ་དང་། ཞིབ་འཇུག་རང་བཞིན་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པ། རྒྱ་སྐད་དང་བོད་སྐད། དབྱིན་སྐད་བཅས་སྐད་རིགས་གསུམ་ལ་ཐོགས་པ་མེད་པ། བོད་ཀྱི་རིག་གནས་དང་བོད་ཀྱི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པ། རིག་གཞུང་མཐོང་རྒྱ་ཇེ་ཡང་གཏོང་བ། གསར་རྩོམ་རང་བཞིན་ལྡན་པའི་གྲུབ་འབྲས་ལེན་པ། ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་ཅིང་། བོད་ཁུལ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྐང་འཛིན་མི་སྣར་འགྱུར་དགོས། མཛུབ་སྟོན་དགེ་རྒན་གྱིས་སློབ་མར་མཛུབ་སྟོན་བྱེད་པའི་དུས་མཉམ་དུ་རང་ཉིད་འཕེལ་རྒྱས་གཏོང་བ་དང་། སློབ་སྦྱོང་བྱེད་ཐབས་དང་ཞིབ་འཇུག་བྱེད་ཐབས་རྒྱུན་སྤེལ་དང། གསར་གཏོད་སྙིང་སྟོབས། གསར་གཏོད་བྱེད་ནུས་གསོ་སྐྱོང་བཅས་དམིགས་སུ་བཟུང་ནས། ལྷག་པར་དུ་སློབ་མ་ཚོའི་ཀུན་སྤྱོད་བཟང་བོ་དང་ཡང་དག་པའི་ཆབ་སྲིད་ལངས་ཕྱོགས་ལ་ཐུགས་ཁུར་བྱེད་དགོས། རང་ཉིད་ཀྱི་ལས་ཀ་དང་བྱང་ཚད། ཚེ་སྲོག་བཅས་སློབ་མའི་ལུས་ཐོག་ནས་བདེ་ཐང་ངང་རྒྱུན་སྤེལ་བྱེད་དགོས་ཞེས་བསྟན་པ་རེད།  

          ཆེས་མཇུག་མཐར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐང་གི་ཐང་ཀྲང་གཞོན་པ་དབྱང་ཧྥ་ཡུས་ཡིས་གཏམ་བཤད་གནང་། ཁོང་གིས་སློབ་གྲྭ་དེའི་ཉེ་བའི་ལོ་འགའི་རིང་དུ་སྤེལ་བའི་ལས་དོན་དང་དེ་ལས་ཐོབ་པའི་གྲུབ་འབྲས་སྐོར་ལ་གདེང་འཇོག་ཆེན་པོ་གནང་བ་མ་ཟད། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་མཉམ་འབྲེལ་ངང་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་གནང་བའི་ཐད་ལ་རེ་བ་བཏོན། གཅིག་ནི་སྔར་ལས་ལྷག་པར་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས། གཉིས་ནས་སྔར་ལས་ལྷག་པར་གཞན་དང་བར་ཐག་གང་འདྲ་ཡོད་པ་ངོས་འཛིན་ཡང་དག་བྱས་ནས། འབད་པ་ཆེན་མོས་མི་རིགས་སློབ་ཆེན་གྱི་ཁྱད་ཆོས་ལྡན་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་མ་ལག་འཛུགས་དགོས། གསུམ་ནས་སྔར་ལས་ལྷག་པར་དོན་དངོས་བྱ་བ་སྒྲུབ་སྟེ། འབད་པ་ཆེན་མོས་འབུམ་རམས་པའི་སློབ་གནས་སློབ་གསོའི་དཔེ་སྟོན་ནུས་པ་ཐོན་དགོས་ཞེས་བརྗོད་པ་རེད།  


མཛད་སྒོ་སྤེལ་ཡུལ་དངོས།  

          སློབ་གསོ་པུའུ་ཡིས་ད་ལོའི་ཟླ༥བའི་ཚེས༢༡ཉིན《མཚོ་སྔོན་མི་རིགས་སློབ་ཆེན་དང་ཐེན་ཅིན་སློབ་ཆེན་གྱིས་མཉམ་འབྲེལ་དུ་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པར་ཆོག་མཆན་གནང་བའི་བརྡ་ཁྱབ》སྤེལ་ནས། མཚོ་སྔོན་མི་རིགས་སློབ་ཆེན་དང་ཐེན་ཅིན་སློབ་ཆེན་གྱིས་མཉམ་འབྲེལ་དུ་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པར་ཆོག་མཆན་གནང་བ་རེད། ཐེན་ཅིན་སློབ་ཆེན་གྱིས་རོགས་སྐྱོར་དང་མཛུབ་སྟོན་ཆེན་མོའི་འོག་ཏུ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་བདག་སྐྱོང་ཞིབ་འཇུག བོད་ཁུལ་གྱི་སྤྱི་ཚོགས་གནད་དོན་ཞིབ་འཇུག བོད་ཀྱི་གསོ་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ཞིབ་འཇུག བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཚན་རིག་དང་མཐུན་པའི་འགྲེལ་བཤད། བོད་ཀྱི་ལོ་རྒྱུས་རིག་གནས་དཔེ་གཞུང་ཡིག་བསྒྱུར་སོགས་ཕྱོགས་དྲུག་ནས་བསྡོམས་པས་འབུམ་རམས་པའི་ཞིབ་འཇུག་སློབ་མ་དྲུག་བསྡུས་པ་རེད།  

ཁ་བྱང་ཕྱི་མོ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འབུམ་རམས་པའི་སློབ་གནས་སློབ་གསོ་གཉེར་བའི་མཛད་སྒོ་སྤེལ།