ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་མདོ་དབུས་ཀྱི་བོད་སྐད་ཟུར་ཁྲིད་བྱེད་པ།
སྤེལ་དུས 2017-08-23
ཡོང་ཁུངས། ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།
རྩོམ་པ་པོ། འབྲུག་མོས་བསྒྲིགས།
བོད་ཁ་བ་ཅན་ལ་ཐུན་མོང་གི་སྐད་ཡིག་ཡོད་ཀྱང་། མདོ་དབུས་ཁམས་ཡུལ་སྐད་ཆེན་པོ་གསུམ་ཡོད་པར་སྒྲ་གདངས་མི་གཅིག་པས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་རྐྱེན་གྱིས། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་༢༠༡༣ལོར་གསར་ཐོན་སློབ་མ་རྣམས་ལ་མདོ་དབུས་ཀྱི་བོད་སྐད་ཟུར་ཁྲིད་བྱེད་ཡོད་པ། བྱ་བ་འདིས་རྗེས་ཀྱི་སློབ་ཁྲིད་ལ་ཕན་ནུས་ཆེན་པོ་ཡོད་པར་སྲིད།