ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཁུངས་ཆ་འཕྲིན་དོ་དམ་མ་ལག་རྒྱལ་ཡོངས་ལ་ཁྱབ་པ།

སྤེལ་དུས 2017-08-23 ཡོང་ཁུངས། ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ། རྩོམ་པ་པོ། འབྲུག་མོས་བསྒྲིགས།
          སློབ་གསོ་པུས་སྤྱི་ཚེས་༢༠ཉིན་རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཁུངས་ཆ་འཕྲིན་དོ་དམ་མ་ལག་འཛུགས་སྐྲུན་གྱི་བརྡ་ཐོ་བཏང་ཡོད། བརྡ་ཐོའི་ནང་སྤྱི་ལོ་༢༠༡༣ལོའི་ཟླ་བ་བཅུ་པའི་ཟླ་མཇུག་བར་སླེབས་དུས་རྒྱལ་ཡོངས་ཀྱིས་སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཁུངས་ཆ་འཕྲིན་དོ་དམ་མ་ལག་སྒྲིག་སྦྱོར་བྱ་རྒྱུ་ལེགས་གྲུབ་ཟིན་པ་དང་། ཞིང་ཆེན་མང་ཆེ་བའི་མ་ལག་འཁོར་སྐྱོད་བརྟན་པོ་ཡོད་ཅེས་འཁོད་པ་རེད།
          བརྡ་ཐོའི་ནང་ཧོ་པེ་སོགས་ཞིང་ཆེན་༢༣གྱི་སློབ་མ་ཡོངས་སམ་ཡང་ན་ཁག་ཅིག་གི་གྲངས་གཞི་རྒྱལ་ཡོངས་ཀྱི་མ་ལག་གྲངས་གཞིའི་མཛོད་ནང་བཅུག་ཟིན་ཡོད་ཅེས་བསྟན་པ་དང་། བརྡ་ཁྱབ་ནང་ནང་སོག་དང་། ཧེ་ལུང་ཅང་། ཉིང་ཞ་སོགས་ཞིང་ལྗོངས་གསུམ་ལ་དགོས་ངེས་ཀྱི་བྱ་ཐབས་བཟུང་དགོས་པ་དང་། རྒྱལ་ཡོངས་ཀྱི་མ་ལག་འཁོར་སྐྱོད་ཀྱི་རྐྱེན་ངན་གང་མགྱོགས་སེལ་དགོས་པ། སློབ་མའི་གྲངས་གཞི་བཅུག་མེད་པའི་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱིས་གྲངས་གཞི་བསྡུ་རུབ་དང་མཛོད་ནང་འཇུག་པའི་འཕེལ་རིམ་མགྱོགས་སུ་གཏོང་དགོས། གྲངས་གཞི་བསྡུ་རུབ་དང་གསབ་སྣོན་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པའི་ཞིང་ཆེན་གྱིས་མཛོད་ནང་འཇུག་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གྲངས་གཞི་དང་ལྷག་པར་དུ་སློབ་མའི་ཐོབ་ཐང་གི་འབྲེལ་ཡོད་ཆ་འཕྲིན་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ། གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གནད་དོན་ཡོད་པའི་སློབ་ཁུངས་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།