ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

བོད་ལྗོངས་ཀྱིས་རེ་སྨོན་ལས་གཞིའི་དགེ་རྒན༡༠༠གསོ་སྐྱོང་སྦྱོང་བརྡར་བྱས་པ།

སྤེལ་དུས 2017-08-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ༩པའི་ཚེས༣ཉིན་གློག་འཕྲིན་འབྱོར་བར། བོད་ལྗོངས་ཀྱི་རེ་སྨོན་ལས་གཞིའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་ཚེས༣ཉིན་ལྷ་སར་འགོ་བརྩམས་པ་དང་རྒྱལ་ནང་གི་གསོ་སྐྱོང་སྦྱོང་བརྡར་ཚན་པ་གྲགས་ཅན་གྱི་རྣམ་པ་གསར་པའི་སློབ་ཁྲིད་ལྟ་བ་དང་བྱ་ཐབས་ནང་འདྲེན་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱི་སློབ་ཆུང་དགེ་རྒན༡༠༠ཙམ་གཅིག་སྡུད་དུ་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ་ཡིན་པ་རེད།

          ཀྲུང་གོ་གཞོན་ནུ་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཡན་ཧུང་གིས་འགོ་འཛུགས་མཛད་སྒོའི་ཐོག་ངོ་སྤྲོད་གནང་བར།   ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་ནི་བོད་ལྗོངས་ཀྱིས་ཐོག་མར་ལྗོངས་ཕྱིའི་གསོ་སྐྱོང་སྦྱོང་བརྡར་ཚན་པ་དང་མཉམ་ལས་ཚོད་ལྟ་བྱས་པ་ཞིག་རེད།  ཡན་ཧུང་གིས་ངོས་འཛིན་གནང་བར།  “མིག་སྔའི་བོད་ལྗོངས་ཀྱི་སློབ་ཁྲིད་ལྟ་བ་དང་བྱ་ཐབས་རྒྱལ་ཡོངས་སུ་ཅུང་རྗེས་ལུས་ཡིན་པ་རེད། ལྷ་སའི་དགེ་རྒན་རྣམས་ཀྱིས་གང་ལ་ཅི་འཚམ་གྱི་སློབ་ཁྲིད་བྱེད་ཐབས་གསར་པ་ཉམས་སུ་མྱངས་ཚེ།  བོད་ལྗོངས་ཀྱི་རྨང་གཞིའི་སློབ་གསོར་དགེ་མཚན་གྱི་ནུས་པ་ངེས་ཅན་ཞིག་ཐོན་ངེས་ཡིན་པ་རེད།”
 
          རྒྱུན་དུ་སློབ་ཁྲིད་སྐབས།  ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཞོལ་སློབ་ཆུང་གི་དབྱིན་ཡིག་དགེ་རྒན་བསོད་ནམས་ཆོས་འཛོམས་ཀྱིས་ཀྱང་སློབ་མ་ཚོ་དང་ཕན་ཚུན་སྤྲོ་གླེང་གི་སློབ་ཁྲིད་བྱ་ཐབས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་མོད། དེ་ནི་སྔར་སྲོལ་གྱི་ཐབས་ཤེས་ཙམ་དུ་སོང་འདུག ལྷ་སར་རྣམ་པ་གསར་པའི་སློབ་ཁྲིད་ལྟ་བ་དང་བྱ་ཐབས་ཀྱི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་གཉེར་རྒྱུ་ཡིན་པ་ཐོས་མ་ཐག་ཁོང་གིས་གང་མགྱོགས་མིང་ཐོ་བཀོད་པ་རེད།  ཁོང་གིས“ངས་ཁོང་ཚོའི་སློབ་ཁྲིད་ཁྲོད་ཀྱི་ནག་པང་ལ་ཡི་གེ་འབྲི་རིམ་གྱི་འཆར་འགོད་དང་སྒྲུང་ཐབས་ཀྱི་སློབ་ཁྲིད་ཐབས་ཤེས་སློབ་སྦྱོང་བྱེད་འདོད་ཡོད་པ་དང་དེས་ངའི་སློབ་ཕྲུག་ཚོར་དབྱིན་ཡིག་སློབ་སྦྱོང་ལ་དེ་བས་དགའ་སྣང་སྐྱེ་བའི་ཡིད་ཆེས་ཡོད”ཅེས་བཤད།

          བོད་ལྗོངས་ཀྱི་རེ་སྨོན་ལས་གཞིའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་གཉེར་བའི་དུས་ཡུན་ཉིན༥ཡིན་པ་དང་སློབ་ཁྲིད་ཀྱི་ནང་དོན་ཐད་སློབ་ཁང་དོ་དམ་དང་སློབ་ཁྲིད་ཁྲོད་ནག་པང་ལ་ཡི་གེ་འབྲི་རིམ་གྱི་འཆར་འགོད།   སྒྲུང་ཐབས་ཀྱི་སློབ་ཁྲིད་ཐབས་ཤེས།   སློབ་ཁང་གི་རོལ་རྩེད་སོགས་ཚུད་ཡོད་པ་རེད།