ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་རི་མོ་འགྲེམ་སྟོན།

སྤེལ་དུས 2017-08-23 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།

བི་ཤྭ་ཀ་རྨའི་པིར་རྩལ་ལས་ཐོན་པའི་རི་མོའི་བརྩམས་ཆོས་ཀྱིས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག

         མཛེས་རྩལ་ནི་མིའི་སེམས་ཁམས་ལས་མཆེད་ཅིང་པུར་རྩེ་ལས་ལྷོད་ལྷོད་དུ་བབས་པའི་ཕྱི་རོལ་གྱི་གཟིགས་རིས་ཤིག་ཡིན་ལ། མཛེས་རྩལ་ནི་ཁ་གྲགས་མི་ཤེས་པའི་སྙན་ངག་གསོན་པོ་ཞིག་ཡིན། རི་མོ་ནི་གདོད་མའི་སྤྱི་ཚོགས་སུ་མཚོན་ན་པར་ཆས་དང་བརྙན་འཕྲིན་མེད་ན་ཡང༌། ཆབ་དཔལ་རིག་གསུམ་འཕེལ་རྒྱས་སུ་འགྲོ་བའི་བྱུང་རིམ་སོགས་མི་རབས་རྗེས་མ་དང་དུས་རབས་རྗེས་མར་ར་སྤྲོད་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད་ལ་འབྲི་སྟངས་ཀྱང་མང་པོ་ཞིག་བྱུང་ཡོད།  
         དེ་ཡང་རང་ཅག་བོད་ཁ་བའི་ལྗོངས་འདིར་སྔོན་བྱོན་མེས་པོས་གསར་སྐྲུན་དང་འཕེལ་རྒྱས་སུ་བཏང་བའི་བྲིས་འབུར་གྱིས་གཙོས་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་དེ་ལྟ་བུ་ནི་རང་རྒྱལ་ཙམ་དུ་མ་ཟད་ད་དུང་རྒྱལ་སྤྱིའི་ཐོག་ཏུའང་སྙན་གྲགས་ཀྱི་བ་དན་ལྷབ་ལྷབ་ཏུ་གཡོ་བཞིན་ཡོད།

འབྲི་ཐབས་སྣ་ཚོགས་ཤིང་ནང་དོན་སྣེ་འཛོམས་པའི་རི་མོའི་བརྩམས་ཆོས།

           ༢༠༡༢ལོའི་ཟླ༥བའི་ཚེས༢༡དང༢༢ཉིན་ཏེ་བསྟུད་མར་ཉིན་གཉིས་ཀྱི་རིང་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་རི་མོ་འགྲེམ་སྟོན་ཆེན་མོ་དེ་སློབ་གྲྭའི་ལྒང་རྩེད་ཁང་བཟང་དུ་བསྡུས། རྒྱ་ཆེའི་དགེ་སློབ་ཀུན་གྱིས་ཉིན་གུང་དང་སློབ་ཕྱིའི་བྱ་འགུལ། སློབ་ཐུན་བར་གསེང་གི་དུས་ཚོད་སོགས་བེད་སྤྱད་དེ།  དུས་ངེས་མེད་དུ་རང་སྒེར་དང་ཡང་ན་འཛིན་གྲྭ་ཐུན་མོང་རྩ་འཛུགས་བྱས་ཏེ་རི་མོ་འགྲེམ་སྟོན་ སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་སྨིན།
          ཐེངས་འདིའི་རི་མོ་འགྲེམ་སྟོན་ཁྲོད་ཁྱོན་བསྡོམས་རི་མོའི་བརྩམས་ཆོས༣༠༠ལྷག་གདམ་གསེས་བྱས་ནས་འགྲེམ་སྟོན་བྱེད་ཐུབ་པ་བྱུང་བ་དང་། ཚེས༢༢ཉིན་ལ་སློབ་གྲྭའི་འགོ་ཁྲིད་དང་རི་མོ་དགེ་རྒན་གྱི་འཐུས་ཚབ་པ་རྣམ་པས་དཔྱད་འཇོག་ཚན་ཆུང་བསྒྲིག་སྟེ་འགྲེམ་སྟོན་ཁང་དུ་ཕེབས་ནས་འདྲ་མཉམ་དང་དྲང་བཞག    གཟུར་མེད་སྒོས་བརྩམས་ཆོས༣༥ལ་བྱ་དགའི་རྟགས་མ་གནང་།

དཔྱད་འདེམས་པ་རྣམ་པས་ཞིབ་ཕྲའི་ངང་ཨང་རིམ་འགེར་བཞིན་པ།

          དེའི་ཁྲོད་རི་མོ་དགེ་རྒན་རྣམ་པའི་བྱ་དགའ་སྟེར་སྟངས་ལ་ཨང་དང་པོ་བརྒྱད་དང་། ཨང་གཉིས་པ་དགུ  ཨང་གསུམ་པ་དགུ རྟིང་སྐུལ་བྱ་དགའ་དགུ་བཅས་བགར་ཡོད། རི་མོའི་འགྲེམ་སྟོན་འདི་སྐབས་སྔོན་མའི་འགྲེམ་ཐེངས་དང་པོ་དང་བསྡུར་ན་བརྩམས་ཆོས་ཀྱི་ཁ་གྲངས་མང་ལ། སྤྱི་བབ་སྤུས་ཚད་ལེགས་ཤིང་།   རིགས་སྣ་མང་བའི་ཁྱད་ཆོས་འཛོམས།
          རི་མོ་དགེ་རྒན་རྣམ་པས་རང་ནུས་ཅི་ལྕོག་གིས་འབད་འབུངས་བྱས་པའི་དན་རྟགས་སུ་ཏག་ཏག་ལོ་གསུམ་གྱི་རིང་ལ་སློབ་གྲྭའི་སློབ་མ་རྣམས་ཀྱི་སོར་མོའི་རྩལ་ལས་ཐོན་པའི་བྲིས་རྒྱུན་ཡང་ཐེམ་སྐས་རེ་རེ་ལས་མཛེས་ཡག་བཟང་གསུམ་གྱི་ཁྱད་ཆོས་རིམ་གྱིས་མངོན་གསལ་སྒོས་ཡར་འཕགས་ཡོད་པ་ཁ་ཚོན་བཅད་ཆོག    འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་སླད་དུ་སློབ་གྲྭའི་འགོ་ཁྲིད་དང་ཤེས་ལྡན་མང་པོ་ཞིག་གིས་ལྷག་བསམ་གྱི་རྒྱབ་སྐྱོར་གང་ལེགས་གནང་སྟེ་དེ་རིང་གི་རི་མོའི་ཞིང་བཀོད་འདི་དགེ་རྒན་དང་སློབ་གྲོགས་མང་པོའི་སྤྱན་ལམ་དུ་འབུལ་ཐུབ་པ་རེད།

གྲལ་བསྒྲིགས་ནས་བརྩམས་ཆོས་རེ་རེར་མྱོང་རོལ་བྱེད་པའི་སློབ་གྲོགས་རྣམས།

          ཡིན་ནའང་ཁོ་ཚོ་ནི་རི་མོའི་ཆེད་ལས་མིན་ལ། རི་མོ་ལ་ཆ་རྒྱུས་ཅི་ཡང་མེད་ནའང་མི་རིགས་ཀྱི་བྱིས་པ་འདི་དག་གི་འབྱུང་འགྱུར་སེམས་སུ་སྒོམ་ནས་དཀའ་སྤྱད་ཁྲི་ཕྲག་གི་ཁྲོད་ནས་ང་ཚོའི་མིག་ལམ་དུ་བཤམས་རིན་ཡོད་པའི་བརྩམས་ཆོས་ཁ་གྲངས་ལོངས་པ་ཞིག་འབུལ་ཐུབ་པ་བྱུང་། དེའི་ཕྱིར་རི་མོ་སྒྱུ་རྩལ་གྱིས་ཁོ་ཚོར་ཞིང་ཁམས་གཞན་ཞིག་དང་དག་ཞིང་གང་ཞིག་གི་འོད་ཟེར་གྱི་ལམ་སྣེར་འཇུས་ཟིན་པ་ངང་གིས་མཚོན། 
          མདོར་ན།   འོས་འགན་སློབ་གསོའི་ངོས་ནས་བཤད་ན།  རི་མོ་ནི་མཛེས་རྩལ་རིག་པའི་ཁོངས་སུ་གཏོགས་ལ། ལྷག་པར་དུ་སློབ་མའི་གཤིས་རྒྱུད་དང་སྤྱོད་ལམ། ཤེས་བྱ་སོགས་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་ཐུབ་པའི་སྒྱུ་རྩལ་ཁྱད་དུ་འཕགས་པ་ཅན་ཞིག་ཡིན་པས། འདི་ལ་མཐོང་ཆེན་དང་བརྩི་འཇོག་ཡང་ཡང་བྱས་ཏེ་སློབ་གྲྭའི་སློབ་མ་མི་ཉུང་བ་ཞིག་རི་མོ་ལ་དགའ་བ་དང༌།  ཀུན་སྤྱོད་མཛེས་པ།  སྒྱུ་སྤུས་ཅན་གྱི་སློབ་མ་མང་པོ་ཞིག་གསོ་སྐྱོང་བྱས་ཏེ་སློབ་རའི་སྒྱུ་རྩལ་ཇེ་ལེགས་སུ་གཏོང་བ་དང༌།  སྔོན་བྱོན་མེས་པོས་ང་ཚོར་བཞག་པའི་གཅེས་སུ་འོས་པའི་རིག་གནས་འདི་མ་ཉམས་དར་སྤེལ་བྱེད་པར་འབད་པ་བྱེད་རྒྱུའི་ཆོད་སེམས་མངའ་འོ། །