ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སློབ་གསོ་འཕེལ་རྒྱས་བཏང་ནས་དབུལ་པོའི་འབྱུང་རྩ་མེད་པ་བཟོས།

སྤེལ་དུས 2017-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྐྱ་རེངས།
—— བོད་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དབུལ་སྒྲོལ་ལས་དོན་སྐོར་གྱི་མྱུར་བྲིས།

           ལྗོངས་ཡོངས་ཀྱི་དབུལ་པོ་ཁྲི་69དབུལ་སྒྲོལ་ཐུབ་རྒྱུ་གཙོ་གནད་ཡིན་ལ་དཀའ་གནད་ཅིག་དེ་བས་ཀྱང་ཡིན། དེའི་བརྒྱུད་རིམ་ནང་སློབ་གསོ་འདི་ཉིད་རྩ་བཅོས་ཀྱི་སྟོབས་ཤུགས་དང་བློ་གྲོས་ཀྱི་འབྱུང་རྩ་གཞན་ལ་དཀྲི་ཐབས་མེད་པར་གྱུར་ཡོད།

           འདི་ལོ་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་10.1བཏང་ནས་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་438གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། སྐད་གཉིས་བུ་བཅོལ་ཁང་བསྐྲུན་ཤུགས་ལོ་ཤས་ནང་ཆེ་ཤོས་སུ་གྱུར་ཏེ་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་སྔར་བས་ཁྱབ་གདལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཞན་རིགས་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ཆ་རྐྱེན་ཞན་པའི་སློབ་གྲྭར་སྒྱུར་བཀོད་དང་ཞག་སྡོད་ལམ་ལུགས་ཀྱི་ལམ་གྲྭ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཐད་མ་དངུལ་སྒོར་དུང་ཕྱུར་8.2བཏང་སྟེ་སློབ་གྲྭ་2གསར་སྐྲུན་བྱས་པ་དང་། སློབ་གྲྭ་161ལེ་ལག་ཚང་དུ་དང་འཐུས་སྒོ་ཚང་དུ་བཏང་བ། སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་ཁྲི་24གསར་སྐྲུན་བྱས་པ། སློབ་གསོའི་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་བསྡོམས་འབོར་གྱི་80%ཞིང་འབྲོག་ཁུལ་དུ་བཏང་བ་བཅས་ལས་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་ཉལ་ཁང་སོགས་ཀྱི་མཁྲེགས་ཆས་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།

           —— རིན་མེད་སློབ་གསོ་ལོ་15དོན་འཁྱོལ་བྱས་ནས་2012ལོའི་དཔྱིད་དུས་ཀྱི་སློབ་དུས་སྐབས་རང་ལྗོངས་སུ་སློབ་ཞུགས་གོང་གི་ལོ་3དང་། སློབ་ཆུང་ལོ་6དམའ་རིམ་སློབ་འབྲིང་ལོ་3མཐོ་རིམ་སློབ་འབྲིང་ལོ་3(འབྲིང་རིམ་ལས་རིགས་སློབ་གྲྭ་ཚུད་པ)བཅས་ཀྱི་རིན་མེད་སློབ་གསོ་ལོ་15མངོན་འགྱུར་བྱུང་ཡོད། བོད་རང་སྐྱོང་ལྗོངས་གཞུང་བཙུགས་སློབ་གྲྭར་བསྐྱོད་མཁན་སློབ་མ་ཡིན་ཕྱིན་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག དམངས་བཙུགས་སམ་ཡང་ན་དེ་མིན་སྡེ་ཚན་གྱིས་བཙུགས་པའི་སློབ་གྲྭར་བསྐྱོད་མཁན་སློབ་མས་ཀྱང་དེ་མཚུངས་ཀྱི་ནོར་སྲིད་ཁ་གསབ་ལོངས་སུ་སྤྱོད་ཆོག

           —— ལོ་15ཡི“འགན་ལེན་གསུམ”དང་དེ་བཞིན་སློབ་སྐྱོར་མ་དངུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་དེ་འདི་ལོའི་དཔྱིད་དུས་ནས་བཟུང་སླར་ཡང་སྒོར་240མཐོ་རུ་བཏང་བས་ལོར་སློབ་མ་རེར་ཆ་སྙོམས་སྒོར་3240ཟིན་ཡོད། འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས“འགན་ལེན་གསུམ”དང་དེ་བཞིན་སློབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་15.4བཏང་བ་དང་ལོ་15ཡི་རིན་མེད་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་4.43བཏང་སྟེ་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གི་སློབ་གསོའི་འཁུར་པོ་ཡང་དུ་བཏང་ནས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་གྲྭར་སློབ་སྦྱོང་དང་། འཚོ་བ། འཚར་ལོངས་བཅས་ཡོང་ཐུབ་པའི་འགན་ལེན་བྱས་ཡོད།

           —— སློབ་ཆེན་སློབ་མ་དབུལ་པོར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཐད་རང་ལྗོངས་ཀྱིས་མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་དངུལ་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རོགས་དངུལ་སྲིད་ཇུས་ཁག་25ཡིས་རོགས་དངུལ་སྲིད་ཇུས་དང་རྣམ་གྲངས་ཡོངས་ཀྱི་63%བཟུང་བ་དང་། འདི་ལོར་རིམ་རྩིས་བྱས་ན། མཐོ་སློབ་སློབ་མར་གཏོང་རྒྱུའི་རོགས་དངུལ་སྒོར་དུང་ཕྱུར་1.77ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་ཁྲི་5.35ལ་བཏང་ཡོད། མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་སྲིད་ཇུས་ཁྱབ་ཚད་ཀྱི་བསྡུར་ཚད་དེ་30%བར་མཐོ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་ལྕག་འདེབས་བྱ་དགའ་དེ་དགེ་འོས་དང་ཞིང་འབྲོག་དང་། ནགས་ལས། ཆུ། ས་གཤིས། གཏེར་ཁ་སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ལ་མཁོ་ཆེ་བའི་དམིགས་བསལ་རིག་ཚན་ཆེད་ལས་ཀྱི་སློབ་མར་ཕྱོགས་པ་དང་། དགེ་འོས་དང་དེ་བཞིན་ཞིང་འབྲོག་དང་། ནགས་ལས། ཆུ། ས་གཤིས། གཏེར་ཁ་སོགས་ཆེད་ལས་ཀྱི་རིན་མེད་སློབ་གསོའི་ཁ་གསབ་ཚད་གཞི་དེ་སྔའི་སྒོར་5600ནས་སྒོར་6600བར་མཐོ་རུ་བཏང་ཁར་རྩ་ཆག་གཉིས་དང་ཁ་གསབ་གཅིག་གི་ཁྱབ་རྒྱ་ཆེ་རུ་བཏང་བ་རེད། ས་ཁུལ(གྲོང་ཁྱེར)དང་རྫོང་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡུལ་དེའི་སློབ་ཆེན་སློབ་མར་རོགས་དངུལ་དང་བྱ་དགའ་སྤྲད་ནས་ཁོང་ཚོར་སློབ་སྦྱོང་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་བྱས་པ་དང་མིག་སྔར་ས་ཁུལ་ཁག་གཅིག་གིས་དེ་མཚུངས་ཀྱི་རོགས་དངུལ་སྲིད་ཇུས་བཏོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་ས་ཁུལ་གྱིས《ཁྱིམ་ཚང་དབུལ་པོའི་སློབ་མར་རོགས་དངུལ་སྤྲོད་པའི་སྐོར་གྱི་ནག་ཆུ་ས་ཁུལ་གྱི་ལག་བསྟར་ཞིབ་སྲོལ》བཏོན་ཏེ་ནག་ཆུ་ས་ཁུལ་གྱིས་ནོར་སྲིད་ནས་ལོ་ལྟར་སྒོར་ཁྲི་500དང་། བོད་སྐྱོར་ནས་སྒོར་ཁྲི་100 ས་ཁུལ་སློབ་གསོ་ཅུས་ནས་སྒོར་ཁྲི་100བཅས་བཏང་བ་དང་དེ་མིན་གྱི་སྤྱི་ཚོགས་ཞལ་འདེབས་སོགས་ལས་གྲུབ་པའི་སློབ་མ་དབུལ་པོའི་ཆེད་དོན་ཐེབས་རྩས་སློབ་ཆེན་སློབ་མ་དབུལ་པོ་མི་རེ་ངོ་རེའི་རོགས་དངུལ་ཚད་གཞི་སྒོར་8000ཡན་མཐོ་རུ་བཏང་ཡོད།

           བོད་ལྗོངས་ཀྱི་མི་འབོར་དབུལ་པོའི་ལག་རྩལ་མི་འདང་བ་དང་ངལ་རྩོལ་པར“ལས་ཀ་བྱེད་པར་ལག་རྩལ་མེད་པ་དང་། ལས་གཏོད་བྱེད་པར་བསམ་ཕྱོགས་མེད་པ། ཞིང་ལས་བྱས་ན་ཡོང་འབབ་ཉུང་བ”བཅས་ཡོངས་ཁྱབ་ངང་གནས་པའི་ད་ཡོད་ཀྱི་གནས་ཚུལ་ལ་དམིགས་ཏེ། རང་ལྗོངས་ཀྱིས་ལས་རིགས་སློབ་གསོ་བཏང་ནས་མང་ཚོགས་ཕྱུག་པོར་འགྱུར་བ་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་ཡོད། 2016ལོར་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་མི་འབོར་ནང“དམའ་འབྲིང་དང་མཐོ་འབྲིང་ཐོན་པའི་སློབ་མ”2200ཡོད་པ་རྣམས་ལ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་འཕྲལ་དུ་ཁ་ལོ་བའི་ལག་རྩལ་དང་། སྡེ་ཁུལ་སློབ་གསོ། གྲོང་ཚོའི་སྨན་པ། བོད་སྨན། སློབ་ཞུགས་གོང་གི་སློབ་གསོ། འདེབས་འཛུགས་དང་གསོ་ཚགས་སོགས་ཀྱི་ཆེད་ལས་གསོ་སྦྱོང་བྱས་ཤིང་། ད་བར་འབྲིང་རིམ་ལས་རིགས་སློབ་གྲྭས་རིགས་ཁག་གི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས55གཉེར་ནས་ཞིང་འབྲོག་པ་8400ལྷག་ཙམ་གསོ་སྦྱོང་བྱས་པ་རེད། རྫོང་རིམ་པའི་ལས་རིགས་སློབ་གསོའི་ལྟེ་གནས་གཞི་རྟེན་དུ་བྱས་ཏེ། ཞིང་འབྲོག་པར་སྤྱོད་གོ་ཆོད་པའི་ལག་རྩལ་བསླབས་ནས་ད་བར་ཞིང་འབྲོག་པ་མི་ཐེངས་ཁྲི་2ལྷག་ཙམ་གསོ་སྦྱོང་བྱས་ཡོད། དེ་དང་ཆབས་ཅིག་སློབ་གསོའི་དབུལ་སྒྲོལ་གྱི་དམིགས་ཚད་དང་ལས་འགན་ལ་གཞིགས་ཏེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས《དབུལ་སྒྲོལ་འགག་སྒྲོལ་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་ཆེད་དོན་སློབ་བསྡུའི་འཆར་གཞི་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ》ཞིབ་འཇུག་བྱས་ནས་བཀྲམས་ཏེ་ལས་རིགས་སློབ་གསོའི་ཆེད་དོན་སློབ་མ་1400བསྡུ་རྒྱུའི་འཆར་གཞི་གཤམ་བསྒྲགས་བྱས་པ་དང་རྨང་གཞི་ཅུང་ཡག་པའི“དམའ་འབྲིང་དང་མཐོ་འབྲིང་ཐོན་པའི་སློབ་མ”ལས་རིགས་སློབ་གླིང་ལ་རིག་གནས་དང་ལག་རྩལ་སྦྱོང་བར་བཏང་ཡོད། འབྲིང་རིམ་ལས་རིགས་དང་མཐོ་རིམ་ལས་རིགས་ཀྱི་རྒྱུན་མཐུད་དང་བབ་བསྟུན་གྱི་སློབ་གསོའི་ལམ་ལུགས་བརྒྱུད“དམའ་འབྲིང་དང་མཐོ་འབྲིང་ཐོན་པའི་སློབ་མར”ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་པ་དང་། ལག་རྩལ་ལ་བརྟེན་ནས་ལས་ཞུགས་གཞན་སྒྱུར། ལག་རྩལ་སྤྱད་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་མ་བཏང་ཡོད། ད་ཆ་ས་ཁུལ་དང་གྲོང་ཁྱེར་ཁག་གི་སློབ་བསྡུའི་ལས་ཀ་མཇུག་འགྲིལ་ཉེར་ཡོད་པ་རེད།

           མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ལས་ཞུགས་ལ་སྐུལ་མ་དང་ལྷག་པར་དུ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མའི་ལས་གཏོད་ལས་ཞུགས་བྱ་ནུས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གིས《མཐོ་སློབ་དཀྱུས་མའི་གསར་གཏོད་ལས་གཏོད་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཏོན་ཏེ་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་བརྒྱབ་པ་དང་། ལས་ཞུགས་ལས་གཏོད་ཀྱི་སློབ་གསོའི་སློབ་ཚན་ཆ་ཚང་པོའི་ངང་མང་ཙམ་འཚོགས་པ། ལས་རིགས་ཀྱི་མདུན་ལམ་འཚོལ་རྒྱུའི་འཆར་གཞི་བཟོ་བར་ཤུགས་བརྒྱབ་པ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་ཞུའི་ལས་ཀ་ཧུར་ཐག་བསྒྲུབས་ཏེ་སློབ་ཐོན་སློབ་མའི་གདན་ཞུའི་འདུ་ཚོགས་ཐེངས་70ལྷག་ཙམ་མཐུན་སྦྱོར་ངང་གཉེར་བར་ལས་ཞུགས་ལས་གནས་སྣ་ཚོགས་5000ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཕྲུ་གུའི་ལས་ཞུགས་སློབ་གསོ་དང་ལས་ཀར་ཁྲིད་སྟོན་བྱ་རྒྱུར་དམིགས་ཏེ། གཅིག་ལ་གཅིག་གཏད་ཀྱི་ལས་ཞུགས་རོགས་སྐྱོར་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཕྲུ་གུའི་ལས་ཞུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་གྱིས“མི་གཅིག་ལས་ཞུགས་ཐུབ་ནས་ཁྱིམ་མི་ཚང་མ་དབུལ་སྒྲོལ”ཐུབ་པ་བྱས་ཡོད།

           ས་ཁུལ་དབུལ་པོའི་སློབ་གསོ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་སློབ་གསོའི་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་ཐུབ་ཆེད། རང་སྐྱོང་ལྗོངས་ཀྱིས《དབུལ་སྒྲོལ་འགག་སྒྲོལ་གྱི་སློབ་གསོའི་རོགས་སྐྱོར་ཚོད་ལྟའི་ཇུས་གཞི་པར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དུས་ཐོག་ཏུ་བཏང་སྟེ། ལྗོངས་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོའི་ཆ་འགྲིག་རོགས་སྐྱོར་དང་། འོས་འགན་སློབ་གསོའི་ཆ་འགྲིག་རོགས་སྐྱོར། མཐོ་འབྲིང་དཀྱུས་མའི་ཆ་འགྲིག་རོགས་སྐྱོར། ལས་རིགས་སློབ་གསོའི་ཆ་འགྲིག་རོགས་སྐྱོར་སོགས་སློབ་གསོའི་དབུལ་སྐྱོར་རོགས་སྐྱོར་བྱེད་ཐབས་བཞི་བཏོད་ཡོད།

           སློབ་གསོའི་དབུལ་སྐྱོར་ཡག་པོ་བྱ་རྒྱུ་ནི་ས་ཁུལ་དབུལ་པོའི་ཕྲུ་གུ་ཚོར་དངོས་པོའི་ཐོག་ནས་རོགས་པ་བྱ་རྒྱུ་ཙམ་མ་ཡིན་པར། ཕྲུ་གུ་རྣམས་ལ་འབྱུང་འགྱུར་གྱི་མི་ཚེའི་བདེ་སྐྱིད་དང་སླད་ཕྱིན་གྱི་འགྲོ་ལམ་མཛེས་སྡུག་ལྡན་པ་ཞིག་ཡོང་རེ་བྱེད་པའི་ནུས་ཆེ་རུ་དང་གོ་སྐབས་ཐོབ་པ་བྱ་རྒྱུ་དེ་རེད།