ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

བོད་ཁུལ་གྱི་བདེ་ཐང་སྐོར་གྱི་དེབ་ཕྲེང་ཐོག་མ་འགྲེམ་སྤེལ་བྱས་པ།

སྤེལ་དུས 2017-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀླུ་མོ།
          ཟླ༡༡པའི་ཚེས ༡༩ ཉིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱིར་བསྒྲགས་པའི་གསར་འགྱུར་ལྟར་ན།ཀྲུང་གོའི་བོད་ཁུལ་གྱི་བདེ་ཐང་སྐོར་གྱི་དེབ་ཕྲེང་ཐོག་མ་འགྲེམས་སྤེལ་བྱས་ཡོད་པ་དང་། དེབ་ཕྲེང་དེ་ནི་བོད་ཁུལ་གྱི་རོང་འབྲོག་དམངས་ཚོགས་ལ་དེང་རབས་ཀྱི་སྤྱི་ཚོགས་བདེ་ཐང་དང་།ལུས་ཁམས་བདེ་སྲུང་། རིམས་ནད་སྔོན་འགོག་གི་འདུ་ཤེས་གསར་བ་བརྒྱུད་སྤྲོད་དང་།བོད་ཁུལ་གྱི་རོང་འབྲོག་དམངས་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་རྒྱུད་ལ་ཆགས་པར་སྐུལ་འདེད་བྱེད་པར་དམིགས་ཡོད།
          བོད་རྒྱ་སྐད་གཉིས་བདེ་ཐང་སྐོར་གྱི་དེབ་ཕྲེང་དེར་བསྡོམས་པས་དེབ་ལྔ་ཡོད་དེ། 《བདེ་ཐང་གི་གོ་དོན་གསར་བ》དང་《མ་བུ་བདེ་སྲུང་གི་ཤེས་བྱ》《མཐོ་སྒང་གི་ནད་རིགས་སྔོན་འགོག་ལག་དེབ》《ཟས་རིགས་བདེ་ཐང་དང་མྱུར་སྐྱོབ་ཤེས་བྱ》《རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྨན་བཅོས་ཤེས་བྱ་དང་བདེ་ཐང་ལག་དེབ》བཅས་ཡིན་པ་དང་། ཡིག་གྲངས་ཁྲི༡༦ཡོད་ལ་པར་སྐྲུན་གྱི་སྔ་གཞུག་ཏུ་ལོ་ངོ་གཉིས་འགོར།
          མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་དེབ་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རིན་བསོད་ལོས་ངོ་སྤྲད་པ་ལྟར་ན།དེབ་ཕྲེང་དེ་ནི་གཙོ་བོ་མིའི་རིགས་ཀྱི་བདེ་ཐང་ལ་ཤན་ཤུགས་ཐེབས་པའི་འགོས་ནད་སྔོན་འགོགསྦྲུམ་སྔོན་གྱི་བདེ་ཐང་མཛུབ་སྟོན། མཐོ་སྒང་ས་ཁུལ་གྱི་རྒྱུན་མཐོང་ནད་རིགས་བཅས་དང་།བོད་ཁུལ་གྱི་བྱི་ནད་དང་། མཆིན་འབུའི་ནད། ཨེ་ཙིའི་ནད།ཁྱི་ནད།གློ་གཅོང་སྔོན་འགོག་སོགས་ཕྱོགས་མང་པོར་འགྲེལ་བཤད་བྱས་ཡོད་པ་དང་། དེ་ནི་ནང་དོན་ཕུན་སུམ་ཚོགས་ལ་གོ་བདེ་བའི་སྐད་ཆའི་སྦྱོར་བར་བརྟེན་ཡོད་པས་དམངས་ཚོགས་དང་མཐོ་སྒང་གི་འཚོ་བར་ཐག་ཉེ་ལ། བཀོལ་སྤྱོད་ཀྱི་རང་བཞིན་དང་མཛུབ་སྟོན་གྱི་རང་བཞིན་ལྡན་ཡོད། བསོད་ལོས་བཤད་རྒྱུར།བདེ་ཐང་གི་གནད་དོན་ནི་ཉིན་རེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་གླེང་གཞིར་འགྱུར་བཞིན་ཡོད་ལ། བོད་ཁུལ་ཡང་དེ་བཞིན་ནོ། ། བདེ་ཐང་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་དང་ཤེས་ཡོན་གྱི་འདུ་ཤེས་ལ་འགྱུར་བ་གཏོང་དགོས་ལ། དམངས་ཀྱི་བདེ་ཐང་གི་ཆུ་ཚད་འཕེལ་རྒྱས་སུ་བཏང་སྟེ་བདེ་སྐྱིད་བསྐྲུན་དགོས།འཕེལ་རྒྱས་དང་ཤེས་ཡོན་དར་འཕེལ་དང་ཆབས་ཅིགདེབ་ཕྲེང་འདིས་མིག་སྔར་གྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐང་ཡོད།བསོད་ལོའི་རེ་བ་ནི་དེབ་ཕྲེང་འདིས་བོད་ཁུལ་གྱི་རོང་འབྲོག་དམངས་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་མཐོར་འདེགས་དང་། ཤེས་ཡོན་དར་འཕེལ་དུ་བཏང་སྟེ་བོད་ཚང་དག་གི་རྒྱུན་མཐོང་གི་ནད་རིགས་སྔོན་འགོག་ལ་དགེ་མཚན་བསྐྲུན་རྒྱུ་དེའོ།

  ཁ་བྱང་ཕྱི་མོ།   བོད་ཁུལ་གྱི་བདེ་ཐང་སྐོར་གྱི་དེབ་ཕྲེང་ཐོག་མ་འགྲེམ་སྤེལ་བྱས་པ།