ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

པེ་ཅིང་སློབ་ཆེན་གྱི་འབུམ་རམས་པའི་སློབ་མས་དཔྱད་རྩོམ་བཤུ་འབྲི་བྱས་རྐྱེན་སློབ་གནས་མེད་པར་བཟོས།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ། དཀོན་མཆོག་བཀྲ་ཤིས།
          ཟླ ༧ པའི་ཚེས ༡༧ ཉིན་ཀྲུང་གོའི་གསར་འགྱུར་དྲ་རྒྱར་བཀོད་དོན། པེ་ཅིང་ཧའེ་ཏེན་ས་ཁུལ་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་པོད་འཕྲིན་དུ་པེ་ཅིང་སློབ་ཆེན་གྱི་འབུམ་རམས་པའི་སློབ་གནས་བླངས་ཟིན་པའི་སློབ་མ་ཡུས་ག་གེ་མོའི་རིག་གཞུང་དཔྱད་རྩོམ་བཤུ་འབྲི་བྱས་ཡོད་རྐྱེན་སློབ་གནས་མེད་པར་བཟོས་ཤིང་། ཡུས་ག་གེ་མོས་པེ་ཅིང་སློབ་ཆེན་ཁྲིམས་ཁང་ལ་གཏུགས་ནས་རང་གི་སློབ་གནས་ཕྱིར་བདག་སྤྲོད་བྱེད་དགོས་པར་རེ་བ་བཏོན་འདུག་པས། ཟླ ༧ པའི་ཚེས ༡༧ ཉིན་ཧའེ་ཏེན་ཁྲིམས་ཁང་གིས་གྱོད་དོན་རྩད་ཞིབ་བྱས་ཞེས་བསྒྲགས་འདུག

          པེ་ཅིང་སློབ་ཆེན་གྱི"བཤུ་འབྲིའི་ལྟག་སྒོ"ལ་སྔ་མོ་ནས་མི་མང་གིས་དོ་ཁུར་བྱེད་བཞིན་ཡོད། དོ་བདག་ཡུས་ཡན་རུའུ་ནི ༢༠༠༨ ལོར་པེ་ཅིང་སློབ་ཆེན་གྱི་ལོ་རྒྱུས་རིག་པའི་འཛམ་གླིང་ལོ་རྒྱུས་ཀྱི་འབུམ་རམས་པའི་ཆེད་ལས་ལ་རྒྱུགས་འཕྲོད་ཅིང་། ༢༠༡༣ ལོའི་ཟླ ༧ པར་འབུམ་རམས་པའི་སློབ་གནས་བླངས་ནས་མཐར་ཕྱིན།

          ན་ནིང་ཟླ ༨ པའི་ནང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་རིག་གཞུང་དུས་དེབ《རྒྱལ་སྤྱིའི་གསར་འགྱུར་སྡེ》ཡིས་དུས་དེབ་དེ་རུ་བཀོད་པའི་ཡུས་ཡན་རུའུ་ཡི་དཔྱད་རྩོམ་བཤུ་འབྲི་བྱས་ཡོད་པར་བསྒྲགས། ཡུས་ཡན་རུའུ་སྐབས་དེར་སློབ་མཐར་ཕྱིན་ཚར་མོད། པེ་ཅིང་སློབ་ཆེན་གྱིས་གནས་ཚུལ་ལ་རྩར་བཅད་ཅིང་། ད་ལོའི་ཟླ ༡ པའི་ཚེས ༩ ཉིན་ཡུས་ཡན་རུའུ་ཡི་སློབ་གནས་མེད་པར་བཟོས། ཡུས་ཡན་རུའུ་ཡིས་ཐག་གཅོད་དེ་ཁུར་མ་ཐུབ་པར་པེ་ཅིང་སློབ་ཆེན་ཁྲིམས་ལ་ཞུ་སྦྱོར་བྱས།

          ད་ལོའི་ཟླ ༣ པའི་ཚེས ༡༧ ཉིན་པེ་ཅིང་སློབ་ཆེན་གྱི་བརྡ་ཁྱབ་ཏུ་པེ་ཅིང་སློབ་ཆེན་སློབ་མའི་ཞུ་གཏུགས་ཐག་གཅོད་ཁང་གིས་དོན་དག་གི་མགོ་འཇུག་བར་གསུམ་ལ་བསྐྱར་ཞིབ་དང་གྲོས་བསྡུར་གྱིས་ཡུས་ཡན་རུའུ་ཡི་དཔྱད་རྩོམ་བཤུ་འབྲི་བྱས་ཡོད་པ་ཐག་བཅད་ནས་ཁོ་མོའི་འབུམ་རམས་པའི་སློབ་གནས་མེད་པར་བཟོ་རྒྱུ་གཏན་ཁེལ་བྱས།

          ཡུས་ཡན་རུའུ་ཡིས་ཀྱང་ད་ལོའི་ཟླ ༣ པའི་ཚེས ༡༨ ཉིན་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་ཁག་ལ་རང་གི་བསླབ་གནས་ཕྱིར་བདག་སྤྲོད་བྱ་རྒྱུར་རེ་སྐུལ་བྱས།

          ཟླ ༥ པའི་ཚེས ༢༢ ཉིན་གྱི་ཕྱི་དྲོར་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་ཁོ་མོའི་རེ་ཞུ་ལ་ཁྲིམས་ལྟར་ན་བཏང་ལེེན་དང་རྒྱབ་སྐྱོར་མི་ཐུབ་པའི་འཕྲིན་ལན་སྐུར་འདུག

     ཁ་བྱང་ཕྱི་མོ། པེ་ཅིང་སློབ་ཆེན་གྱི་འབུམ་རམས་པའི་སློབ་མས་བཤུ་འབྲི་བྱས་རྐྱེན་སློབ་གནས་མེད་པར་བཟོས།