ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

བོད་ཀྱི་གནའ་བོའི་བརྡ་ཐབས་སྣ་ཚོགས་སྤྱིར་བཤད་པ།

སྤེལ་དུས 2012-04-26 ཡོང་ཁུངས། བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ། རྩོམ་པ་པོ། ཚེ་རྡོར་གྱིས་སྒྲིག

    གངས་ཅན་སྰ་ལའི་སྨན་ལྗོངས་ཕྱུག་མོའི་ར་བ་ཡངས་པོ་འདི་རུ་མིའི་འགྲོ་བ་བྱུང་བའི་དུས་མཚུངས་སུ་སྲོག་འཚོ་འབྲེལ་འདྲིས་ཀྱི་དགོས་དབང་གིས་སྒྲའི་ལད་ཟློས་དང་ཡིད་ཀྱི་འགྱུར་བ་ཐོལ་བྱུང་དུ་བཏོན་པ་སོགས་ལས་ལུས་ཉམས་དང་ཟུང་དུ་སྦྲེལ་བའི་སྟབས་བདེ་བརྗོད་ཉུང་གི་སྐད་ཆ་ཐོག་མར་བྱུང་སྟེ། རྟོགས་བཏགས་ཀྱིས་མིང་དོན་གྱི་འབྲེལ་བ་མངོན་ཞེན་ལྟར་ཐུན་མོང་དུ་གྲགས་ཤིང་ཕན་ཚུན་བསམ་བློ་བརྗེ་རེས་དང་མྱོང་ཐོབ་སྣ་ཚོགས་བུ་རབས་ཚ་རྒྱུད་ལ་སྤེལ་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར། ཡིན་ན་ཡང་ངག་ནི་ཐོས་འཛིན་སྣ་ཤེས་ཀྱི་མཉན་བྱ་ཁོ་ནའི་གེགས་ཞན་གྱིས་ཡུལ་དང་དུས་ཀྱི་བསྐལ་བའི་ཆ་ལ་མཐུ་རྡུགས་པས་ཡུལ་ཉེ་བ་དང་ད་ལྟའི་མངོན་མཐོང་གི་དོན་འབའ་ཞིག་གོ་བྱེད་ཙམ་དུ་ཟད་པས། ལོ་རེ་བཞིན་གྱི་དམག་རྒྱག་གཉེན་སྐྱོང་དང་སྲིད་ཇུས་ལུགས་དྲིས་ཀྱི་འདས་དོན་ཟིན་འགོད་དང་ལས་སྒོ་སྣ་ཚོགས་པའི་བརྗོད་དོན་ཁད་རིང་བའི་ཡུལ་དུ་སྐྱེལ་བའི་འགོས་འཁོ་ཇི་བཞིན་སྐོང་མ་ཐུབ་པར་ངག་གི་མཚོན་བྱེད་ནུས་པའི་བརྡ་ཐབས་སྣ་ཚོགས་ཤིག་ཁ་ཚ་དགོས་གཏུག་གིས་བྱུང་ནས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཕན་ནུས་གལ་ཆེན་ཞིག་བཏོན་ཀྱང་། རིམ་གྱིས་བརྡ་ཐབས་སྔ་མ་ལས་ལྷག་པའི་ཕྱི་མ་དག་སྤེལ་བས་ད་ལྟ་བརྡ་ཐབས་སྣ་ཚོགས་ལ་སྐད་ཆ་དང་འདྲ་བར་བརྩི་མཐོང་བྱེད་ཀྱིན་མེད་མོད། ཅི་སྟེ་བརྡ་ཐབས་སྣ་ཚོགས་ཀྱི་རམ་འདེགས་མེད་ན་སྐྱེས་བུའི་ངག་སྦྱོར་ཁོ་ནས་མངོན་ལྐོག་ཅི་རིགས་ཀྱི་བརྗོད་དོན་ཐམས་ཅད་གསལ་རྗེན་དུ་སྟོན་མི་ཐུབ་པས། ད་ལྟའི་དམངས་ཀྱི་འཚོ་བ་དང་། ཆོས་ཀྱི་ལས་ཆོག སྔོན་གྱི་ཡིག་ཚང་རྣམས་སུ་ཅི་སྣང་རང་བློས་ནུས་ཚོད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཅུང་ཟད་དཔྱད་པར་བྱའོ།