ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

མི་རིགས་སྐད་ཡིག་ལ་སྲུང་སྐྱོབ་བྱ་དགོས།

སྤེལ་དུས 2011-08-24 ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
  མདའ་མོ་གཅིག་གིས་བོད་ཁམས་སིལ་བུར་གཏོར་ཏེ་ལོ་ངོ་ཆིག་སྟོང་ཆིག་བརྒྱ་ལྷག་འདས་ནའང་།ངཚོའི་སྐད་དང་ཡི་གེ་ཡིས་ང་ཚོ་ད་བར་དུ་གོང་བུ་གཅིག་ཏུ་བསྒྲིལ་ནས་བསྡད་པ་རེད། དེང་གི་དུས་འདིར་རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་སྐད་དང་བོད་ཡིག་རང་ཉིད་ཀྱིས་དོར་དང་འདོར་བཞིན་ཡོད། ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གིས“མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཡིན”ཞེས་གསུངས་ཡོད་པ་ལས་ང་ཚོས་སྐད་དང་ཡི་གེ་དང་མི་རིགས་ཤིག་གི་དར་རྒུད་བར་གྱི་འབྲེལ་བ་རྟོགས་ཐུབ།
    
ངས་ནམ་རྒྱུན་གཞན་ལ་ཁ་བརྡ་བྱེད་སྐབས།   སྐད་ཆའི་སུམ་ཆའི་གཅིག་ཙམ་རྒྱ་སྐད་ཀྱིས་མ་བཤད་ན་ཕ་རོལ་པོར་བརྡ་སྤྲོད་དཀའ་ལ།   དེ་བཞིན་དུ་གཞན་གྱིས་ཀྱང་ང་ལ་ཁ་བརྡ་བྱེད་སྐབས། སྐད་ཆའི་སུམ་ཆའི་གཅིག་ཙམ་རྒྱ་སྐད་ཀྱིས་མ་བཤད་ན་ངས་ཀྱང་ཕ་རོལ་པོའི་བཤད་པའི་སྐད་ཆའི་དོན་མི་གོ་བས།   སློབ་གྲོགས་ཚོས་རྒྱུན་དུ་ང་ལ་འཕྱ་དགོད་བྱེད་པ་དང་། དབང་རྩ་ལ་སྐྱོན་ཤོར་བ་ཞིག་ཏུ་རྩི་བཞིན་ཡོད། དེ་ལ་ཅི་ཁག   སྔོན་ཆད་ངས་ཕ་རོལ་པོས་ཕ་སྐད་རྣལ་མས་ང་ལ་ཁ་བརྡ་བྱེད་དུས། དེ་དག་གིས་མཁས་ཚུལ་སྟོན་གྱིན་འདུག་སྙམ་པ་ཡིན།   བསྲེས་སྐད་ཉ་ཉོག་བཤད་མཁན་མང་ལ། བོད་སྐད་རྣལ་མ་བཤད་པ་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པའི་ཚུལ་དུ་གདའ་བ་འདི་སུ་ལན་པ་ཡིན།   ང་ཚོས་སྔར་བཞིན་འདི་ལྟར་བྱས་ན།   ནམ་ཞིག་གི་ཚེ། བརྩིགས་ན་རི་རབ་ཀྱི་དཔངས་ལས་མཐོ་ཞིང་།   བཀྲམ་ན་ས་གཞི་ཁེངས་པར་བྱེད་པའི་གསུང་རབ་ལས་བོད་ཟེར་བ་ཞིག་ལོ་རྒྱུས་ཙམ་དུ་འགྱུར་ངེས་རེད། མི་རིགས་གང་ཡིན་ཡང་དེ་ལ་རང་གི་སྐད་ཆ་རེ་ཡོད་པ་དང་། ཐུན་མོང་གི་སྐད་ཆ་དེ་ལས་རང་རང་གི་ཡི་གེ་བྱུང་བ་ཡིན།   དེའི་ཕྱིར།   ཡི་གེས་མི་རིགས་གང་དེའི་རིག་གནས་དར་སྤེལ་གྱི་ཐད་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཞིག་འདོན་གྱིན་ཡོད་པས། ང་ཚོས་རང་གི་སྐད་ཡིག་སྲུང་སྐྱོབ་དང་རང་གི་ཡི་གེ་འདི་འཛིན་སྐྱོང་སྤེལ་གསུམ་བྱས་ན། ཕྱོགས་གཅིག་ནས་རང་གི་ཕ་སྐད་གཙང་མ་མི་ཉམས་ཡུན་བརྟན་དང་། རིག་གནས་དར་སྤེལ་ལ་སྐུལ་འདེད་བྱེད་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་མི་རིགས་འདི་ཚུགས་ཐུབ་པའི་རྩ་བའི་མཐུན་རྐྱེན་ཡང་བསྐྲུན་ཐུབ་པ་ཡིན།
     
མདོར་ན། རང་གི་ཡི་གེ་མ་ཉམས་ན་ཕ་སྐད་ཀྱང་ཉམས་མི་སྲིད་ལ། དེ་བཞིན་དུ་ཕ་སྐད་མ་ཉམས་ན་མི་རིགས་ཀྱང་ཉམས་མི་སྲིད་པས། སྐད་ཡིག་ནི་རང་རེའི་བླ་སྲོག་ཡིན་པ་དང་། ཇི་སྲིད་སྐད་ཡིག་མ་ཉམས་བར་དུ། བོད་མི་རིགས་འདི་ཡང་ཉམས་མི་སྲིད་དོ།