ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྐད་དང་ཡི་གེ་ཉམས་སུ་འཇུག་མི་རུང་།

སྤེལ་དུས 2011-08-24 ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།    རྩོམ་པ་པོ། སྒྲོལ་མས་བསྒྲིགས།
    བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མིས་རང་གི་ཤེས་རབ་ཀྱི་མཐུ་དང་རིག་པའི་རྩལ་ལ་བརྟེན་ནས་བོད་ཀྱི་ཡི་གེ་གསར་བཟོ་བྱས་པས།   བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ཞིང་། སྲིད་འབྱོར་རིག་གསུམ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་བ་རེད།   དེ་ནས་གནམ་གྱིས་ས་བཀབ་པ་ལྟ་བུའི་ལོ་པཎ་བྱེ་བས་སྦྱངས་བརྩོན་ལྷོད་མེད་བྱས་མཐར་བོད་ཀྱི་རིག་གནས་ནི་འཛམ་གླིང་རིག་གནས་བང་མཛོད་ཁྲོད་གཟི་འོད་རྣམ་པར་བཀྲ་བའི་དཀོན་ནོར་ཞིག་ཏུ་གྱུར་འདུག
  
ང་ཚོས་ཡབ་མེས་ཀྱིས་བཞག་པའི་ཤེས་རིག་གི་ཉིང་བཅུད་དང་། མི་རིགས་ཤིག་གི་ཆགས་འཇིག་མཚོན་ནུས་པའི་ནོར་བུ་འདི་དག་ལས་མི་ལོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཤེས་པར་མ་ཟད། བཤེས་གཉེན་མང་བོ་ཞིག་གི་རྔུལ་ཆུ་ལས་ཐོན་པའི་ཤེས་རབ་ཀྱང་མཐོང་ཐུབ།
   
མི་རབས་མང་བོ་བརྒྱུད་པའི་དུས་དེ་རིང་། རང་གཤིས་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཤོར་བའི་མི་ཁ་ཤས་དང་།   མི་རིགས་ལ་བརྩེ་འདང་མེད་པའི་མི་སྐོར་ཞིག་གིས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྣང་མེད་དུ་བསྐྱུར་ཏེ། གཞན་སྐད་སྨྲ་བ་རང་གི་འཇོན་ཐང་དུ་ངོམ་བཞིན་ཡིན་ལ། དེ་མི་ཚད་རང་ཉིད་ཀྱི་བུ་དང་བུ་མོ་ཡང་གཞན་མི་རིགས་ཀྱི་རྗེས་སུ་འབྲང་དུ་བཅུག་ནས་མི་རིགས་ཀྱི་འདུ་ཤེས་ཉམས་སུ་འཇུག་བཞིན་ཡོད།
  
 འདི་ནི་རྩ་བ་བོར་ནས་ཡལ་ག་འཛིན་པའི་དཔེ་ཡིན་པས།   མི་རིགས་གཞན་གྱི་སྐད་རིགས་སྦྱངས་ན་བཟང་མོད།   འོན་ཀྱང་ཡབ་མེས་ཀྱི་སྐད་རིགས་རྩ་བ་ནས་དོར་ན་མི་རིགས་རང་གི་ངོ་ཚ་ཞིག་རེད།
  
དེ་བས།   ང་ཚོས“སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན”ཞེས་པ་ལྟར་རང་མི་རིགས་ཀྱི་སྐད་ཡིག་གི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་བྱེད་ཀྱི་རྒྱུ་དེ་འབད་པས་བཙལ་ཏེ། མི་ལོ་སྟོང་ཕྲག་དུ་མ་རིང་གི་ལོ་རྒྱུས་ལྡན་པའི་མི་རིགས་རང་གི་སྐད་དང་ཡི་གེ་འདི་ལ་གཅེས་སྤྲས་དང་དར་སྤེལ་དུ་བཏང་ནས།   ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ངང་ནས་རྗེས་རབས་པ་དག་ལ་སྐུལ་སློང་བྱས་ཏེ་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཉམས་སུ་མི་འཇུག་པ་དེ་ནི་ང་ཚོའི་འགན་འཁྲི་ཉག་གཅིག་གོ།