ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྐད་ཡིག་འཕེལ་རྒྱས་སུ་འགྲོ་བར་བཏོན་པའི་བསམ་འཆར།

སྤེལ་དུས 2011-08-24 ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།    རྩོམ་པ་པོ། སྒྲོལ་མས་བསྒྲིགས།
 སྤྱིར་སྐད་དང་ཡི་གེ་ནི་མི་རིགས་གྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན།
  བོད་མི་རིགས་ལ་གནའ་ནས་ཐུན་མོང་གི་སྐད་དང་བརྡ་སྤྲོད་ཀྱི་གཞུང་ལུགས་འཐུས་ཚང་ཞིག་ཡོད་པ་འདི་ནི་ང་ཚོའི་གཟི་བརྗིད་རེད། ཡིན་ཡང་། དུས་ཀྱི་འཕེལ་འགྱུར་དང་ཤེས་རིག་གསར་བ་དར་དྲགས་པའི་དབང་གིས་བོད་ཀྱི་སྐད་ཡིག་ལ་ངང་ངམ་ཤུགས་ཀྱིས་ཤན་ཤུགས་སྣ་ཚོགས་ཐེབས་བཞིན་ཡོད་ལ། ལྷག་པར་དུ་སྐད་ཡིག་གི་གྲུབ་ཆར་གྱུར་པའི་མིང་དང་ཐ་སྙད་གསར་བའི་རིགས་གཅིག་གྱུར་བྱས་མེད་པ་འདིས་བོད་སྤྱིའི་སྐད་བརྡར་ལྷད་ཞུགས་དང་ཞུགས་བཞིན་ཡོད་པ་དེས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་དར་ཤེས་རིག་གོང་འཕེལ་དུ་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད། མིག་སྔར་དགོས་གལ་ཆེས་ཆེ་ཤོས་ནི་བོད་ཀྱི་སྤྱི་སྐད་འཕེལ་རྒྱས་སུ་གཏོང་དགོས་པ་དེ་ཡིན། སྤྱི་སྐད་འཕེལ་རྒྱས་སུ་གཏོང་བའི་འགག་རྩ་ནི་ཐ་སྙད་གསར་བའི་རིགས་གཅིག་གྱུར་བྱ་རྒྱུ་དེ་ཡིན།
   རང་ཉིད་ནི་སློབ་འབྲིང་སློབ་མ་ཞིག་ཡིན་པའི་ཆ་ནས། ཕྱོགས་དེར་ནུས་ཤུགས་འདོན་བསམ་ཡང་ཆུ་ཚད་ལ་བཀག་རྒྱ་ཡོད་པས་ཅི་ཡང་བྱ་མི་ནུས་མོད། སེམས་ལ་ནམ་ཡིན་ཡང་བསམ་ཚུལ་དེ་ལྟ་བུ་ཞིག་འཆར་བཞིན་འདུག ངའི་བསམ་ཚུལ་དེ་མངོན་འགྱུར་བྱ་དགོས་ན། མི་རིགས་ཡོངས་ཀྱིས་ཐོག་མར་སྐད་ཆ་དང་སྐད་ཡིག་ཐད་ལ་རང་ནུས་ཅི་ཡོད་ཀྱིས་ཧུར་བརྩོན་བྱ་དགོས་ལ། མི་རེ་རེས་དྲི་མེད་ཀྱི་བསམ་སྦྱོར་ལ་བརྟེན་ཏེ་མི་རིགས་ལ་མདུན་ལམ་བསྐྲུན་པར་འབད་དགོས། དེ་ལྟར་བྱས་ན་མི་རིགས་ཡོངས་ལ་ཐུན་མོང་གི་བསམ་བློ་རེ་འབྱུང་ངེས་པས་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་མཉམ་འདོན་བྱ་ཐུབ་པར་མ་ཟད། མི་རིགས་འདི་ཡང་བསྐལ་བ་མ་སྟོང་བར་དུ་གནས་ཐུབ་པ་ཡིན་ནོ།།