ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

བོད་རིགས་ཀྱི་གཞོན་ནུ་ཆུང་ཆུང་ལགས།

སྤེལ་དུས 2011-08-24 ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།    རྩོམ་པ་པོ། སྒྲོལ་མས་བསྒྲིགས།
  བདག་ནི་ནུབ་ཕྱོགས་ཨ་རི་རྒྱལ་ཁབ་ཀྱི་མི་ཡིན་ལ། ང་རང་ཨ་རི་ན་ཡོད་དུས་བོད་ཅེས་པའི་རླབས་ཆེན་གྱི་མི་རིགས་ཤིག་དང་བོད་ཡིག་ཅེས་པའི་ཁྱད་འཕགས་ཀྱི་ཡི་གེ་ཞིག་ཡོད་པ་ཐོས་པས། ངས་ལོ་ལྔ་ལ་བོད་ཀྱི་མཁས་པ་ཞིག་གི་དྲུང་ནས་བོད་ཡིག་བོད་སྐད་རྐྱང་རྐྱང་སྦྱངས་ཏེ་ན་ནིང་ལོར་བོད་ས་བོད་ཡུལ་འདིར་ཡོང་བ་ཡིན། བོད་ལ་བསླེབས་མ་ཐག་ང་རང་ཡ་མཚན་པར་གྱུར་པ་ཞིག་ནི་ཁྱོད་ཚང་གི་སྨན་ཚོང་ཁང་ལྟ་བུའི་གྲོང་ཁྱེར་གྱི་ཚོང་ཁང་རེ་རེའི་སྟེང་དུ་བྲིས་ཡོད་པའི་སྒོ་བྱང་དག་རེད།   སྒོ་བྱང་དེ་དག་གི་སྟེང་དུ་མི་རིགས་ཤིག་གི་སྐྱོ་སྣང་དང་འཇིགས་ཡེར་བའི་ཉེན་ཁས་ཁེངས་འདུག དཔེར་ན། “མགོ་བཞར་ཁང”དང“མི་དང་རླངས་འཁོར་ཉལ་ས”“དུ་མེད་རང་སྲེག་ཁང་”ད་དུང་ཁྱོད་ཚང་གི“སྒྲོལ་མའི་སྨད་ཚོང་ཁང”སོགས་མང་བོ་ཞིག་མཐོང་བྱུང་། དེའི་ཕྱིར། གཞོན་ནུ་ཁྱོད་ཀྱིས་ཞིབ་ཏུ་ཐེངས་ཤིག་ལྟོས་དང་། ཁྱོད་ཚང་གི་སྒོ་བྱང་སྟེང་དུ་བྲིས་ཡོད་པ“སྨད”ཡིག་རེད། ཁེ་ཉིན་དེ་ལྟར་བྱེད་དོན་ནི་སྤྱིར་ངས་ཁྱོད་ཚང་ལ་དྲན་གསོ་ཞིག་བྱེད་འདོད་པ་ཡིན་མོད། མ་བསམས་ས་ནས་འགལ་བ་འདི་བྱུང་བ་རེད། ངས་ཁྱོད་མིང་སྲིང་གཉིས་ངོ་ཚར་གཏད་པ་ང་རང་ལན་ཡང་། ཁྱོད་ཚང་གི

“སྨད་ཚོང་ཁང”ཞེས་བྲིས་པའི་ཡིག་འབྲུ་གསུམ་པོ་དེས་ཐ་ན་དགོན་པའི་གྲྭ་པ་རྣམས་ལའང་འགྲོ་ལམ་བདེ་མོ་ཞིག་བྱིན་མེད་པ་རེད། ཨ་ལ་ཀུ་རེ་ཡིན། ངའི་རེ་བ་ཡིན་ན། ཁྱོད་ལྟ་བུའི་བོད་རིགས་གཞོན་ནུ་རྣམས་ཀྱིས་ཉེན་ཁ་ལ་ཐུག་པའི་བོད་སྐད་བོད་ཡིག་མྱུར་སྐྱོབ་བྱ་རྒྱུ་དེ་ཡིན་ནོ།།

ཞེས་བོད་མིང་ལ་རྟ་མགྲིན་དུ་འབོད་པའི་ཕྱི་རྒྱལ་གྱི་གཞོན་ནུ་ཞིག་གིས་2011ལོའི་ཟླ་4བའི་ཚེས་10ཉིན།

   བདག་གིས་ཡི་གེ་འདི་བཀླགས་ཚར་རྗེས། ཁོང་ཁྲོའི་མེ་ལྕེ་རང་བཞིན་དུ་ཞི་ཞིང་འགྱོད་གདུང་གི་ན་ཟུག་ཅིག་སྙིང་རྩར་རྒྱུ་བཞིན་དུ་ཕྱི་རྒྱལ་གྱི་གསར་བུ་དེའི་ཁང་བའི་གྱང་ངོས་སུ་བཀལ་ཡོད་པའི་མཁས་དབང་ཚོའི་ལེགས་བཤད་དང་གྲལ་འགྲིག་པོར་བསྒྲིགས་ཡོད་པའི་བོད་དཔེ་མང་བོ་ཞིག་མིག་ལམ་དུ་ཡང་བསྐྱར་རེས་མོས་སུ་འཁོར་བྱུང་། གློ་བུར་དུ་རླངས་འཁོར་ཁ་ལོ་པས་ང་རང་ཐང་ལ་བོབས་ཞེས་བསྐུལ་པས། བདག་ཐང་ལ་བབས་ཏེ་ཚོང་ཁང་གི་སྒོ་བྱང་ལ་བལྟས་པ་ན།   ངོ་མ་འཆུག་འདུག “སྨད་ཚོང་ཁང”ཞེས་པའི་ཡིག་འབྲུ་གསུམ་གྱིས་ང་རང་གི་ངོ་གདོང་བསྲེགས་ཤིང་ཚོང་ཁང་གི་སྒོ་བྱང་ཇི་ལྟར་བླངས་ནས་ཇི་ལྟར་བཅག་པའང་མ་ཤེས།
   
ཉིན་གཅིག་གི་རྗེས་སུ“སྒྲོལ་མའི་སྨན་ཚོང་ཁང”ཞེས་པའི་སྒོ་བྱང་བཅའ་དག་ཅིག་ཚོང་ཁང་གི་སྒོ་སྟེང་དུ་བཀལ་མོད། མཐོ་སྒང་གི་གྲོང་ཁྱེར་མང་བོ་ཞིག་ན་འདི་ལྟ་བུའི“ནད་དུག”ཅན་གྱི་སྒོ་བྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པར་བསམས་ན། ངོ་ཚ་དང་སྐྲག་སྣང་། བྲེལ་འཚུབ་བཅས་ཀྱིས་རང་སེམས་བདེ་ཐབས་ཤིག་མི་འདུག