ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

བྱིས་པར་སོ་སྐྱེས་པའི་སྐབས་སུ་འབྲུ་རྩིང་མང་དུ་བཟའ་རུ་འཇུག་དགོས།

སྤེལ་དུས 2019-11-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ རྩོམ་པ་པོ།
བྱིས་པར་སོ་སྐྱེས་པའི་སྐབས་སུ་འབྲུ་རྩིང་མང་དུ་བཟའ་རུ་འཇུག་དགོས།

        “ངེད་ཚང་གི་བྱིས་པས་ཉིན་རེར་སོ་ཐེངས་གཉིས་ལ་བཀྲུ་བ་དང་།ད་རུང་སོ་སྨན་བྱུགས་ཏེ་ཁ་སྦུག་གི་གཙང་སྦྲར་དོ་སྣང་ལེགས་པོ་བྱས་ནའང་ད་རུང་སོ་འབུ་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་ཁྱིམ་བདག་མང་པོ་ཞིག་གིས་འདི་ལྟར་འདྲི་བ་རེད།དེ་ནི་སོ་བཀྲུ་སྟངས་དང་སོ་བཀྲུ་བའི་གོམས་སྲོལ་འགྲིག་མེད་པ་ལས་གཞན། ད་རུང་དེང་རབས་ཀྱི་སྙོར་སྐྱོང་བྱེད་སྟངས་ཀྱིས་ཀྱང་བྱིས་པའི་སོ་ལ་གནོད་འཚེ་གཏོང་གིན་ཡོད།

        དེང་སྐབས་ཀྱི་ཕ་མ་མང་པོ་ཞིག་གིས་བྱིས་པར་འབྲུ་རྩིང་བཟའ་རུ་མི་འཇུག་པ་རེད།དཔེར་ན།རྒྱུན་དུ་སྒོང་སྤྲི་དང་སྒོ་ངའི་བག་ལེབ་སོགས་འབྱར་བག་ཆེ་བའི་ཟས་རིགས་མང་དུ་བཟའ་རུ་འཇུག་པ་དང་།སིལ་ཏོག་རིགས་ཀྱི་ཁུ་བ་བཙག་རྗེས་བྱིས་པར་འཐུང་དུ་འཇུག་པ་རེད།སྙོར་སྐྱོང་བྱེད་སྟངས་འདིའི་རིགས་ཀྱིས་བྱིས་པའི་སོ་ལ་ལྡད་པའི་སྦྱོང་བརྡར་མི་ཐོབ་པ་དང་།མ་མགལ་གྱི་རུས་པར་ཕོག་ཐུག་ཐེབས་མི་ཐུབ་པས།དེ་ལྟར་ཡུན་རིང་འགོར་ན་མ་མགལ་གྱི་རུས་པའི་རིང་ཚད་ཇེ་རིང་དུ་འགྲོ་བ་ལས་ཞེང་ཚད་དང་མཐུག་ཚད་ལ་འཚར་ལོངས་འབྱུང་མི་ཐུབ་པས་སོ་ལ་གནོད་པ་ཆེན་པོ་ཐེབས་པ་རེད།

        སོ་ལ་སྲུང་སྐྱོབ་བྱེད་དགོས་ན།ངེས་པར་དུ་སྲ་ཞིང་མཁྲེགས་པོ་ཡིན་པའི་འབྲུ་རྩིང་གི་རིགས་དང་ཚིལ་སྣ་འདུས་པའི་ཟས་རིགས་འོས་འཚམ་གྱིས་བཟའ་དགོས་པ་སྟེ།དཔེར་ན།སྲན་མའི་རིགས་དང་ཇིན་ཚལ་གྱི་རིགས་ལྟ་བུ།བཟའ་བའི་སྐབས་སུ་ཞིབ་མོར་ལྡད་པ་ལས་ཁྱུར་མུར་གཏོང་མི་རུང་།དེ་ལྟར་བྱས་ན་ད་གཟོད་ལྡད་པའི་ཤ་གནད་ལ་སྦྱོང་བརྡར་ཐོབ་པ་དང་།མ་མགལ་གྱི་རུས་པར་ཕོག་ཐུག་ཐེབས་ཏེ།སོ་བདེ་ཐང་ཡོང་བར་ཕན།དུས་མཚུངས་སུ་ཞིབ་ཏུ་བལྡད་ན་ད་རུང་མཆིལ་མ་ཟགས་ཐོན་བྱུང་སྟེ།ཁ་སྦུག་ལ་གཙང་སྦྲ་བྱེད་པའི་ནུས་པ་ཆེན་པོ་ཐོན་ཐུབ་བོ། །
རྩོམ་སྒྲིག་པ།སྣང་རྡོར།