ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཁྱེད་ཀྱིས་གཟིཊ་རྗེས་གཞན་ལ་སྐུར་དང་། ཕན་ཐོཊ་ངེས།

སྤེལ་དུས 2019-11-28 ཡོང་ཁུངས། རྩོམ་པ་པོ།
བྱ་སྤྱོད་འདི་དག་གིས་སྐྲན་ནད་ཕོག་པར་བྱེད།
       ①ཐ་མག་འཐེན་པ།
       ཐ་མག་འཐེན་པ་ནི་གློ་བའི་འབྲས་སྐྲན་ཕོག་པར་བྱེད་པའི་གཤེད་མ་གཏེ་པོ་དེ་རེད། རྡོ་ཐའི་ནང་རྫས་འགྱུར་དངོས་པོ་བརྒྱ་གྲངས་འདུས་པའི་ཁྲོད་དངོས་རྫས་60ལྷག་ཚང་མ་འབྲས་སྐྲན་དང་འབྲེལ་བ་ཡོད། ཐ་མག་མང་པོ་འཐེན་མཁན་ཚོར་སྐྲན་ནད་ཕོག་ཚད་དེ་ཐ་མག་མི་འཐེན་མཁན་ལས་ལྡབ་17གྱིས་མང་བ་ཡོད།
       ཨ་རིར། སྐྲན་ནད་ཕོག་མཁན་བརྒྱ་ཆ་ལྔ་བཅུར་ཉེ་བ་ཐ་མག་འཐེན་པས་འཆི་ལམ་དུ་བཏང་ཡོད། རྒྱལ་སྤྱིའི་དུས་དེབ་JAMA Internal Medicineཞེས་པའི་ཐོག་སྤེལ་བའི་ཞིབ་འཇུག་དཔྱད་རྩོམ་ཞིག་གི་ནང་། ཨ་རིའི་འབྲས་སྐྲན་སློབ་ཚོགས་ཀྱི་ཞིབ་འཇུག་མི་སྣས། སྤྱི་ལོ་2011ལོར་རང་ལོ་35དང་དེ་ཡན་ཟིན་པའི་དར་མ་སྐྲན་ནད་རིགས་12ཀྱིས་རྐྱེན་པས་གྲོངས་པའི་མི་གྲངས་ཁྲི་34.6ཟིན་པ་དང་། དེའི་ཁྲོད་ཀྱི་མི་བརྒྱ་ཆ་48.5ལ་སྐྲན་ནད་ཕོག་ནས་གྲོངས་རྐྱེན་ཚང་མ་ཐ་མག་འཐེན་པ་དང་འབྲེལ་བ་ཡོད་ཅེས་བསྟན་འདུག
       ②ཆང་རག་འཐུང་བ།
       ཆང་རག་ག་ཚོད་ཀྱིས་མང་བ་བཏུང་ན་སྐྲན་ནད་ཕོག་པའི་ཉེན་ཁ་དེ་ཚོད་ཀྱིས་ཆེ་བ་ཡོད། ཆང་བཅུད་ཀྱིས་མཆིན་པར་བཟོ་བའི་ཉེན་ཁ་ནི་རིམ་གསོག་བྱེད་པ་སྟེ། ཆང་བཅུད་རང་བཞིན་གྱི་མཆིན་ཚིལ་རྒྱས་པ་ནས། ཆང་བཅུད་རང་བཞིན་གྱི་མཆིན་ཚད་དང་། དེ་ནས་ཆང་བཅུད་རང་བཞིན་གྱི་མཆིན་པ་མཁྲེགས་གྱུར། མཐའ་མར་མཆིན་སྐྲན་དངོས་སུ་ཕོག་པ་བཅས་དོན་དངོས་ཐོག་མཆིན་སྐྲན་ཕོག་པར་བརྒྱུད་རིམ་བཞི་པོ་དེ་ལས་བརྒྱུད་དགོས་མེད། དེར་བརྟེན། ཆང་རག་ཚོད་མེད་བཏུང་ཚེ། ཆང་རག་པི་ཙི་གང་རེས་མཆིན་སྐྲན་དང་བར་ཐག་གོམ་པ་གཅིག་གིས་ཉེ་རུ་འགྲོ་བཞིན་ཡོད།
     ཆང་བཅུད་མང་ཆེ་བ་མཆིན་པའི་ནང་དུ་སླེབས་རྗེས་གཞི་ནས་སྙིགས་འདོར་བྱེད་པ་དང་། ཉུང་ཤས་ཙམ་མཁལ་མ་དང་གློ་བས་སྙིགས་འདོར་བྱེད་ཀྱི་ཡོད། ཆང་རག་འབོར་ཆེན་བཏུངས་པའི་རྗེས། མིའི་གཟུགས་པོའི་ནང་ཁྲུན་ཁ་པ་འབོར་ཆེན་ཕུང་གསོག་ཐེབས་ནས། ཕུང་གྲུབ་དང་དབང་པོ་མང་པོ་ཞིག་ལ་དུག་ཕོག་གི་ཡོད། དེ་ཡང་དཔེར་ན་ཕྲ་ཕུང་DNAལ་གཏོར་སྐྱོན་བཟོ་བ་དང་། སྐྲན་ནད་ཕོག་པ་སོགས་ལྟ་བུའོ།
       ③ ཁ་ལག་ཡག་པོ་མི་ཟ་བ།
       མི་མང་པོ་ཞིག་གིས་དུས་རྒྱུན་ལྟོ་དུས་གསུམ་དུས་ཐོག་ཏུ་མི་ཟ་བའམ་ཕྱི་རོལ་དུ་ཁ་ལག་སྟབས་བདེ་རེ་བཟས་ནས་ཁྱད་བསད་བྱེད་པ་དང་། ཡང་མི་འགའ་རེས་ཐ་ན་བསྲེགས་ཟས་དང་། ཁ་ཚ་ལྕེ་སྦིར་སོགས་ཟས་རིགས་ཐབས་ཆག་ཁོ་ན་ཟས་ནས་གྲོད་པ་རྒྱགས་ཐབས་བྱེད་པའི་ཁར། ད་དུང་མཚན་མོ་གཉིད་ཉལ་རྒྱུ་ཕྱི་དྲགས་པ་དང་དུ་ཆང་ཚད་ལས་འདས་པ་བརྟེན་པ་སོགས་དེ་ལྟར་དུས་ཡུན་རིང་པོ་སོང་བའི་རྗེས། གཟུགས་པོའི་འཚོ་བཅུད་དོ་སྙོམས་མིན་པ་ཆགས་པས་མི་ཚད། ད་དུང་བསྲེགས་ཟས་དང་། དམར་འདུར་བསྙལ་མ། ཁ་ཚ་ལྕེ་སྦིར་སོགས་གཙང་སྦྲ་ཞན་པའི་ཟས་རིགས་ཀྱི་རྐྱེན་པས་ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་པ་དང་། ཕོ་བའི་གཅོང་ནད། བད་ཀན་སྨུག་པོ་སོགས་ཀྱི་ནད་ཕོག་པ་དང་། དེ་ལྟར་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད།
       ④ཉིན་ལྟར་ཡིད་མུག་ནས་སྡོད་པ།
       བསྡོམས་རྩིས་དཔྱད་གཞི་ལས་མངོན་པ་ལྟར་ན། སྤྱིར་བཏང་གི་མི་དང་བསྡུར་ན། རྟག་རྒྱུན་ཡིད་མུག་ནས་སྡོད་མཁན་གྱི་མིར་སྐྲན་ནད་ཕོག་ཚད་དེ་རྟག་རྒྱུན་བག་ཕེབས་པོར་སྡོད་མཁན་ལས་ལྡབ་15ཡིས་མང་བ་ཡོད། འོན་ཀྱང་དེང་རབས་གསོ་རིག་ལས་ཤེས་རྟོགས་ཐུབ་པ་ཞིག་ནི། བར་ཆད་འཕྲད་ནས་ཡུན་རིང་ཡིད་མུག་པ་དང་། སེམས་ཁྲལ་ཁྲོད་ལྷུངས་བ། འཇིགས་སྣང་བྱེད་པ། སྐྱོ་གདུང་བྱེད་པ་སོགས་དངངས་འཚབ་ཁྲོད་གནས་པའི་མིར་སྐྲན་ནད་ཕོག་སླ་པོ་ཡོད་པ་དེ་རེད། བསམ་བློ་གཏོང་སྟངས་དང་སེམས་ཁམས་འཁྱེར་སྟངས་ལས་ཐད་ཀར་སྐྲན་ནད་ཕོག་གི་མེད། འོན་ཀྱང་གང་དེའི་དལ་གཤིས་དང་རྒྱུན་མཐུད་རང་བཞིན་གྱི་ཟུག་སློང་དབང་གིས་གཟུགས་གཞིའི་ནད་འགོག་ནུས་པར་ཤུགས་རྐྱེན་ཐེབས་ཏེ། དབང་རྩའི་ནུས་པ་དང་ནང་ཟགས་ནུས་པ་ཤོར་བ་བརྒྱུད། འབྲས་སྐྲན་ཕྲ་ཕུང་གིས་ནད་འགོག་ནུས་པ་གཏོར་ཏེ། འབྲས་སྐྲན་ནད་ཕོག་གི་ཡོད།

02
བྱ་སྤྱོད་འདི་དག་གིས་སྐྲན་ནད་སྔོན་འགོག་ཐུབ།
       ① ཉིན་ལྟར་ཟས་རིགས་སེར་པོ་དང་སྔོ་ལྗང་མང་ཙམ་མཆོད་དགོས།
       ལྗར་པན་གྱི་སྐྲན་ནད་སྔོན་འགོག་ཞིབ་འཇུག་ཁང་གི་འགོ་འཛིན་བིང་ཧྲན་ཞུང་གིས་ཞིབ་འཇུག་གནང་བ་བརྒྱུད། ཟས་རིགས་སེར་པོ་དང་སྔོ་ལྗང་གིས་སྐྲན་ནད་ཕོག་ཚད་ཉུང་དུ་གཏོང་ཐུབ་པ་ར་སྤྲོད་གནང་ཡོད། རྒྱུ་མཚན་གང་ལགས་ཤེ་ན་ཟས་རིགས་དེ་ཚོའི་ཁྲོད་ཕུན་སུམ་ཚོགས་པའི་གུང་ལ་ཕུག་གི་འཚོ་བཅུད་ལྡན་པ་དང་། གུང་ལ་ཕུག་གི་བཅུད་ནི་འཚོ་བཅུད་རྒྱུ་ཆ་Aཡི་སྔོན་འགྲོ་ཡིན་ཞིང་། གཟུགས་པོའི་ནང་སླེབས་རྗེས་འཚོ་བཅུད་རྒྱུ་ཆ་Aལ་འགྱུར་ཐུབ་ཀྱི་ཡོད། འཚོ་བཅུད་རྒྱུ་ཆ་Aརིགས་ཀྱི་འདྲེས་འགྱུར་དངོས་རྫས་ལ་ཕྱི་སྐྱིའི་ཕྲ་ཕུང་རྒྱུན་ལྡན་ལྟར་འཚར་ལོངས་ཐུབ་རྒྱུར་ཚོད་འཛིན་བྱེད་པའི་དབྱེ་འབྱེད་བྱེད་ནུས་ལྡན་པས། ཕྱི་སྐྱིའི་ཕྲ་ཕུང་སྐྲན་ནད་བཀག་འགོག་ཐུབ། ཉེ་དུས་ཀྱི་ཞིབ་འཇུག་འབྲས་བུ་ཞིག་ལས། སྔོ་ཚལ་སེར་པོ་དང་ལྗང་ཁུའི་ནང་འདུས་པའི་བུལ་སེལ་རྒྱུ་ཆར་སྐྲན་འགོག་ནུས་པ་ལྡན་པ་ར་སྤྲོད་ཐུབ་ཡོད།
       ② ཉིན་ལྟར་རྐང་ཐང་ལ་ཆུ་ཚོད་1འགྲོ་བ།
       ཨ་རིའི་ཀློག་པ་པོའི་རྩོམ་ཡིག་གནད་བསྡུས་ཞེས་པའི་དུས་དེབ་དེའི་ནང་། ཉིན་ལྟར་ཟ་མ་བཟས་པའི་རྗེས་གོམ་པ་ཆུ་ཚོད་ཕྱེད་ཀ་སྤོ་བའམ་ཡང་ན་གཟའ་འཁོར་རེར་འཆམ་འཆམ་དུ་ཆུ་ཚོད་བཞི་ཕེབས་ན། གཤེར་རྨེན་འབྲས་སྐྲན་ཕོག་ཚད་ལྡབ་ཕྱེད་ཀས་ཉུང་དུ་གཏོང་ཐུབ་པ་བསྟན་ཡོད། ཧ་ཧྥུ་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གིས་མི་ཁྲི་7ལ་ཡུན་རིང་བརྟག་དཔྱད་བྱས་པ་བརྒྱུད། ཉིན་ལྟར་གོམ་པ་ཆུ་ཚོད་གཅིག་སྤོས་ཚེ། རྒྱུ་ལོང་འབྲས་སྐྲན་ཕོག་ཚད་ལྡབ་ཕྱེད་ཀས་ཉུང་དུ་གཏོང་ཐུབ་པ་བསྟན་ཡོད།
     ཐན་ཅིན་གསོ་རིག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་སུན་པའོ་ཚུན་གྱིས། དེ་ནི་གཤེར་མའི་འབྲས་སྐྲན་དང་གཟུགས་པོའི་དྲོད་ཚད་གཉིས་འབྲེལ་བ་ཆེན་པོ་ཡོད་པས། གོམ་པ་སྤོས་ན་ཚ་ཚད་ཟད་གྲོན་ཐུབ་ནས། ཐད་ཀར་གཤེར་མའི་འབྲས་སྐྲན་སྔོན་འགོག་བྱེད་ཐུབ་པ་མ་ཟད། ད་དུང་འགུལ་སྐྱོད་བྱས་པའི་རྗེས་གཟུགས་པོ་ནས་ཐོན་པའི་རྔུལ་ཆུས་གཟུགས་པོའི་ནང་གི་ཞ་ཉེ་དང་། སི་སོགས་འབྲས་སྐྱེས་དངོས་རྫས་གཟུགས་པོའི་ཕྱིར་འབུད་ཐུབ་ནས། འབྲས་སྐྲན་འགོག་རྒྱུར་ནུས་པ་ཐོན་པ་གསལ་འགྲེལ་གནང་ཡོད།
       ③ ཉི་མ་སྐར་མ་15སྲོ་བ།
       གྲགས་ཅན་གྱི་གསོ་རིག་དུས་དེབ་འབྲས་སྐྲན་ཞིབ་འཇུག་ཅེས་པའི་ནང་སྤེལ་བའི་ཞིབ་འཇུག་རྕོམ་ཡིག་ནང་། རྒྱུན་དུ་ཉི་མ་སྲོ་རྒྱུར་དགའ་བའི་སྐྱེས་པར་མདུན་ཆགས་རྨེན་བུའི་འབྲས་སྐྲན་ཕོག་ཚད་དེ་ཉི་མ་སྲོ་རྒྱུར་མི་དགའ་བའི་སྐྱེས་པ་ལས་ལྡབ་གཅིག་གམ་ཐ་ན་བརྒྱ་ཆ་65ཡིས་ཉུང་བ་ཡོད་པ་བསྟན་ཡོད། དེ་ནི་ཉི་མའི་འོད་ཟེར་གྱིས་མདུན་ཆགས་རྨེན་བུའི་ནད་ཕོག་ཚད་ཉུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་སྟེ། ཉི་མ་སྲོ་བ་བརྒྱུད་གཟུགས་པོ་ནས་འཚོ་བཅུད་རྒྱུ་ཆ་Dཡི་གྲུང་གཤིས་གྲུབ་ཆ་ཐོན་པས་རེད། འཚོ་བཅུད་རྒྱུ་ཆ་Dཡིས་མདུན་ཆགས་རྨེན་བུའི་ཕྲ་ཕུང་རྒྱུན་ལྡན་ལྟར་སྐྱེ་འཕེལ་ཐུབ་རྒྱུར་རོགས་འདེད་ཐུབ་ནས། མདུན་ཆགས་རྨེན་བུའི་ཕྲ་ཕུང་ཁྱབ་སྤེལ་འགྲོ་རྒྱུ་བཀག་འགོག་ཐུབ་ཀྱི་ཡོད།
       འོན་ཀྱང་ཉི་མ་སྲོ་བའི་དུས་ཚོད་རིང་དྲགས་རྒྱུ་མེད་ཅིང་། ཉི་མ་སྲོ་རྒྱུར་འཚམ་ཤོས་ཀྱི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་9~11པའི་བར་དང་། ཕྱི་
       དྲོའི་ཆུ་ཚོད་4~6པའི་བར་ཡིན་པ་དང་། ཐེངས་གཅིག་ལ་དུས་ཚོད་སྐར་མ་10~20བར་ཉི་མ་སྲོས་ན་འཚམ་པོ་ཡོད།
       ④ ངེས་པར་དུ་གཉིད་ཆུ་ཚོད་7འདང་བ་ཉལ་དགོས།
       ཨ་རིའི་འབྲས་སྐྲན་ཞིབ་འཇུག་ལྷན་ཚོགས་ཀྱིས་བརྟག་དཔྱད་བྱས་པར་གཞིགས་ན། དགོང་ལྟར་གཉིད་ཉལ་བའི་དུས་ཚོད་ཆུ་ཚོད་7མི་ཟིན་པའི་ བུད་མེད་ལ་ནུ་མའི་འབྲས་ཕོག་ཚད་བརྒྱ་ཆ་47གྱིས་མཐོ་བ་ཡོད་པ་བསྟན་ཡོད། དེ་ནི་གཉིད་ཉལ་སྐབས་བུད་མེད་ཚོའི་གཟུགས་པོའི་ནང་ནས་ནག་ཕུད་སྐུལ་རྒྱུ་ཐོན་པ་བརྒྱུད། བུད་མེད་ཀྱི་སྐུལ་རྒྱུ་ཕྱིར་འབུད་རྒྱུ་དལ་དུ་ཕྱིན་ ནས། ནུ་འབྲས་བཀག་འགོག་ཐུབ་ཀྱི་ཡོད།
       ཧྲང་ཧའེ་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་ཀྱི་གཉིད་མི་ཁུག་པའི་ནད་སྨན་བཅོས་རོགས་ལས་མཐུན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཧྲེ་མིང་གིས། རབ་བྱུང་ན་ཉིན་ལྟར་མཚན་མོའི་ཆུ་ཚོད་10དང་ཕྱེད་ཀ་ནས་ཁ་ངོ་གདོང་འཁྲུ་བྱས་ཏེ། ཆུ་ཚོད་11པའི་གོང་གཉིད་ཉལ་དགོས་པ་དང་། ཞོགས་པ་ཆུ་ཚོད་6-7པའི་བར་མལ་ལས་ལངས་དགོས་པའི་གྲོས་འགོ་བཏོན་ཡོད། འཇར་མན་གྱི་གཉིད་འགུག་ཆེད་མཁས་ཀྱིས་ད་དུང་། ཉིན་དགུང་གི་ཆུ་ཚོད་དང་པོ་ནི་མི་རྣམས་ཀྱིས་ཉིན་མོའི་དགུང་དུ་གཉིད་ལོག་པའི་དུས་ཚོད་ཡག་ཤོས་ཤིག་རེད། སྐབས་དེར་གཉིད་ཅུང་ཟད་ཉལ་ཚེ། མིའི་གཟུགས་པོའི་ནད་འགོག་ཕྲ་ཕུང་གྲུང་དུ་ཕྱིན་ནས། འབྲས་སྐྲན་བཀག་འགོག་ཐུབ་པའི་ནུས་པ་ཐོན་གྱི་ཡོད་ཅེས་བསྟན་ཡོད།
       ⑤ མངར་ཆ་ཉུང་ཙམ་མཆོད་པ།
       ཞིབ་འཇུག་འབྲས་བུ་མང་པོ་ཞིག་ལས། མངར་ཆ་མང་པོ་མཆོད་ཚེ་སྐྲན་རིགས་ཁ་ཤས་ཕོག་ཚད་མཐོ་རུ་འགྲོ་བ་བསྟན་ཡོད། སྤྱི་ལོ་2004ལོར། ཨ་རིའི་རྒྱལ་ཁབ་འབྲས་སྐྲན་ཞིབ་འཇུག་ཁང་གིས་འབྲས་སྐྲན་དང་མངར་ཆ་འདུས་ཚད་མཐོ་བའི་ཟས་རིགས་བར་ངན་འབྲེལ་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས། མཁྲིས་སྦུག་འབྲས་སྐྲན་ཕོག་པའི་མིར་བརྟག་དཔྱད་བྱས་པ་ཞིག་ལས། མངར་ཆ་མཆོད་མང་བའི་མིར་མཁྲིས་སྦུག་འབྲས་སྐྲན་ཕོག་ཚད་མངོན་གསལ་དོད་པོས་མཐོ་བ་ཡོད་པ་བསྟན་ཡོད། གཞན་ད་དུང་དར་རྒྱས་ཆེ་བའི་རྒྱལ་ཁབ་21ཏུ་བརྟག་དཔྱད་བྱས་པའི་འབྲས་བུ་ཞིག་ལས། སྤུས་དག་མངར་ཆ་ནི་བུད་མེད་བགྲེས་སོང་ལ་ནུ་སྐྲན་ཕོག་པའི་འབྱུང་རྐྱེན་ཡིན་བཟོ་ཆེ་བ་བསྟན་ཡོད། ཉིན་ལྟར་མངར་ཆ་ཁེམ་བུ་ཆུང་ཆུང་5མཆོད་མཁན་ཚོར་གཤེར་མའི་འབྲས་སྐྲན་ཕོག་པའི་ཉེན་ཁ་མངར་ཆ་མི་མཆོད་མཁན་ལས་བརྒྱ་ཆ་70ཡིས་མཐོ་བ་ཡོད་པ་བསྟན་ཡོད། ལྗར་པན་གྱི་ཞིབ་འཇུག་མི་སྣས་ཞིབ་འཇུག་བྱས་པ་ལས། དུས་རྒྱུན་མངར་ཆའི་རིགས་མཆོད་རྒྱུར་མཉེས་པའི་མིའི་གཟུགས་པོའི་རིམས་འགོག་བྱེད་ནུས་ཞན་དུ་སོང་ནས། འབྲས་སྐྲན་ཕོག་ཚད་སྤྱིར་བཏང་མི་ལས་ལྡབ་4ནས་5ཡིས་མཐོ་བ་ཡོད་པ་བསྟན་ཡོད།
རྩོམ་སྒྲིག་པ།སྣང་རྡོར།