“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཕྲུ་གུའི་བློ་སྒོ་འབྱེད་པར་ཚིག་མཛོད་འདི་མེད་དུ་མི་རུང་བ་ཞིག་སྣང་།

སྤེལ་དུས 2019-12-02 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
                                                                                             བློ་དང་བརྩོན་འགྲུས་ཡོད་གྱུར་པ།།
                                                                                             དེ་ཡིས་བསྒྲུབ་པར་མི་ནུས་གང་།
                                                                                             དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ།།
                                                                                             སྐྱ་སེང་བུ་ཡིས་བཅོམ་ཞེས་ཐོས། 
                                                                                                   —ས་པཎ་ཀུན་དགའ་རྒྱལ་མཚན།

       ནང་དོན་གཙོ་བོ། 
       ཚིག་མཛོད་འདིའི་འགོར་རྒྱུན་སྤྱོད་འཚོ་བའི་ནང་གི་གལ་ཆེའི་མིང་ཚིག་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱལ་དར་ངོས་འཛིན་དང་། སེམས་ཅན་གྱི་མིང་། བྱ་རིགས་ཀྱི་མིང་། སྔོ་ཚལ་གྱི་མིང་། ཤིང་ཏོག་གི་མིང་། ཁྱིམ་ཆས་ཀྱི་མིང་། ཐབ་ཆས་ཀྱི་མིང་། སློབ་ཆས་ཀྱི་མིང་། ཁ་དོག་གི་མིང་། གཟུགས་དབྱིབས་ཀྱི་མིང་། འཕྲུལ་འཁོར་གྱི་མིང་། ལས་རིགས་ཀྱི་མིང་། ལྡོག་ཚིག འཚོ་བའི་བརྡ་རྟགས་ཀྱི་མིང་བཅས་ཚན་པ་བཅུ་བཞིར་དབྱེ་ནས་པར་རིས་དང་ལྷན་དུ་བཀོད་ཡོད་པ་དང་ཚིག་མཛོད་ཀྱི་མཇུག་ཏུ་སློབ་ཆུང་སློབ་མ་ཚོའི་སློབ་ཚན་དང་འབྲེལ་ཡོད་བཙན་པོ་རིམ་བྱོན་གྱི་མཚན། རྒྱུན་སྤྱོད་ཞེ་ཚིག གྲངས་ཀྱི་བརྩི་སྲོལ། རྒྱུན་སྤྱོད་རྒྱན་ཚིག རྒྱུན་སྤྱོད་མངོན་བརྗོད་བཅས་ཚོན་ལྡན་རེའུ་མིག་ཏུ་བཅུག་ནས་ཚན་པ་སོ་སོར་ཡང་ཨང་རིམ་དང་ཀ་མད་ཀྱི་གོ་རིམ་སོགས་སུ་བསྒྲིགས་ཏེ་སློབ་ཕྲུག་ཚོར་སྟབས་བདེ་བསྐྲུན་ཡོད། 
       འོས་སྦྱོར་བྱེད་དོན།
       དང་པོ། ལོ་རིམ་དང་པོ་ནས་དྲུག་པ་བར་གྱི་སློབ་དེབ་གཞིར་བཟུང་སྟེ་མིང་ཚིག་མང་པོ་ཉ་ཉུང་མཉམ་བསྲེས་མ་བྱས་པར་སློབ་ཚན་ཁག་གི་དཀའ་གནད་མིང་ཚིག་གཙོ་བོར་བཟུང་ནས་སློབ་མ་རྣམས་ཀྱི་གནས་ཚད་དང་མཐུན་ལ་ཁ་གསལ་ཞིང་། གོ་བདེ་བའི་དོན་འགྲེལ་དང་དཔེར་བརྗོད་སྦྱར་ཏེ་བསྒྲིགས་པ། 
       གཉིས་པ། འགྲེལ་བཤད་ཕན་ཚུན་མ་འདྲེས་པར་ཀློག་བདེ་ཞིང་མགོ་རྙོག་མེད་པ་དང་། མིང་ཚིག་སོ་སོའི་མིང་གཞིའི་ཁྱབ་ཁོངས་ཀྱི་ཚན་པ་རྣམས་ཀ་མད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད་པས། མིང་ཚིག་འཚོལ་བདེ་བའི་དགེ་མཚན་ལྡན་པ། 
       གསུམ་པ། པར་རིས་མང་པོ་བཀོད་པས། སློབ་ཕྲུག་ཚོས་པར་རིས་ལ་བལྟས་ན་མིང་ཚིག་མང་པོ་བློར་ངེས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ལྡན་པ། མདོར་ན་ཚིག་མཛོད་འདི་སློབ་ཆུང་སློབ་མ་ཙམ་མ་ཟད། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་བཀོལ་སྤྱོད་གནང་ནའང་ཕན་ཐོགས་ངེས་ཅན་ཡོང་ངེས་རེད།
རྩོམ་སྒྲིག་པ།སྣང་རྡོར།