“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

འབྱུང་འགྱུར་ལོ་བཅུའི་ནང་ཐོན་སྲིད་པའི་འགྱུར་ལྡོག་ཆེན་པོ་བཅུ།

སྤེལ་དུས 2019-12-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             སི་ཕེན་གྱི《རྒྱལ་ཁབ་ཚགས་པར》དྲ་ཚིགས་ཐོག་སྤྱི་ཟླ་12ཚེས་21ཉིན་རྩོམ་ཡིག་ཅིག་སྤེལ་ནས་འབྱུང་འགྱུར་ལོ་བཅུའི་ནང་ཐོན་སྲིད་པའི་འགྱུར་ལྡོག་བཅུ་ཕྱོགས་སྡོམ་བྱས་ཡོད་པ་སྟེ། དེ་དག་ནི་དངུལ་ཁང་མེད་པར་འགྱུར་བ་དང་།  ལག་འདོགས་ཆུ་ཚོད་ལས་སྨན་པར་བསྟན་ཐུབ་པ། རླངས་འཁོར་ལ་ཁ་ལོ་བ་མི་དགོས་པ། ཚད་རྡུལ་རྩིས་འཁོར་འབྱུང་བ།  དངོས་ཡོད་དང་ཤིན་ཏུ་འདྲ་བའི་རྟོག་བཟོའི་གློག་བརྙན་ཁང་འབྱུང་བ་སོགས་རེད།
             རྩོམ་ཡིག་ནང་གལ་ཏེ་གཤམ་དུ་སྔོན་དཔག་བྱས་པའི་བྱ་དངོས་དེ་དག་མངོན་འགྱུར་བྱུང་ན། དུས་རབས་21པའི་ངོ་མཚར་ནི་དུས་རབས་20པ་ལས་ཞན་མི་སྲིད་ཅེས་བཀོད་ཡོད།
             ལག་འདོགས་ཆུ་ཚོད་ནང་གི་སྨན་པ།
             མི་ཁག་ཅིག་གི་ལྟ་ཚུལ་ལྟར་ན། 2025ལོར་སླེབས་སྐབས།  འཕྲུལ་མི་དང་མིའི་རིགས་ཀྱི་དབྱེ་བ་འབྱེད་དཀའ་བར་འགྱུར་སྲིད་པ་དང་།  གཞན་ཡང་ཀུ་ཤུའི་ལག་འདོགས་ཆུ་ཚོད་དང་འདྲ་བའི་སྒྲིག་ཆས་སུ་“སྨན་པ”ཡོད་པ་དང་། དེས་ནད་ལ་བརྟག་དཔྱད་ཡག་པོ་བྱ་ཐུབ་པ་སྟེ། ཁྱེད་རང་གི་ཁྲག་ཤེད་འཇལ་ཞིང་། རྨ་ཁ་མེད་པའི་རྫས་འགྱུར་བརྟག་དཔྱད་བྱེད་པ། མ་འོངས་པར་ནད་གཞི་ག་རེ་ཕོག་མིན་སྔོན་དཔག་གནད་ལ་འཁེལ་བ་བཅས་བྱེད་ཐུབ་པ་མ་ཟད། ད་དུང་མི་མེད་གནམ་གྲུར་སྨན་སྐྱེལ་དུ་འཇུག་ཐུབ་ཀྱི་ཡོད།
             ལས་བཟོ་པའི་ཁེ་དབང་།  
             རིགས་གཅིག་མཁས་ཅན་གྱི་དགོངས་ཚུལ་ལ། རང་འགུལ་ཅན་གྱི་ལག་རྩལ་དེ་ལོ་10རིང་འཕེལ་རྒྱས་ཕྱིན་རྗེས། ང་ཚོའི་ལས་ཀའི་ཆ་རྐྱེན་དང་གླ་ཕོགས་ཐད་ཀར་མར་ཆག་སྲིད་ཅིང་། གལ་ཏེ་སྔར་བས་ཕན་ནུས་ལྡན་པའི་ལྟ་སྐུལ་དོ་དམ་དང་ཐུན་མོང་གི་སྟོབས་ཤུགས་ཆེན་པོ་མེད་ན། རང་འགུལ་ཅན་གྱིས་ང་ཚོའི་ལས་ཀ་ལ་འགྲན་རྩོད་གསར་བ་སློང་སྲིད། དེ་ནི་གཡོལ་ཐབས་མེད་པ་ཞིག་མིན་མོད། འོན་ཀྱང་ལྟ་སྐུལ་དོ་དམ་བྱེད་མཁན་དང་ངལ་རྩོལ་པས་རྒྱུན་མཐུད་དང་ཐུན་མོང་ཐོག་ཐབས་བཀོད་བཙལ་ནས་འབྱུང་འགྱུར་གསར་པ་ཞིག་གཏོད་དགོས།
             ཁ་ལོ་བ་མེད་པའི་འཇིག་རྟེན།
             ང་ཚོས་ལོ་གཅིག་ལྷག་ཙམ་རིང་གི་ཉམས་མྱོང་ལས་མཐོང་ཐུབ་པར། ལོ་བཅུའི་རྗེས་སུ། རང་བསྐོར་རླངས་འཁོར་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་སྲིད་ཅིང་། 2030ལོར་སླེབས་སྐབས། གྲོང་ཁྱེར་ཁག་ཅིག་ལ་རང་བསྐོར་རླངས་འཁོར་འགྲོ་སྐྱོད་བྱེད་པའི་བཅའ་ཁྲིམས་དང་ལག་རྩལ་གྱི་ཁོར་ཡུག་ལྡན་སྲིད།
             ཚད་རྡུལ་རྩིས་འཁོར།
             ཚོང་སྤྱོད་ཚད་རྡུལ་རྩིས་འཁོར་དེ་ཕལ་ཆེར་མ་འོངས་པའི་ལོ་བཅུའི་ནང་འབྱུང་སྲིད། གྷུ་གྷོལ་དང་། རྒྱལ་སྤྱིའི་ཚོང་སྤྱོད་འཕྲུལ་ཆས་ཀུང་སི།(IBM) ཨ་ལི་པ་པ་སོགས་ཁེ་ལས་ཆེ་གྲས་ལ་ད་ལྟ་ནས་རྩིས་འཁོར་དེ་རིགས་ཀྱི་མ་དབྱིབས་ཡོད་པ་མ་ཟད། འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད། འོན་ཀྱང་དེ་ཉིད་འཛད་སྤྱོད་པས་སྤྱོད་ཆོག་པའི་མ་ལག་ཏུ་འགྱུར་བར་ཉུང་མཐར་ཡང་ལོ་10ནས་15བར་གྱི་དུས་ཚོད་དགོས་ཀྱི་ཡོད།
             
             གྷུ་གྷོལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་སུན་ཏར་·ཕི་ཁྲའེ་(གཡོན)དང་གྷུ་གྷོལ་ཡིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཚད་རྡུལ་རྩིས་འཁོར།
             གློག་བརྙན་དུ་ཞུགས་ཐུབ་པ།
             2017ལོར་རིགས་གཅིག་མཁས་ཅན་གྱིས་ལོ་10སོང་རྗེས་སྔར་བས་གསོན་ཉམས་དོད་པའི་རྟོག་བཟོའི་འཇིག་རྟེན་ནམ་དངོས་ཡོད་དང་ཤིན་ཏུ་འདྲ་བའི་གློག་བརྙན་ཁང་མང་དུ་འགྲོ་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད་ཅིང་། མ་འོངས་པར《མཛུབ་དཀྲིས་རྒྱལ་པོ》ལ་ལྟ་སྐབས། ལྟད་མོ་བ་དངོས་སུ་གློག་བརྙན་དེའི་ནང་ཡོད་པའི་གདོན་འདྲེའི་ཡུལ་དུ་བསྐྱོད་ཆོག་ཅིང་ཧོ་པི་ཐེ་བའི་ཁང་པར་བཅར་ཆོག
མེད་དུ་མི་རུང་བའི་ཉི་ནུས་པང་ལེབ།
             ལོ་10ཡི་ནང་ཚུན་དུ། ཉི་ནུས་གློག་རྫས་པང་ལེབ་དང་ཁྱིམ་དུ་གློག་ནུས་གསོག་པའི་གློག་རྫས་ནི་ད་ལྟའི་ཁྲུས་ཁང་ལྟར་ཁྱབ་གདལ་དུ་འགྲོ་རྒྱུ་ཡིན་ཞིང་།  ལོ་10ཡི་རྗེས་སུ་ང་ཚོས་མཁའ་དབུགས་སྔར་བས་གཙང་མ་འབྱིན་རྔུབ་བྱེད་ཐུབ་ལ། རླངས་འཁོར་གྱིས་ཀྱང་འབག་བཙོག་མང་པོ་བཟོ་མི་སྲིད།
             དངུལ་ཁང་མེད་པར་འགྱུར་སྲིད།
             ཨ་རིའི་ཆི་ཏེན་སློབ་ཆེན་གྱིས་ལོ་གཉིས་ཀྱི་སྔོན་ལ་ཚོང་ལས་དངུལ་ཁང་དག་ལོ་བཅུའི་ནང་མེད་པར་འགྱུར་སྲིད་པའི་ཚོད་བགམ་བྱས་ཡོད།  ད་ལྟ་བལྟས་ན། མཇུག་འབྲས་འདི་བསྐྱེད་མཁན་ནི་ཁུལ་དུམ་འབྲེལ་མཐུད་(区块链)ཅེས་པའི་ལག་རྩལ་གསར་པ་དེ་ཡིན་ཞིང་། རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་དེ་ནི་དངུལ་ཁང་ལས་རིགས་ཀྱི་ངོས་ནས་བརྗོད་ན་ལོ་རྒྱུས་ཐོག་གཏོར་བཤིག་རང་བཞིན་ཆེ་ཤོས་ཀྱི་ལག་རྩལ་དེ་ཡིན་པ་རེད།
             བརྩེ་སེམས་ལྡན་པའི་འཕྲུལ་ཆས།
             ཨ་རིའི་མིས་བཟོས་རིག་ནུས་ཀུང་སིAffectivaཞེས་པས་རྒྱལ་ཁབ་དང་ས་ཁུལ་87ནས་ཡོང་བའི་བརྙན་ས་ཡ་6ལྷག་ལས་མིའི་ངོ་གདོང་གི་ཉམས་འགྱུར་འདྲ་མིན་གྱི་གྲངས་གཞི་འཚོལ་བསྡུ་བྱས་ཏེ། འཕྲུལ་ཆས་ལ་རིག་གནས་ཁོར་ཡུག་མི་འདྲ་བའི་ཁྲོད་ཀྱི་མིའི་དགའ་སྐྱོ་ཆགས་སྡང་སློབ་སྦྱོང་བྱེད་དུ་བཅུག་ཡོད་པ་དང་། ཀུང་སི་དེའི་དམིགས་ཡུལ་ནི་ལོ་ལྔའི་ནང་མིས་བཟོས་རིག་ནུས་དང་མིའི་རིགས་བར་“བརྩེ་སེམས”སྐྱེ་བར་བྱ་རྒྱུ་དེ་ཡིན།

              ལྗར་པན་ཐོ་ཁེའོ་ཡི་སན་ལིང་ཏུང་ཅིང་UFJདངུལ་ཁང་དུ་“Nao”ཞེས་པའི་འཕྲུལ་མི་ཞིག་གྱང་འགྲམ་དུ་བསྡད་དེ་གློག་གསོག་བཞིན་པ། འཕྲུལ་མི་འདིས་ལྗར་པན་གྱི་སྐད་དང་དབྱིན་སྐད།  རྒྱ་སྐད་བཅས་ཀྱིས་མགྲོན་པོར་དངུལ་ཁང་གི་ལས་སྒོ་གསལ་བཤད་བྱེད་ཐུབ། (ཤིན་ཧྭ་གསར་འགྱུར་ཁང་།)
             མི་ཚང་མར་འཚམ་པའི་མིག་ཤེལ།
             Metaཀུང་སིས་སྔོན་དཔག་བྱས་པ་ལྟར་ན། རྟོག་བཟོའི་མིག་ཤེལ་དེ་ལོ་བཅུའི་ནང་རྒྱུན་གཏན་གྱི་འཚོ་བའི་ཁྲོད་འབྱུང་སྲིད་ཅིང་། ཀུང་སི་དེས་བསྟན་པར། ང་ཚོ་ཁྲོམ་གཞུང་དུ་བསྐྱོད་སྐབས་ཆ་འཕྲིན་ཆ་ཚང་བའི་རི་མོ་མཐོང་ཐུབ་ཅིང་མཉམ་འགུལ་བྱེད་སྟངས་སྣ་ཚོགས་འབྱུང་བ་དང་། ཉིན་ལྟར་རྟོག་བཟོའི་ལག་རྩལ་གྱི་རམ་འདེགས་འོག་འཚོ་བ་རོལ་སྲིད།
             མི་མེད་གནམ་གྲུ་གང་སར་ཁྱབ་པ།
             རིགས་གཅིག་མཁས་ཅན་གྱི་དགོངས་ཚུལ་ལྟར་ན། འབྱུང་འགྱུར་ལོ་ལྔའི་ནང་མི་མེད་གནམ་གྲུ་དེ་ཚོང་ལས་དང་།  ཟོག་འགྲེམ། མི་སྣ་སྐྱེལ་འདྲེན། མེ་ཟོན་དང་མྱུར་སྐྱོབ།  ཤེལ་སྒོ་དང་གྱང་ངོས་གཙང་སྦྲ། རི་མོ་འབྲི་བ། བརྙན་དང་པར་ལེན་པ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་སྲིད།
རྩོམ་སྒྲིག་པ།སྣང་རྡོར།