དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

རྒྱུགས་སྤྲོད་སློབ་མ་ཚོའི་ཆེད་དུ་ང་ཚོས་འདི་ལྟར་བྱ་དགོས།

སྤེལ་དུས 2020-07-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་༧ཚེས་༢ཉིན།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཡིག་རྒྱུགས་ཁྲོད་ཞུགས་མཁན་གྱི་སློབ་མ་རྣམས་ལ་ཁུ་སིམ་ངང་བསྐྱར་སྦྱོང་དང་ངལ་གསོ་ལེགས་པོ་ཐེབས་པའི་རྒྱུགས་ལེན་ཁོར་ཡུག་ཞིག་སྐྲུན་ཆེད།  ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ནས་༢༠༢༠ལོའི་རྒྱུགས་ཆེན་བཞིའི་རིང་རྒྱུགས་རའི་ཉེ་འཁོར་གྱི་འཛེར་སྒྲ་ཚོད་འཛིན་ལས་དོན་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཡོད་པ་རེད།

          གཏན་འབེབས་ལྟར་ན།
          དེ་རིང་ནས་ཟླ་༧ཚེས་༢༦བར། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་དང་ཨར་སྐྲུན་ཚན་པ་ཁག་གིས་ལུགས་མཐུན་ངང་ལས་ཀའི་དུས་ཚོད་ལེགས་སྒྲིག་བྱས་ནས། མཚན་མོར་ཨར་ལས་བྱ་རྒྱུ་གཏན་འགོག་བྱས་ཏེ། རྒྱུགས་སྤྲོད་སློབ་མར་ཁུ་སིམ་ངང་ངལ་གསོ་རྒྱག་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་འགན་ལནེ་བྱས་པ་རེད།
          རྒྱུགས་རའི་ཉེ་འཁོར་གྱི་སྨི་༡༠༠ནང་ཚུན་གྱི་རོལ་རྩེད་ཁང་སྣ་ཚོགས་ཀྱིས་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཛེར་སྒྲ་ཚོད་འཛིན་ནན་པོ་བྱེད་པ། རྒྱུགས་མ་བླངས་གོང་གི་འཛེར་སྒྲ་ཉུང་དུ་གཏོང་བ། ཡིག་རྒྱུགས་གཏོང་རིང་འཛེར་སྒྲ་མི་ཐོན་པ་བཅས་བྱ་དགོས།
          ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཁོར་ཡུག་ལྟ་ཞིབ་ཉིང་ལག་ཁུ་ཁག་གིས་མྱུར་དུ་ཞིབ་བཤེར་བྱས་ནས། གཏན་འབེབས་ལས་འགལ་བའི་མི་སྒེར་དང་ཚན་པ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་འགོག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅད་རྒྱུ་རེད།

རྩོམ་སྒྲིག་པ། སྣང་རྡོར།