དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཆུད་ཟོས་གཏོང་བ་སྔོན་འགོག་དང་། ། བདེ་ཐང་བཟའ་བཏུང་དར་སྤེལ་གཏོང་། །

སྤེལ་དུས 2020-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཉེ་བའི་ལོ་ཤས་རིང་། “དྲ་སྦྲེལ་+བཟའ་བཏུང”ཞེས་པ་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། ཕྱི་ཚོང་དང“ཟ་གཏོང”སོགས་ལས་རིགས་རྣམ་པ་གསར་པས་བཟའ་བཏུང་ཕྱིར་ཚོང་ལ་སྐུལ་ཁྲིད་བྱས་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་པའི་དགོས་མཁོ་བསྐངས་ཡོད། འོན་ཀྱང་ཟ་མ་ཚད་ལས་བརྒལ་བ་ཉོ་བ་སོགས་ལས་དྲ་རྒྱའི་བཟའ་བཏུང་འཕྲོ་བརླག་འགྲོ་བའི་སྣང་ཚུལ་མངོན་གསལ་དོད་པོ་བྱུང་པ་རེད།
        ཟ་ཕོར་ཕྱེད་ཀ་ཉོ་བ་ཁྱབ་གདལ་གཏོང་བ་དང་། ལུགས་མཐུན་ངང་ཟ་མ་འདེམས་རྒྱུར་དྲན་སྐུལ་བྱེད་པ། བྲོ་བ་མང་བའི་ཟས་རིགས་འདོན་པ། བདེ་ཐང་མིན་པའི་ཐད་གཏོང་སྒོ་རྒྱག་པ་དང་གཏོང་མཚམས་འཇོག་པ་སོགས་བྱས་ཏེ། ཉིན་བསྟུད་མའི་རིང་ལ་ཕྱི་ཚོང་དང་ཐད་གཏོང་སོགས་ལས་སྟེགས་ཀྱིས་འབྲེལ་ཡོད་བྱ་ཐབས་སྤྱད་དེ་གྲོན་ཆུང་དང་སྐྱོན་བྲལ་གྱི་དྲ་རྒྱའི་བཟའ་བཏུང་རིག་གནས་སྐུལ་སྤེལ་བཏང་བ་རེད།
        དྲ་རྒྱའི་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ཡང་ཡང་ཐོན་པ།

        “ཕྱི་ནས་ཉོས་པའི་ཚོང་ཟོག་ལ་ལའི་ཐུམ་སྒྲིལ་ཡང་མ་བླངས་པར་སྒོར་གཡུགས།  བལྟས་ན་ཡིད་སྐྱོ་བ་ཞིག་རེད།”ཅེས་པེ་ཅིང་ཁྲའོ་དབྱང་ཆུས་ཀྱི་སྡེ་ཁུལ་ཞིག་གི་གད་སྙིགས་བསྡུ་བའི་ལས་ཀ་བྱེད་མཁན་ལི་ཅན་གོས་དེ་ལྟར་བཤད་པ་དང་། ཉིན་ལྟར་སྡེ་ཁུལ་གྱི་གད་སྙིགས་བླུགས་སྣོད་གཙང་སེལ་བྱེད་སྐབས་ཕྱི་ཚོང་གི་བཟའ་བཏུང་འཕྲོ་བརླག་འགྲོ་བའི་སྣང་ཚུལ་རྟག་ཏུ་མཐོང་ཐུབ་ཟེར།

        “ཕྱི་ནས་ཉོས་ན་སྟབས་བདེ་པོ་ཡོད་ལ། ཟས་རིགས་སྣ་ཚོགས་གདམ་ཆོག འོན་ཀྱང་སློབ་གྲོགས་ཁག་ཅིག་གིས་ལུགས་དང་མི་མཐུན་པར་ཟས་རིགས་ཉོས་པའི་དབང་གིས་མང་པོ་ཞིག་འཕྲོ་བརླག་གཏོང་བ་རེད།”ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་གྱི་སློབ་ཆེན་ག་གེ་མོའི་སློབ་མ་མཱ་ཤིན་ཧང་གིས་དེ་ལྟར་བརྗོད་པ་དང་། ཁོས་ཕྱི་ནས་ཉོས་པའི་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་རྒྱུ་རྐྱེན་ནི་ཕྱོགས་མང་པོ་ནས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་དེ། ཐོག་མར་ཟ་ཁང་ཁ་ཤས་ཀྱི་ཟ་མའི་མང་ཉུང་ལུགས་དང་མི་མཐུན་པ་སྟེ། དཔེར་ན། སྐབས་འགར་ཕྱི་ཚོང་སྟེགས་བུ་ནས་ནངས་ཇ་བདམས་རྗེས། བརྒྱད་ཐུག་ཕོར་བ་ཆེན་པོ་ཞིག་ཟ་མི་ཐུབ་ཅིང་། འོན་ཀྱང་ཕྱེད་ཀ་ཉོ་མི་ཐུབ། གཉིས་ནས་ཚོང་གཉེར་པ་ལ་ལས་ཟ་མ་སྐྱེལ་བར་ཆེས་དམའ་བའི་དངུལ་གྲངས་ཚད་ཐིག་གཏན་ཁེལ་བྱས་ཡོད་པས། སྐབས་འགར་སྐྱེལ་བའི་ཚད་གཞིར་སླེབས་ཆེད་མང་ཙམ་མི་ཉོ་ཀ་མེད་རེད། ད་དུང་ཚོང་གཉེར་པ་ཁ་ཤས་ཀྱིས་བྲིན་ཚོང་བྱེད་སྒོ་སྤེལ་བ་དང་། མི་ལ་ལས་གཟིགས་སྐྱོང་ལོངས་སྤྱོད་ཆེད་མང་པོ་མཉམ་དུ་བདམས་ནས་ཉོ་བཞིན་ཡོད་པའི་སྐོར་གླེང་བྱུང་། 

        ཐད་གཏོང་སྟེགས་བུ་ལ་ལར་ཡང་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ཡོད་དེ། བརྙན་མིག་མདུན་དུ་ཟ་མ་མང་པོ་སྤུངས་པ་དེ་དག་བག་མེད་པར་ཟས་རྗེས་བྲོ་བ་ཞིམ་ལ་བློ་ཡིད་ཚིམས་པའི་རྣམ་འགྱུར་ཞིག་བསྟན་ནས། ལྟད་མོ་བའི་ཡིད་དབང་འགུག་ཐབས་བྱེད་པ་རེད། ཐད་གཏོང་མཇུག་རྫོགས་རྗེས། ཟ་མཁན་དེ་རྟག་ཏུ་སྐྱུགས་པ་དང་།  དེ་ལྟར་ཟ་མ་མང་པོ་ཆུད་ཟོས་གཏོང་བཞིན་ཡོད།
        བཟའ་བཏུང་ཚད་ལས་བརྒལ་བ་ཟོས་ན་ལུས་ཕུང་བདེ་ཐང་ལ་གནོད་པ།
        “བཟའ་བཏུང་ཉོ་བའི་ཁྲོད་ཕྱི་ཚོང་གི་ཟིན་ཚད་མཐོ་རུ་འགྲོ་བཞིན་ཡོད། དྲ་རྒྱའི་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ལ་མཐོང་ཆེན་བྱེད་དགོས།”ཞེས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གདེང་འཇོག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཅིང་ལིན་པོ་ཡིས་དེ་ལྟར་བརྗོད་པ་དང་།  བཟའ་བཏུང་ལས་རིགས་ཀྱིས་རང་འགུལ་ངང་དྲ་སྦྲེལ་དང་གྲངས་གཞི་ཅན་དུ་མགྱོགས་སུ་གཏོང་བ་བཅས་ལ་གཞིགས་ནས།  སྔར་ལས་སྟབས་བདེ་བའི་ཕྱི་ཚོང་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་བ། དུས་མཚུངས་སུ་ཟས་རིགས་ཚད་ལས་བརྒལ་བ་ཉོས་ནས་དགོས་མེད་ཀྱི་ཆུད་ཟོས་འགྲོ་བར་སྔོན་འགོག་དང་མེད་པར་གཏོང་ཐབས་བྱེད་དགོས་ཞེས་བསྟན།


      “ཟ་མ་ཟ་སྐབས་ཚན་རིག་དང་མཐུན་པའི་འཚོ་བཅུད་ལ་དོ་སྣང་བྱེད་དགོས་པ་དང་། བདེ་ཐང་ཡིན་ཞིང་འཕྲོ་བརླག་མི་གཏོང་བ་བྱེད་དགོས།  འོས་མཚམས་ངང་བཟའ་བཏུང་གོ་སྒྲིག་བྱེད་པ་དང་། འཚོ་བཅུད་རིག་པའི་ཤེས་བྱ་དང་མཐུན་པའི་སྟབས་བདེའི་བཟའ་བཏུང་དར་སྤེལ་གཏོང་བར་སྐུལ་སྤེལ་བྱེད་དགོས།”ཞེས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་དང་པོའི་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཞུས་ཆིང་གིས་དེ་ལྟར་བརྗོད་པ་དང་།  རྒྱུན་དུ་ཟ་རྒྱུ་མང་དྲགས་ན་ལུས་ཕུང་ལ་མཚོན་ན་མི་མཁོ་བའི་ལྷག་མ་ཞིག་ཡིན། མྱུར་གཤིས་འཇུ་སྟོབས་ཞན་པ་དང་ཕོ་རྒྱུ་ལ་གནོད་པ་ལས་གཞན། ད་དུང་ཡུན་རིང་འདི་ལྟར་བྱས་ན་ལུས་ཕུང་རྒྱགས་པ་ཆགས་པ་དང་གཅིན་པ་མངར་འགྱུར་གྱི་ནད་དང་མཆིན་པ་ཚིལ་འགྱུར།  དྲེག་ནད་སོགས་དལ་བའི་རང་བཞིན་གྱི་ནད་འབྱུང་སླ་ཞེས་བསྟན།
         “ཐད་གཏོང་ནང་གི་བྱ་སྤྱོད་ཁ་ཤས་ཀྱིས་གཅིག་ནས་ཟ་མ་འཕྲོ་བརླག་གཏོང་བཞིན་ཡོད་ཅིང་། གཉིས་ནས་བདེ་ཐང་མ་ཡིན་ལ་ཐ་ན་ཉེན་ཁ་ཡང་ཆེན་པོ་ཡོད།”ཅེས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གསོ་རིག་པུའུ་ཡི་ཀྲུའུ་རེན་ལིང་ཧུའུ་ཨེན་ཆང་གིས་དེ་ལྟར་བཤད་པ་དང་། འགྲན་བསྡུར་བྱ་འགུལ་ལ་ལའི་ཁྲོད་མི་གཅིག་གིས་ཐ་ན་ཟ་མ་སྤྱི་རྒྱ་ཁ་ཤས་ཟ་བཞིན་ཡོད། འོན་ཀྱང་ཕོ་བའི་ཤོང་ཚད་ལ་ཚད་ཡོད་པས། ཟ་རྒྱུ་མང་དྲགས་ན་ཕོ་བའི་འཇམ་འདྲེད་ཤ་གྲིམ་མེད་པར་བཟོ་སྲིད་ལ། ཕོ་ངོས་ཡང་ཧ་ཅང་སྲབ་མོར་འགྱུར་སྲིད། ཟ་མ་ཟ་ཐེངས་རེར་བཅུ་ཆ་བདུན་ནམ་བརྒྱད་ཙམ་ཟས་ན་བདེ་ཐང་རེད་ཅེས་བསྟན་པ་རེད།
        ལས་སྟེགས་དང་ཚོང་གཉེར་བས་མཉམ་འབྲེལ་སྒོས་དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་པ།

      “ང་ཚོས་མི་གཞན་པས་དོ་སྣང་བྱེད་ཆེད་དང་དགོད་ཁ་སློང་ཆེད་ཆུད་ཟོས་སུ་གཏོང་བ་གཏན་འགོག་བྱེད་དགོས།”ཞེས་ཏ་མེ་ལེ་པི་སའི(ཀྲུང་གོ)དབུ་བཞུགས་ལག་བསྟར་དཔོན་ཝང་དབྱི་ཡིས་དེ་ལྟར་བརྗོད་པ་དང་། ཏ་མེ་ལེ་པི་ས་ཡི་ཕྱི་སྐྱེལ་བསྡུར་ཚད་80%ཟིན་ཡོད་ལ། བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། མངགས་ཐོའི་ཤོག་ངོས་སུ་ཟ་མའི་ཡང་ལྕི་གསལ་པོར་བྲིས་ཡོད་པ་མ་ཟད། ཟས་རིགས་ཀྱི་རྒྱུ་ཆ་གཙོ་བོ་དང་། རྒྱུ་ཆ་ཕལ་བ། བྲོ་བ་སོགས་ཀྱི་གནས་ཚུལ་ཡང་གསལ་པོར་བཀོད་ཡོད་ཅེས་བསྟན།
         དངུལ་འདྲ་མཚུངས་བཀོལ་ནས་ཟ་མ་བྲོ་བ་སྣ་མང་པོ་ཟ་ཐུབ་པ་སྟེ། ཝེ་ཏོ་མའེ་ཡིས་བཏོན་པའི“སྒོ་ངའི་བག་ལེབ་དགུ་སྦྲེལ”ཞེས་པས་ཆུད་ཟོས་སུ་འགྲོ་བ་ཇེ་ཉུང་དུ་བཏང་ཡོད།  ཝེ་ཏོ་མའེ་ཡི་སྤྱི་འདོམས་གཞོན་པ་ལི་མིང་དབྱང་གིས་དེ་ལྟར་བཤད་པ་དང་། ཝེ་ཏོ་མའེ་ཡིས་དེ་སྔའི་ཐོན་རྫས་ཆེ་བ་ཇེ་ཆུང་དུ་བཏང་ཡོད། དེ་ལྟར་རིན་གོང་གི་ལེགས་ཆར་བརྟེན་ནས་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་། ད་དུང་འཛད་སྤྱོད་པའི་འགྲོ་སོང་གྲོན་ཆུང་ཡང་བྱེད་ཐུབ་ཅེས་བསྟན།
          ཉེ་ཆར། ཀྲུང་གོའི་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་གཡོས་སྦྱོར་མཐུན་ཚོགས། ཀྲུང་གོའི་གསོལ་མགྲོན་ཁང་མཐུན་ཚོགས། ཀྲུང་གོའི་རྒྱུད་འབྲེལ་གཉེར་སྐྱོང་མཐུན་ཚོགས་བཅས་ཀྱིས་མའེ་ཐོན་དཔྱད་འདེམས་དང་མཉམ་འབྲེལ་སྒོས་བཟའ་བཏུང་ལས་རིགས་ལ་གྲོས་འགོའི་ཡི་གེ་ཁྱབ་བསྒྲགས་བྱས་ཤིང་། བཟའ་བཏུང་ཚན་པ་ཁག་གིས་མུ་མཐུད་དྲིལ་སྒྲོག་བྱ་ཐབས་གསར་གཏོད་བྱེད་པ་དང་། ཁེ་ལས་ཀྱི་དྲིལ་སྒྲོག་བརྙན་རིས་དང་། སྤྱི་སྟེགས། ལས་རིམ་ཆུང་གྲས། ཐད་གཏོང་སོགས་ཀྱི་རྣམ་པ་བརྒྱུད་ནས། ཡ་རབས་སྲོལ་བཟང་དང་བག་ཡོད་གྲོན་ཆུང་བྱེད་པར་སྐུལ་སློང་བྱས་པ་རེད།
        འཛད་སྤྱོད་པའི་འབྲེལ་གཏུག་དང་ཞབས་ཞུའི་ས་ཚིགས་སུ་མཐུན་ཚོགས་ཁག་དང་མའེ་ཐོན་དཔྱད་བརྗོད་ཀྱིས་ཚོང་གཉེར་བས་དྲང་ཕྱོགས་ནས་འཛད་སྤྱོད་པར་ཁྲིད་སྟོན་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། བྱེ་བྲག་གི་ནང་དོན་ལ་ཟ་མ་ཉོ་བའི་ལས་རིམ་དུ་དྲན་སྐུལ་བྱེད་པ་དང་།  རང་འདེམས་ཟ་མ་སོགས་འཕྲོ་བརླག་གཏོང་བའི་བྱ་སྤྱོད་ལ་ཆད་གཅོད་བསླབ་འདོམས་ཀྱི་ལམ་སྲོལ་འཛུགས་པ་སོགས་ཚུད་ཡོད།
        Bས་ཚིགས་དང་། འཁྱུག་དབྱངས། མགྱོགས་འཕྲིན་སོགས་ལས་སྟེགས་ཀྱིས་ཀྱང་བདེ་ཐང་མིན་པའི་“ཟ་གཏོང”ཀྱི་ནང་དོན་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཚད་ལྡན་བཟོ་བ་དང་བཅོས་སྒྲིག་བྱས་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།