དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

རི་སྐྱེས་ཤ་མོ་སྣ་ཚོགས་གང་འདོད་ཀྱིས་བཟའ་མི་རུང་།

སྤེལ་དུས 2020-08-28 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།
           ད་ལྟ་ནི་ཆར་པ་འབབ་ཚད་ཆེ་ཞིང་རི་སྐྱེས་ཤ་མོ་སྣ་ཚོགས་སྐྱེ་བཞིན་པ་དང་། མི་རྣམས་ཚང་ཚིང་ནགས་ཚལ་སོགས་སུ་རི་སྐྱེས་ཤ་མོ་འཐུ་རུ་འགྲོ་བཞིན་པའི་སྒང་ཡིན། དེ་ཡང་རི་སྐྱེས་ཤ་མོ་འཐུ་ནོར་དང་བཟའ་ནོར་སོང་ནས་དུག་ཕོག་པའི་དུས་ཚིགས་ཀྱང་ཡིན་པ་རེད། གལ་ཏེ་དུག་ཡོད་ཤ་མོ་བཏུས་ནས་བཟས་པ་ཡིན་ན། དུག་ཕོག་སླ་ཞིང་ཚབས་ཆེན་ཡིན་ན་ཚེ་སྲོག་ལ་ཉེན་ཁ་ཡོད་པས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པའི་གནད་ཅིག་རེད་འདུག    
           གཅིག ཟ་མ་མྱོང་བ་མི་བཟའ།
           རང་གིས་ཟ་མ་མྱོང་པ་དང་ངོ་མི་ཤེས་པ། ཞིང་སྨན་དང་ལུད་རྫས་འདྲེས་བའི་ས་ཞིང་ནས་སྐྱེས་པའི་ཤ་མོ་དེ་ཚོ་གང་མོས་འཐུ་བ་དང་། འཚོང་བ་དང་ཉོ་བ་བཅས་བྱེད་མི་ཉན། ལྷག་པར་དུ་ཁ་དོག་ཚོན་མདངས་རྣམ་པར་བཀྲ་བ་དང་ཆུང་ངུ་ངོ་མི་ཤེས་པ། ཡང་ན་སྨིན་ནས་རུལ་པའི་ཤྭ་མོ་དེ་དག་འཐུ་མི་ཉན།                   

           གཉིས། ཆང་དང་ཤ་མོ་མཉམ་བཟའ་མི་རུང་།
           རི་སྐྱེས་ཤ་མོ་ལས་སྣོན་དང་གཡོས་སྦྱོར་བྱེད་དུས་ངེས་པར་དུ་དོ་སྣང་བྱ་རྒྱུ་ནི་ཤ་མོ་རྗེན་ཟ་བྱེད་མི་རུང་ཞིང་བརྔོས་བཙོས་ཡག་པོ་བྱས་རྗེས་གཞི་ནས་བཟའ་དགོས།
           ཐེངས་རེར་ཤ་མོ་སྣ་གཅིག་མ་གཏོགས་ལས་སྣོན་དང་བཟའ་མི་རུང་། རི་སྐྱེས་ཤ་མོ་ཟ་དུས་ཆང་འཐུང་མི་ཉན།

           གསུམ། ཤ་མོ་ཚད་ལྡན་གདམ་དགོས།
           བཟའ་བཏུང་ཚོང་གཉེར་སྡེ་ཚན་གྱིས་རི་སྐྱེས་ཤ་མོ་ཉོ་སྒྲུབ་བྱེད་པའི་སྐབས་སུ་ཞིབ་བཤེར་ནན་ཏན་བྱ་དགོས། ལས་སྣོན་གཟབ་ནན་དང་མ་རྒྱུ་ཉར་ཚགས་བྱས་ནས་ཞིབ་བཤེར་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ་འཛད་སྤྱོད་པའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་དགོས། རྒྱ་ཆེ་བའི་འཛད་སྤྱོད་པས་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་གཏང་དགོས་ཤིང་། ཟ་མ་མ་ཟ་སྔོན་ལ་ཚོང་གཉེར་ཐོབ་ཐང་ཡོད་མཁན་གྱི་ཟ་ཁང་བདམས་ནས་ཞབས་ཞུ་པའི་ཁྲིད་སྟོན་འོག་ཟ་སྤྱོད་བྱ་དགོས།
           བཞི། སྔོན་འགོག་བྱེད་པ། 
           སློབ་གྲྭའི་ཟ་ཁང་དང་། ཐུན་མོང་གི་ཟ་ཁང་། གཉེན་སྟོན་དང་འདས་མཆོད། གྲོས་ཚོགས་ཆེན་པོ་སོགས་ཐུན་མོང་འཛོམས་སྟོན་གྱི་སྐབས་སུ་རི་སྐྱེས་ཤ་མོ་ལས་སྣོན་དང་གཡོས་སྦྱོར་བྱེད་མི་ཆོག མང་ཚོགས་རང་བཞིན་གྱི་ཟས་དུག་ཕོག་པའི་དོན་རྐྱེན་མི་ཡོང་བ་སྔོན་འགོག་བྱ་དགོས།
           ལྔ། བཟའ་ཉེས་བྱུང་ན་ཇི་ལྟར་བྱེད།
           གལ་སྲིད་རི་སྐྱེས་ཤ་མོ་བཟས་རྗེས་སྐྱུག་ལངས་བ་དང་། མགོ་ན་བ། ཕོ་བ་ན་བ། ཁོག་པ་བཤལ་བ། སེམས་ཁམས་མི་བདེ་བ་དང་འཕྲུལ་སྣང་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་ཉེ་འགྲམ་གྱི་སྨན་ཁང་དུ་ཕྱིན་ནས་སྨན་པར་བསྟེན་པ་དང་། འོ་སྣུན་བུད་མེད་ལ་གོང་གསལ་གྱི་ནད་རྟགས་བྱུང་ན་ཕྲུ་གུར་འོ་མ་སྣུན་མཚམས་བཞག་ནས་ཕྲུ་གུའི་བདེ་འཇགས་སྲུང་སྐྱོབ་བྱ་དགོས།

རྩོམ་སྒྲིག་པ། སྣང་རྡོར།