དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སློབ་གྲྭ་འདིས་སློབ་སྦྱོང་ཁོ་ན་མིན་པར། སློབ་མའི་གང་ས་ཅི་ཐད་ལའང…

སྤེལ་དུས 2020-09-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

ས་མཐོའི་གནའ་གྲོང་གི་མཐོངས་སུ་མཆེད་པའི་རིག་པའི་འོད་སྐར་གཅིག
—— ས་སྐྱ་སློབ་འབྲིང་གི་མཐོང་ཐོས།
         རྩྭ་ཐང་རྩྭ་ཆུ་ང་ཡི་ཕ་ཡུལ་ཡིན། གཡང་དཀར་ལུ་གུ་ང་ཡི་བརྩེ་གྲོགས་ཡིན། ........ གསར་འགོད་པ་ས་སྐྱ་རྫོང་སློབ་འབྲིང་གི་རྒྱལ་སྒོ་ནས་དལ་གྱིས་འཛུལ་བ་ན། ཕྲུ་གུ་ཚོའི་སྙན་འཇེབས་ཡིད་འོང་གི་གླུ་ངག་དང་ཀི་ཐར་གྱི་སྙན་དབྱངས་ཀྱིས་བདག་གི་ཡིད་དབང་ཡོངས་སུ་འཕྲོག་ཅིང་། གོམ་ཁའང་རང་དབང་མེད་པར་གླུ་སྙན་པོ་གྲགས་འོངས་པའི་སློབ་ཁང་གི་ཕྱོགས་སུ་སྤོ་བར་ཐལ།

         སློབ་ཁང་དུ་སློབ་མ་རྣམས་ཀྱི་ངོ་གདོང་དང་མིག་ཟུང་ཁྲོད་ལྷད་མེད་དྭངས་གཙང་གི་ཉམས་ཤིག་གིས་ཁེངས་འདུག་ཅིང་། ཡར་ཐོན་དང་སྐྱེས་སྟོབས་ཀྱི་དཔལ་འཁྱིལ་འདུག  མདུན་གྱི་རྒན་ལགས་ཀྱི་མཛུབ་ཁྲིད་འོག་སློབ་མ་རྣམས་ཀྱིས་བྱང་ཆུབ་པའི་ངང་པང་གི་ཀི་ཐར་དཀྲོལ་ཞིང་། སློབ་མ་རྣམས་ཀྱི་དྭངས་གསལ་གྱི་ངག་ལས་རྒན་ལགས་རང་ཉིད་ཀྱིས་བརྩམས་པའི་ཕ་ཡུལ་ཞེས་པའི་གླུ་གཞས་དེ་རྣ་བའི་བདུད་རྩི་རུ་འཁྱིལ། གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། འདི་ནི་ས་སྐྱ་སློབ་འབྲིང་གིས་སློབ་མ་རྣམས་ཀྱི་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ། སློབ་མའི་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད་དུ་གཉེར་བའི་སྤྲོ་སྣང་འཛིན་གྲྭ་ཡིན་ཞིང་། ཀི་ཐར་འཛིན་གྲྭ་ཕུད་ད་དུང་མཛེས་རྩལ་འཛིན་གྲྭ་དང་། སྒྲ་སྙན་འཛིན་གྲྭ ཡང་ཆིན་འཛིན་གྲྭ་སོགས་ཡོད་ལ། དེ་དག་གིས་སློབ་མའི་སྒྱུ་རྩལ་ཐད་ལ་བློ་སྦྱོང་གི་གོ་སྐབས་བཟང་པོ་བྱིན་ཡོད། གློག་ཀླད་ཁང་དང་དཔེ་ཀློག་ཁང་སོགས་ཀྱིས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་བས། སློབ་མས་སློབ་གསེང་གི་དུས་སུ་གློག་ཀླད་སྦྱང་ཆོག་པ་དང་། དཔེ་ཀློག་ཁང་དུ་རང་ཉིད་ཀྱིས་དགའ་བའི་དཔེ་དེབ་སྣ་ཚོགས་ལ་བལྟ་ཆོག  དཔེ་ཀློག་ཁང་གི་ཟུར་ཞིག་ཏུ་དེབ་ལྟ་བཞིན་པའི་སློབ་མ་མིག་དམར་སྒྲོན་ལགས་ཀྱིས་གསར་འགོད་པར། སློབ་གྲྭས་ང་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པས་དངོས་གནས་ཧ་ཅང་སྐྱིད་པོ་འདུག རང་ཉིད་ཀྱི་ཕུགས་བསམ་ནི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་པས། ངས་མུ་མཐུད་སློབ་སྦྱོང་ལ་ཧུར་ཐག་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་བྱུང་།
         ས་སྐྱ་རྫོང་སློབ་འབྲིང་ནི་གནའ་གྲོང་ས་སྐྱ་རྫོང་དུ་ཆགས་ཤིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་སྐྱོད་སྤྱི་ལེ་150ཡི་མཚམས་སུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་4468ཟིན་ཡོད།  སློབ་གྲྭ་ནི་1975ལོའི་ཟླ་12པར་བཙུགས་ལ་ད་བར་དུ་ལོ་45ཕྱིན་ཞིང་། མིག་སྔར་སློབ་གྲྭར་ཁྱོན་དགེ་རྒན་166དང་སློབ་མ་2059ཡོད་པ་རེད།
         ས་སྐྱ་རྫོང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཟླ་བ་རྒྱལ་མཚན་གྱིས། སློབ་མ་འདི་དག་མང་ཆེ་བ་ས་མ་འབྲོག་གི་ཁྱིམ་ཚང་གི་ཕྲུ་གུ་ཡིན་པས། ཕྲུ་གུ་རང་ཉིད་དང་ལྷག་པར་དུ་ཁྱིམ་བདག་གི་སློབ་གསོའི་གོ་རྟོགས་དེ་ཙམ་མཐོ་པོ་མེད་པའི་དབང་གིས། ཕ་མས་ཕྲུ་གུ་སློབ་གྲྭར་གཏོང་འདོད་མི་བྱེད་པ་དང་། སློབ་མའི་སློབ་སྦྱོང་གི་ཧུར་སེམས་དེ་ཙམ་ཆེན་པོ་མེད་པར་སློབ་མ་སློབ་བྱོལ་དུ་འགྲོ་མཁན་ཡང་འབྱུང་མྱོང་ཡོད། སྣང་ཚུལ་འདི་རིགས་སྔོན་འགོག་བྱ་ཆེད་སློབ་གྲྭའི་དགེ་རྒན་གྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཁྱིམ་བདག་དང་སློབ་མར་བསམ་བློའི་སློབ་གསོ་བརྒྱབ་སྟེ་རིམ་བཞིན་ཁྱིམ་བདག་དག་གི་ལྟ་བར་འགྱུར་ལྡོག་སོང་བ་དང། དེ་བས་སློབ་གྲྭས་རྣམ་ཀུན་བསླབ་གཞི་ཁོ་ན་མ་ཡིན་པར་སློབ་མ་སོ་སོའི་མོས་འདུན་ལ་བསྟུན་ནས་སློབ་མས་སྦྱོང་འདོད་པའི་ཤེས་བྱ་སྦྱོང་བའི་དུས་ཚོད་དང་དགེ་རྒན་བཀོད་སྒྲིག་བྱས་ནས་སློབ་མར་སློབ་སྦྱོང་གི་ཆ་རྐྱེན་དང་ཁོར་ཡུག་གང་ལེགས་བསྐྲུན་པ་མ་ཟད། ད་དུང་ཡིག་གཟུགས་འགྲན་བསྡུར་དང་། སྙན་རྩོམ་གྱེར་འདོན། གསར་བརྗེའི་གླུ་གཞས་འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བས། སློབ་མས་སློབ་སྦྱོང་ལ་དེ་བས་དགའ་ཞེན་དང་། སློབ་སྦྱོང་གི་ཧུར་སེམས་ཆེ་རུ་ཕྱིན་ཏེ་སྦྱངས་འབྲས་ཡག་པོ་ཐོབ་ཡོད། དེ་ནི་ང་ཚོ་དགེ་རྒན་གྱི་ངོས་ནས་བརྗོད་ན་དངོས་གནས་དགའ་འོས་པ་ཞིག་རེད་ཅེད་བརྗོད་བྱུང་།
         དེ་བས་ལོ་མང་རིང་དགེ་སློབ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ས་སྐྱ་སློབ་འབྲིང་གི་རྨང་གཞིའི་སྒྲིག་བཀོད་དང་སློབ་གསོའི་ཆུ་ཚད་སོགས་གང་ཅིའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། 2017ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཁྱད་ལྡན་སློབ་དཔྱོད་ཀྱི་དཔེ་སྟོན་སློབ་གྲྭར་བདམས་པ་དང་། 2018ལོའི་སློབ་གསོ་དོ་སྙོམས་ཀྱི་ལྟ་སྐོར་སྐབས་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ལས་རིམ་པ་དང་པོའི་གྲས་སུ་སླེབས་ཡོད་པ་རེད། གནས་ཚུལ་དེ་དག་ལ་ཕྱིར་དྲན་བྱེད་ཀྱིན་ང་ཚོ་གསར་འགོད་པ་རྣམས་བཅར་འདྲིའི་ས་ཚུགས་གཉིས་པར་ཆས་ཤིང་། མིག་ལམ་དུ་དྭངས་གཙང་ལྷད་མེད་ཀྱི་སློབ་ཕྲུག་ཚོ་དགའ་མགུ་བག་ཕེབས་ངང་སློབ་སྦྱོང་བྱེད་པ་དང་ཀི་ཐར་དཀྲོལ་ལེན་བྱེད་བཞིན་པའི་སྣང་བརྙན་ཡང་ཡང་དུ་འཁོར་གྱིན་འདུག
རྩོམ་སྒྲིག་པ། སྣང་རྡོར།