དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྐད་འཕྲིན་དུ་དངུལ་བྱང་སྦྲེལ་ཡོད་ན་བྱེད་ནུས་འདི་དག་མེད་པར་བཟོ....

སྤེལ་དུས 2020-12-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
       དྲ་སྦྲེལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། སྐད་འཕྲིན་དང་གཏོང་སྤྲོད་འབོ་སོགས་ཀྱིས་ལག་དངུལ་གཏོང་སྤྲོད་ཀྱི་ཚབ་བྱས་ཡོད་པས། ད་ཆ་ཕྱི་རོལ་དུ་འགྲོ་སྐབས་ལག་དངུལ་འཁྱེར་མི་དགོས་པར་གྱུར་ཡོད། 
       སྒུལ་བདེའི་གཏོང་སྤྲོད་ཀྱི་དགེ་མཚན་ཅི་ཡིན་ནམ།
       མི་རྣམས་ནས་གཏོང་སྤྲོད་འབོ་དང་སྐད་འཕྲིན་གཏོང་སྤྲོད་སོགས་སྒུལ་བདེའི་གཏོང་སྤྲོད་ཡོ་བྱད་བཀོལ་སྤྱོད་བྱེད་དགའ་བ་དང་ཚོང་པས་གཏོང་སྤྲོད་འབོ་དང་སྐད་འཕྲིན་གཏོང་སྤྲོད་སོགས་སྤྱོད་དགའ་བའི་རྒྱུ་མཚན་ཅི་ཡིན་ནམ། 
       ❶ སྒུལ་བདེའི་གཏོང་སྤྲོད་ཀྱིས་ལག་དངུལ་འཁྱེར་བའི་དུས་རབས་ལ་མཇུག་བྱང་བཀོད་པ།
       ད་ཆ་ང་ཚོས་ཟ་འཐུང་རྩེད་གཡེང་དང་། ཕྱིར་སྐྱོད་པ། མངག་ཉོ་སོགས་ཚང་མ་ལག་འཁྱེར་ཁ་པར་གྱིས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།
       ❷ སྒུལ་བདེའི་གཏོང་སྤྲོད་ཀྱིས་དངུལ་ལོར་རྫུན་མ་སྐུང་ས་མེད་པར་བྱས་པ།
       མི་ཚང་མས་ལག་འཁྱེར་ཁ་པར་ལས་དངུལ་སྤྲོད་ཀྱིན་ཡོད་པས། དངུལ་བཤེར་འཕྲུལ་ཆས་ལ་བརྟེན་ནས་དངུལ་ལོར་རྫུན་འབྱེད་བྱེད་མི་དགོས་པར་གྱུར་ཡོད།
       ❸ སྒུལ་བདེའི་གཏོང་སྤྲོད་ཀྱིས་དངུལ་སྒོར་ལ་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད།
       སྒུལ་བདེའི་གཏོང་སྤྲོད་ནི་སྒུལ་བདེའི་དངུལ་བྱང་ཞིག་དང་འདྲ་སྟེ། དངུལ་ཚང་མ་བྱང་བུའི་ནང་དུ་བཅུག་ཡོད་པ་དང་། རང་ཉིད་ཀྱི་ཆོག་མཆན་མེད་ན་སུས་ཀྱང་ལེན་མི་ཐུབ་པས། དེས་དངུལ་སྒོར་ལ་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད།

       མཐར། སྒུལ་བདེའི་གཏོང་སྤྲོད་ཀྱིས་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་དྲ་ལམ་ནས་ཉོ་སྒྲུབ་བྱེད་པའི་སྤྲོ་སྣང་ལོངས་སྤྱོད་བྱེད་ཏུ་བཅུག་པ་དང་། དེ་ལ་དུས་ཚོད་དང་། ས་གནས། ཁོར་ཡུག་སོགས་ཀྱི་བཀག་རྒྱ་མེད།
       དེ་ལྟར་ཡིན་མོད། སྒུལ་བདེའི་གཏོང་སྤྲོད་ནི་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་དང་འདྲ་བར་བཟང་ཆ་ཡོད་ལ་ཞན་ཆ་ཡང་ཡོད་པ་ཡིན། མི་མང་པོ་ཞིག་གིས་སྐད་འཕྲིན་དུ་དངུལ་བྱང་སྦྲེལ་ཡོད་ཅིང་། ལ་ལས་ཐ་ན་དངུལ་བྱང་ལྔ་དྲུག་རེ་སྦྲེལ་ཡོད། དེ་བས། སྐད་འཕྲིན་གྱི་བདེ་འཇགས་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། 
       སྐད་འཕྲིན་གྱི་དངུལ་ཁུག་དངུལ་བྱང་དང་སྦྲེལ་ཡོད་པ་དག་གིས་སྐད་འཕྲིན་གྱི་བྱེད་ནུས་འདི་དག་གི་ནུས་པ་མེད་པར་བཟོ་རྒྱུ་གལ་ཆེ།
       01 རང་འགུལ་ངང་དངུལ་འཐེན་པའི་བྱེད་ནུས།
       ང་ཚོའི་ཞབས་ཞུ་ཁ་ཤས་སུ་རང་འགུལ་ངང་དངུལ་སྤྲོད་པའི་བྱེད་ནུས་ཀྱི་སྒོ་ཕྱེ་ཡོད། འོན་ཀྱང་རྒྱུན་དུ་དེའི་སྒོ་རྒྱག་རྒྱུ་བརྗེད་འགྲོ་ཡི་ཡོད། དཔེར་ན། གློག་བརྙན་དང་བརྙན་འཕྲིན་ཚོགས་མིའི་གྲོན་དངུལ་རང་འགུལ་ངང་འཐེན་པ་ལྟ་བུ་ཡིན། སྐབས་དེ་དུས་མི་མང་པོ་ཞིག་ལམ་སེང་བེད་སྤྱོད་གཏོང་བསམས་པ་ཁོ་ན་ལས་དེའི་རང་འགུལ་ངང་དངུལ་འཐེན་པའི་བྱེད་ནུས་ཀྱི་སྒོ་ཕྱེ་བར་དོ་སྣང་ཡོང་གི་མེད།
       ད་ལྟ། ང་ཚོས་སྐད་འཕྲིན་ནང་བལྟས་ནས་ནུས་པ་དེ་མེད་པར་བཟོ་ཆོག

       02 གསང་ཨང་གནོན་མི་དགོས་པར་དངུལ་སྤྲོད་པ།
       འདི་ནི་“དངུལ་སྤྲོད་པར་གསང་ཨང་ལ་བརྟེན་མི་དགོས་པའི་དངུལ་སྤྲོད་ཚབ་རྟགས་”རེད། གལ་ཏེ་ཁྱེད་ནི་སྐད་འཕྲིན་སྤྱོད་མཁན་ཡིན་ན། བྱེད་ནུས་འདི་ཐད་ཀར་སྒོ་རྒྱག་མི་ཐུབ་ཤས་ཆེ།  དེས་ན་སྐད་འཕྲིན་ནང་གི“དངུལ་ཁུག་”བཙལ་ཏེ། དེའི་བདེ་འཇགས་རང་བཞིན་ལས “བདེ་འཇགས་སྒོ་ལྕགས་” རྒྱག་དགོས།

       03 སྐད་འཕྲིན་གྱི་རང་འགུལ་མཐུད་ཉོའི་བྱེད་ནུས།
       བེད་སྤྱོད་གཏོང་མཁན་གྱིས་སྐད་འཕྲིན་གྱི་རང་འགུལ་ངང་གསར་སྒྱུར་བྱེད་པའི་བྱེད་ནུས་ཁ་ཕྱེ་མེད་ཀྱང་། སྤྱིར་སྐད་འཕྲིན་བེད་སྤྱོད་བྱས་རྗེས་དེའི་སྒོ་རང་བཞིན་གྱིས་ཕྱེ་ཡི་ཡོད། ང་ཚོས་ཐེང་ཤུན་བརྙན་ལམ་སོགས་ཀྱི་ཚོགས་མིའི་ཐོབ་ཐང་ཉོས་ན། འདིར་རང་འགུལ་ངང་མཐུད་ཉོའི་ནུས་པ་ལྡན་པར་གྱུར་ཡོད། ཟླ་བ་རྗེས་མའི་ཟླ་འགོར། རང་འགུལ་ངང་མུ་མཐུད་དུ་མངག་ཉོའི་ནུས་པ་དེས་ང་ཚོའི་སྐད་འཕྲིན་གྱི་ནང་ནས་རང་འགུལ་ངང་དངུལ་འཐེན་འགྲོ་ཡི་ཡོད། གལ་ཏེ་སྐད་འཕྲིན་གྱི་དངུལ་ཁུག་ཏུ་དངུལ་མེད་ཚེ། སྐད་འཕྲིན་གྱིས་དེ་དང་སྦྲེལ་ཡོད་པའི་དངུལ་བྱང་གི་ནང་ནས་དངུལ་འཐེན་གྱི་ཡོད།

       འོ་ན། སྐད་འཕྲིན་གཏོང་སྤྲོད་ཀྱི་བདེ་འཇགས་རང་བཞིན་ཇི་ལྟར་ཇེ་མཐོ་རུ་གཏོང་དགོས་སམ་ཞེ་ན། འདིར་སྐད་འཕྲིན་གཏོང་སྤྲོད་ཀྱི་བྱེད་ནུས་ཆུང་ཆུང་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།
       01ཐོབ་ཐང་ར་སྤྲོད།
       ད་ལྟ་ཚོང་པ་མང་ཆེ་བས་བཤེར་འབེབས་དངུལ་ལེན་ཨང་གྲངས་ལ་བརྟེན་ནས་དངུལ་ལེན་ཆོག་པས། རང་ཉིད་ཀྱིས་གསང་ཨང་གནོན་མི་དགོས། གལ་ཏེ་ཁྱེད་ཀྱི་ལག་འཁྱེར་ཁ་པར་བོར་བ་དང་། གསང་ཨང་སྲུང་སྐྱོབ་གང་ཡང་བྱས་མེད་པའི་གནས་ཚུལ་ཐོན་ཚེ། ཁྱེད་ཀྱི་སྒོར་མོ་རྐུ་ཤོར་བའི་ཉེན་ཁ་ཡོད།

       དེས་ན། མི་གཞན་གྱིས་གང་འདོད་དུ་ཁྱེད་ཀྱི་སྐད་འཕྲིན་དངུལ་ཁུག་བེད་སྤྱོད་མི་ཐུབ་པའི་ཆེད། དངུལ་ཁུག་བེད་སྤྱོད་བྱེད་སྐབས་ཐོབ་ཐང་ར་སྤྲོད་བྱེད་ནུས་སྤྱོད་དགོས།   སྐད་འཕྲིན་ལས་ “ང”དང་དེ་ནས་“དངུལ་ཁུག”ཞེས་པ་མནན་རྗེས་གཡས་ཟུར་དུ་གྲུ་བཞི་ཆུང་ཆུང་བཞི་ཡོད་པར་གནོན་དགོས་པ་དང་། དེ་ནས་“གཏོང་སྤྲོད་བདེ་འཇགས” དང“དངུལ་ཁུག་གི་སྒོ་ལྕགས་”བཀོལ་སྤྱོད་བྱེད་དགོས་ཏེ། ཁྱེད་ཀྱིས་མཛུབ་རིས་སམ་ལག་བརྡའི་གསང་གྲངས་གང་རུང་བདམས་ནས་ཐོབ་ཐང་ར་སྤྲོད་ཀྱི་གསང་ཨང་བྱེད་དགོས། དེ་ལྟར་བྱས་ཚེ། ཁྱེད་ཀྱིས་དངུལ་སྤྲོད་སྐབས་ཡང་བསྐྱར་ཐོབ་ཐང་ར་སྤྲོད་ཐེངས་གཅིག་བྱེད་དགོས་པ་གཤམ་གསལ་རི་མོ་ལྟར།

       02 དུས་འགྱངས་གཏོང་སྤྲོད་ཀྱི་སྒོ་ཕྱེ་བ།
       ཉོ་ཚོང་བདེ་འཇགས་ཡིན་མིན་ལ་སེམས་ཁྲལ་ཡོད་ཚེ། དངུལ་འབྱོར་བའི་དུས་ཚོད་གཏན་འཁེལ་བཟོ་ཆོག
       སྤྲད་ཟིན་པའི་དངུལ་ཕྱིར་འཐེན་བྱེད་མི་ཐུབ་ནའང་། དངུལ་སྤྲོད་པའི་དུས་ཚོད་འགོར་འགྱངས་བྱེད་ཆོག  དེ་ནི་“དངུལ་ཁུག་སྒོ་ལྕགས་”བརྒྱབ་རྗེས“གཏོང་སྤྲོད་དོ་དམ”མནན་ནས་དངུལ་ “དུས་ཐོག་ཏུ་འབྱོར་བ”དང་། “ཆུ་ཚོད་2ནང་དུ་འབྱོར་བ”“ཆུ་ཚོད་24ཡི་ནང་དུ་འབྱོར་བ”བཅས་ལས་གང་རུང་བདམས་ཏེ་དངུལ་འཕྲོད་པའི་དུས་ཚོད་གཏན་འཁེལ་བྱེད་ཆོག


       03 དངུལ་སྤྲོད་ནོར་བྱུང་ཚེ་ཚོང་པ་དང་འབྲེལ་བ་བྱེད་པ།
       དངུལ་སྤྲོད་ནོར་བྱུང་བ་ཤེས་རྗེས་དུས་ཐོག་ཏུ་ཚོང་པར་འབྲེལ་གཏུག་ཇི་ལྟར་བྱ་དགོས་ཞེ་ན།  ཐོག་མར་“སྐད་འཕྲིན་གཏོང་སྤྲོད་”ནང་འཛུལ་བ་དང་། དེ་ནས་ཁྱེད་ཀྱིས་དངུལ་སྤྲོད་ནོར་ཤོར་བའི་མངགས་ཐོ་བཙལ་ཏེ། “ཞིབ་ཕྲའི་གནས་ཚུལ་ལ་ལྟ་བ”ཞེས་པ་གནོན་པ་དང་། དེ་ནས་“དངུལ་སྤྲོད་ཡུལ”ལ་འབྲེལ་གཏུག་བྱེད་སྟངས་མཐོང་ཐུབ་ཀྱི་ཡོད།


རྩོམ་སྒྲིག་པ། སྣང་རྡོར།