དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཏོག་དབྱིབས་ནད་དང་། ཆམ་རིམས། ཆམ་པ་བཅས་ཀྱི་ཁྱད་པར།

སྤེལ་དུས 2020-12-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          དགུན་ཁ་ནི་བྱིས་པའི་ཆམ་རིམས་མང་པོ་ཐོན་པའི་དུས་ཚིགས་ཡིན་ཞིང་། པེ་ཅིང་བྱིས་པའི་སྨན་ཁང་དོས་དྲག་ཚན་ཁག་གི་ཀྲུའུ་རེན་ཝང་ཆོན་གྱིས། ཆམ་རིམས་དང་། སྤྱིར་བཏང་གི་ཆམ་པ། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་དབར་དབྱེ་བ་འབྱེད་པར་གཙོ་བོ་གཤམ་གྱི་ཕྱོགས་བཞིའི་ཐད་ལ་ལྟ་དགོས་ཞེས་བརྗོད་པ་སྟེ། 
          ཆམ་པ་ནི་དགུན་དུས་མང་པོ་ཐོན་པའི་རྒྱུན་མཐོང་ནད་གཞི་ཞིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད།  འོན་ཀྱང་ནད་དེ་གསུམ་གྱི་ངོས་ནས་བརྗོད་ན། དང་པོ། ནད་ཀྱི་འབྱུང་རྩ་གཅིག་པ་མིན།  ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་མ་ཡིན་པར། དེ་ནི་དབུགས་ལམ་གྱི་འགོ་ནད་ཞིག་དང་ཆམ་རིམས་ཀྱི་ནད་དུག་ལས་བྱུང་བ་ཞིག་རེད།  
          སྤྱིར་བཏང་གི་ཆམ་པའི་ངོས་ནས་བརྗོད་ན།  ལོ་ཧྲིལ་པོའི་དུས་ཚིགས་བཞི་ཀར་ཕོག་གི་ཡོད། ཡིན་ནའང་།  དེ་ནི་འགོ་ནད་མ་ཡིན་པར་རྒྱུན་གཏན་གྱི་ནད་ཅིག་ཡིན་པ་དེ་གཙོ་བོ་རྒྱུན་གཏན་གྱི་དབུགས་ལམ་ནད་དུག་ལངས་པ་ལས་བྱུང་བ་ཞིག་རེད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་འགོ་ནད་ཅིག་རེད།
          གཉིས་པ། ན་ཚ་དེ་གསུམ་ན་བའི་དུས་ཚོད་གཅིག་པ་མིན། ཆམ་པ་ནི་ལོ་ཧྲིལ་པོར་ཕོག་སྲིད་པ་དང་དུས་ཚིགས་ཀྱི་རང་བཞིན་མངོན་གསལ་མེད། ཆམ་རིམས་ནི་ལོ་ཧྲིལ་པོར་ཐོན་གྱི་ཡོད་ཀྱང་། མང་པོ་ཐོན་པའི་དུས་ཚིགས་ནི་གཙོ་བོ་དགུན་ཁ་དང་དཔྱིད་ཀ་རེད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་2019ལོའི་ལོ་མཇུག་གི་དགུན་དུས་སུ་ཐོན་པའི་ནད་ཡམས་ཤིག་རེད། 
          གསུམ་པ། ནད་ཚ་དེ་གསུམ་གྱི་ནད་རྟགས་གཅིག་པ་མིན། ཆམ་པ་ནི་མི་མང་ཆེ་བར་ཕོག་གི་ཡོད་པས་སྣ་ཁུག་འགག་པ་དང་། སྣ་ཆུ་ཐོན་པ། ཧབ་སྦྲིད་རྒྱག་པ་བཅས་ཀྱི་ནད་རྟགས་ཐོན་ཀྱི་ཡོད་ལ། ཚ་བ་ཡང་རྒྱས་སྲིད། འོན་ཀྱང་ཚ་བ་དམའ་བ་དང་འབྲིང་བ་རྒྱག་པ་དང་དུས་ཡུན་ཉིན་1ནས་3བར་ཡིན་ཞིང་། ཉིན་3ནས་5བར་སྤྱིར་ན་རང་བཞིན་དུ་དྲག་སྐྱེད་ཡོང་གི་ཡོད། ཆམ་པ་ལ་ལུས་པོ་ཡོངས་ཀྱི་ཤ་གནད་ལ་ཟུག་རྒྱག་པའམ་ཡང་ན་གཟུགས་པོ་ཡོངས་ལ་ཤུགས་མེད་པའི་ནད་རྟགས་ཐོན་པ་ཉུང་ཉུང་རེད། ཆམས་རིམ་ལ་ཚ་བ་མངོན་གསལ་རྒྱས་པ་མ་ཟད། ཚ་བ་མཐོ་པོ་རྒྱས་པ་དང་ཚ་བ་རྒྱས་པའི་དུས་ཡུན་ཅུང་རིང་པོ་ཡོད་དེ། སྤྱིར་བཏང་ཉིན་3ནས་5བར་རེད། འོན་ཀྱང་། གཟའ་འཁོར་གཅིག་གི་གཡས་གཡོན་དུ་རང་བཞིན་དུ་དྲག་སྐྱེད་ཡོང་གི་ཡོད། ཆམ་རིམས་ལ་ལུས་པོ་ཡོངས་ནས་ནད་རྟགས་ཐོན་པ་དཔེར་ན། ལུས་པོའི་ཤ་གནད་ལ་ཟུག་རྒྱག་པ་དང་། གཟུགས་པོར་ཤུགས་མེད་པ། མགོ་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། 
          ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཐད་ད་ཆ་བྱིས་པའི་ནད་དཔེའི་གྲངས་འབོར་ཉུང་བ་དང་། མིག་སྔར་ནད་གཏན་འཁེལ་བྱས་པའི་ནད་དཔེའི་ནད་རྟགས་གཙོ་བོ་ནི་ཚ་བ་རྒྱས་པ་དང་། གློ་རྒྱག་པ། གཟུགས་པོར་ཤུགས་མེད་པ་བཅས་ཚུད་པའི་སྐྱུག་མེར་ལང་བ་དང་། གྲོད་པ་ན་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། ང་ཚོས་ན་ཚ་དེ་གཏན་འཁེལ་བྱེད་སྐབས། དོགས་པ་ཡོད་པའི་ནད་དཔེའི་རིམས་ནད་རིག་པའི་ལོ་རྒྱུས་ལ་ལྟ་དགོས་ཀྱི་ཡོད་པས། ངས་དེ་གར་འབོད་སྐུལ་ཞུ་རྒྱུར། ཁྱིམ་བདག་ཚོས་ཕྲུ་གུ་ཁྲིད་ནས་སྨན་ཁང་དུ་སྐྱོད་དུས་ངེས་པར་དུ་ན་ལུགས་ན་སྟངས་དངོས་འབྲེལ་དྲང་འབྲེལ་ཤོད་དགོས། ཁྱེད་ཀྱིས་ན་ལུགས་ན་སྟངས་དྲང་པོར་བཤད་ན། སྨན་པས་དེ་བས་མགྱོགས་ལ་གཏན་འཁེལ་བའི་སྒོ་ནས་ཁྱེད་ཀྱི་ཕྲུ་གུའི་ནད་གཏན་འཁེལ་ཡང་དག་བྱ་ཐུབ། 
          བཞི་པ། དེ་གསུམ་གྱི་ཚབས་ཆེ་ཆུང་དང་འགོ་སླ་བའི་མི་ཚོགས་གཅིག་པ་མིན། ཆམ་པ་ནི་མི་རྒན་གཞོན་ཚང་མར་འགོ་སླ་པོ་ཡོད་པ་དང་། མཉམ་དུ་ནད་གཞན་མི་ན་བས་ཚབས་ཆེན་པོ་དེ་ཙམ་མེད།  ཆམ་རིམས་ཀྱི་ངོས་ནས་བཤད་ན། མ་གཞི་མི་རྒན་གཞོན་ཚང་མར་འགོ་སླ་ཡང་ཉེན་ཚབས་ཆེ་བའི་ཆམ་རིམས་ཁག་གཅིག་ནི་ཕོག་ཉེན་ཆེ་བའི་མི་ཚོགས་དཔེར་ན། ལོ་5ལས་ཆུང་བའི་བྱིས་པ་དང་ལྷག་པར་དུ་ལོ་2ལས་ཆུང་བའི་བྱིས་པ་དང་། ལོ་65དང་དེ་ལས་ཆེ་བ། ལོ་65ཡོལ་བའི་རྒན་རྒོན། དེ་བཞིན་རྒྱགས་པ་དང་། སྦྲུམ་མ། གཅོང་ནད་ཡོད་པའི་ནད་པ་བཅས་ཚང་མ་ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ཡིན་པ་མ་ཟད། ཆམ་རིམས་ཀྱིས་དབང་པོ་གཞན་གྱི་ནད་སློང་གི་ཡོད་པས། མི་འཆི་བའི་གནས་ཚུལ་ཡང་ཐོན་གྱི་ཡོད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་མི་ཕལ་ཆེ་བར་འགོ་སླ་པོ་ཡོད། མིག་སྔ་ནས་བལྟས་ན། དམར་འབྱར་དང་བྱིས་པར་ནད་ཐོན་མོད། རྒན་རྒོན་དང་གཅོང་ནད་ཡོད་པའི་ནད་པར་ཕོག་ན། དེ་བས་ཚབས་ཆེ་ཞིང་ཐ་ན་འཆི་ཡང་སྲིད།
རྩོམ་སྒྲིག་པ། སྣང་རྡོར།