དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཏོག་གསར་གློ་རིམས་ལ་འགོག་ཟོན་བྱ་རྒྱུ་ལྷོད་གཡེང་དུ་མི་གཏོང་རོགས།

སྤེལ་དུས 2020-12-29 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།
        ཏོག་གསར་གློ་རིམས་ཀྱི་འགོག་སྲུང་ཤེས་བྱ།

        གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་དགོས།
        དང་པོ། ལག་པ་བཀྲུ་བ། འདག་རྫས(ལག་འཁྲུད་གཤེར་ཁུ)སོགས་སྤྱད་ནས་བཞུར་ཆུ་ལས་ལག་པ་བཀྲུ་བ་དང་། ཆང་བཅུད་འདུས་པའི་ལག་འཁྲུད་གཤེར་ཁུ་སོགས་ཀྱིས་ལག་པ་བཀྲུ་དགོས།
        གཉིས་པ། ལག་པ་བཙོག་པས་མིག་དང་ཁ། སྣ་བཅས་ལ་རེག་མི་ཉན།
        གསུམ་པ། གློ་ལུ་བའམ་ཧབ་སྦྲིད་རྒྱག་སྐབས་ཤོག་བུའམ་ལག་ངར་གྱིས་ཁ་སྣ་བཀབ་དགོས།
        བཞི་པ། ཟ་མ་བགོས་ནས་ཟ་བ་དང་། སྤྱི་ཐོམ་དང་སྤྱི་ཐུར་སྤྱོད་དགོས།
        ལྔ་པ། ཁང་པའི་ནང་རྒྱུན་དུ་རླུང་རྒྱུག་ཏུ་འཇུག་པ་དང་། དུས་ལྟར་གཙང་སྦྲ་དང་དུག་སེལ་བྱ་དགོས།

        མི་སྒེར་གྱི་འགོག་སྲུང་ལྷོད་གཡེང་མི་གཏོང་བ།
        དང་པོ། འདུ་ཚོགས་མི་བྱེད་པ་དང་། མི་ཚོགས་མང་བའི་སར་འགྲོ་རྒྱུ་ཉུང་ཉུང་གྱིས།
        གཉིས་པ། མི་གཞན་དང་འབྲེལ་བ་བྱེད་སྐབས་སྨི་གཅིག་གི་བར་ཐག་རྒྱང་བར་བྱེད་དགོས།
        གསུམ་པ། ཁ་ཤུབས་རྒྱག་དགོས། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དམ་མི་ཚོགས་མང་བའི་སར་བསྡད་ན་གཏན་འབེབས་ལྟར་ཁ་ཤུབས་རྒྱག་དགོས།
        བཞི་པ། བདེ་ཐང་ཨང་རྟགས། མི་མང་འདུ་འཛོམས་བྱ་ཡུལ་དུ་རང་འགུལ་ངང་བདེ་ཐང་ཨང་རྟགས་བསྟན་ནས་གཟུགས་པོའི་དྲོད་ཚད་ལ་ལྟ་ཞིབ་བྱེད་དགོས།
        ལྔ་པ། ཉིང་སྐྱུར་ཞིབ་བཤེར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར། ཉིང་སྐྱུར་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱས་ཏེ། ཚ་བ་རྒྱས་ཤིང་གློ་ལུ་བ་སོགས་ཀྱི་ནད་རྟགས་བྱུང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།


རྩོམ་སྒྲིག་པ། སྣང་རྡོར།