དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

གཙོད་ཀྱི་གྲངས་འབོར་ཁྲི་5ནས་ཁྲི་20ལ་ཇི་ལྟར་འཕེལ་བ་ཡིན་ནམ།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།


       《ཁམས་བཟང་། བོད་ལྗོངས་》ཞེས་པའི་མུ་འབྲེལ་བརྙན་ཐུང་གི་ལེའུ་གསུམ་པ《སྐྱེ་ཁམས་ཀྱི་འབྲོག་གླུ།》
       མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བཟང་པོ་བྱས་ནས་མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་གནས་མཆོག་ཅིག་ཏུ་འགྱུར་བ་བྱ་དགོས་ཞེས་བསྟན་པ་ལྟར། བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་ཐུགས་རེ་དང་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་གཅིག་ཏུ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རྒྱུན་མཐུད་གོང་འཕེལ་ལ་བར་སྟོང་འདང་ངེས་ཤིག་བཞག་ཡོད་པ་མ་ཟད། ཕ་ཚ་བུ་རྒྱུད་ལ་གནམ་སྔོན་པོ་དང་། ས་ལྗང་གུ། ཆུ་དྭངས་མོ་དང་བཅས་པའི་ཁྱིམ་གཞིས་བསྐྲུན་ཡོད།
       བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་སོ་སོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ཆ་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་གཙོ་གནད་དུ་གྱུར་བའི་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ཡོད། དེ་སྔོན་གཙོད་ཀྱི་གྲངས་འབོར་ནི་ཁྲི་5ནས་7ཡིན་ཞིང་། ད་ཆ་གཙོད་ཁྲི་20ལྷག་ཏུ་འཕེལ་ཡོད་པ་དང་གསའ་དང་། འབྲོང་། ཁྲུང་ཁྲུང་མཇིང་ནག་སོགས་ཀྱི་གྲངས་འབོར་ཡང་འཕར་ཡོད་པ་རེད།
       དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འགོག་སྲུང་ནགས་ཚལ་མ་ལག་གི་ལས་གྲྭ་དང་། བོད་ལྗོངས་ཀྱི་“གཙང་པོ་གཉིས་དང་ཆུ་བོ་བཞིའི་”འབབ་རྒྱུད་ཀྱི་སྡོང་འཛུགས་སྔོ་ལྗང་ལས་གྲྭ། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན། ལྷ་སའི་ཉེ་འཁོར་གྱི་སྡོང་འཛུགས་སྔོ་ལྗང་ལས་གྲྭ་བཅས་འཛུགས་སྐྲུན་བྱས་ཏེ། 2020ལོའི་ལོ་མཇུག་བར། མི་ཤུགས་ལ་བརྟེན་ནས་ནགས་གསོ་ཁྱོན་མུའུ་ཁྲི་506.77བྱས་པ་དང་། གནམ་གྲུར་བརྟེན་ནས་ནགས་སོན་ཁྱོན་མུའུ་ཁྲི་21.8བཤོས་པ། རྨོ་བསྐྱུར་ནགས་འཛུགས་བྱས་པ་མུའུ་ཁྲི་32.58་ཟིན་པ། རི་བཀག་ནགས་གསོ་བྱས་པ་མུའུ་ཁྲི་103.5ཟིན་ཡོད་པ་དང་། འདམ་ར་མུའུ་ཁྲི་67ལ་སྲུང་སྐྱོང་བྱས་པ་དང་བྱེ་འགོག་བྱེ་བཅོས་བྱས་པའི་ས་རྒྱ་མུའུ་ཁྲི་505ལྷག་ཟིན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།