དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

པོད་ཕྲན་ལ་ཡང་ཆད་པ་ཕོག་འདུག རྒྱུ་མཚན་ནི་་་་་

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་15ཉིན། རྒྱལ་ཡོངས་འཆལ་སེལ་ལོག་རྡུང་གཞུང་ལས་ཁང་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དུས་ཡུན་ངེས་ཅན་ཞིག་གི་རིང་། པོད་ཕྲན་ཐོག་ཆགས་སྲེད་བརྒྱུད་སྤེལ་ཨང་ཐོ་དང་། འཇམ་ཁྲིད་ཀྱི་ནང་དོན་ལྡན་པའི་ཡི་གེ་དང་པར་རིས་འབོར་ཆེན་ཐོན་འདུག་ཅེས་དྲ་གྲོགས་ནས་འབྲེལ་ཡོད་ཕྱོགས་ལ་སྙན་སེང་ཞུས་ཡོད། འཆལ་སེལ་ལོག་རྡུང་གཞུང་ལས་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། པོད་ཕྲན་དྲ་སྟེགས་ཐོག་ཆགས་སྲེད་ལ་བརྟེན་ནས་དྲ་བའི་བཞུར་རྒྱུན་འགུག་ཁྲིད་བྱེད་པའི་སྣང་ཚུལ་ཚབས་ཆེན་པོ་ཡོད་པ་མ་ཟད། དེར་ཡུན་རིང་པོའི་ནང་བཀག་སྡོམ་ནུས་ལྡན་བྱ་ཐུབ་མེད་པ་རེད། 

          སྣང་ཚུལ་དེ་རིགས་ལ་དམིགས་ཏེ། སྤྱི་ལོ་༢༠༢༠ལོ་ནས་ད་བར། འཆལ་སེལ་ལོག་རྡུང་སྡེ་ཁག་གིས་ཁྲིམས་འགལ་མི་སྣས་པོད་ཕྲན་དྲ་སྟེགས་སྤྱད་དེ་གཡེམ་འཆལ་ཆགས་སྲེད་ནང་དོན་ཁྱབ་སྤེལ་དང་། ཚུལ་མིན་གྱི་ཆ་འཕྲིན་སྤེལ་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་དང་གཏོང་མུས་ཡིན་ཏེ། ཨན་ཧུའེ་དང་། ཀྲེ་ཅང་། ཀན་སུའུ་སོགས་ས་ཆའི་ཁུངས་སྣེ་གཙོ་བོར་ལྟ་སྲུང་ནན་པོ་དང་། རྩད་གཅོད་མཐར་ཕྱིན་བྱས་ནས། ཉེས་དོན་གྱི་གྱོད་གཞི་ཁག་དྲུག་རྩད་གཅོད་བྱས་ཡོད་པ་རེད།
          པོད་ཕྲན་དྲ་སྟེགས་ཀྱིས་གནོད་ལྡན་ནང་དོན་མི་སྤེལ་རྒྱུའི་ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པའི་གནས་ཚུལ་ལ་དམིགས་ཏེ། འཆལ་སེལ་ལོག་རྡུང་སྡེ་ཁག་གིས་པོད་ཕྲན་སྤྱི་གཉེར་ཁང་གི་འགན་ཁུར་མི་སྣར་ལེགས་བཅོས་བྱ་དགོས་པའི་བཀའ་ཐེངས་མང་ཕབ་པ་དང་འབྲེལ་སྲིད་འཛིན་ཆད་གཅོད་ཀྱང་བྱས་ཡོད། སྤྱི་ལོ་2020ལོའི་ཟླ་7པར། རྒྱལ་ཡོངས་འཆལ་སེལ་ལོག་རྡུང་གཞུང་ལས་ཁང་གིས་2020ཡི་དྲ་བ་གཙང་སེལ་ཞེས་པའི་ཆེད་དོན་བྱ་སྤྱོད་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡོངས་བསྒྲགས་བྱེད་དུས། པོད་ཕྲན་དང་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཚུལ་གྱི་གསལ་བརྡ་བཏང་ཡོད་པ་རེད།

          ཉེ་ཆར། མང་ཚོགས་ཀྱིས་ཐེར་འདོན་བྱས་པ་བརྒྱུད། རྒྱལ་ཡོངས་འཆལ་སེལ་ལོག་རྡུང་གཞུང་ལས་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་འཆལ་སེལ་ལོག་རྡུང་སྡེ་ཁག་ལ་པོད་ཕྲན་ནང་གཡེམ་འཆལ་ཆགས་སྲེད་ཐད་ཀྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ་མ་ཟད་ཐག་གཅོད་ཡག་པོ་མ་བྱུང་བའི་སྐོར་ལ་ཞིབ་བཤེར་བྱེད་དགོས་པའི་ལས་འགན་སྤྲད་ཡོད། ཞིབ་བཤེར་བྱས་འབྲས་ལས་གསལ་བར། སྤྱི་ལོ་2018ལོའི་ཟླ་12པ་ནས་2020ལོའི་ཟླ་12པའི་རིང་། པོད་ཕྲན་སྤྱོད་མཁན་མང་པོས་དྲ་ཐོག་པར་སྐྲུན་ཡིག་རིགས་དང་པར་རིས་སྒྲུང་གཏམ་སོགས་ཐེངས་མང་སྤེལ་བའི་ནང་གཡེམ་འཆལ་ཆགས་སྲེད་ཐད་ཀྱི་ནང་དོན་མངོན་གསལ་དོད་པོ་ཡོད་པ་རེད། ད་ལོའི་ཟླ1ཚེས་4ཉིན། པེ་ཅིང་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར།  པོད་ཕྲན་བདག་གཉེར་བྱེད་མཁན་གྱི་ཀུང་སིར་སྲིད་འཛིན་ཆད་པ་བཅད་ཡོད་པ་རེད།

          རྒྱལ་ཡོངས་འཆལ་སེལ་ལོག་རྡུང་གཞུང་ལས་ཁང་གི་འགན་འཁུར་མི་སྣས། པོད་ཕྲན་དྲ་སྟེགས་ཀྱིས་སྒྲིག་ཁྲིམས་ཀྱི་དམར་ཐིག་ལས་ཡང་ཡང་བརྒལ་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས་པ་དང་། བསླབ་བྱ་དང་དུ་ལེན་པ། རང་ཉིད་ལ་འགན་འཁུར་བ་དང་། དྲ་དམངས་ལ་འགན་འཁུར་བ། སྤྱི་ཚོགས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། གནོད་ལྡན་ནང་དོན་འགོག་རྒྱུར་སྣང་ཆེན་བྱེད་པ་དང་། སྐྱོན་སེལ་ཡོ་བསྲང་བྱེད་པ། མི་སྣ་དང་ལག་རྩལ་སོགས་ཀྱི་ཐད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ། གཡེམ་འཆལ་ནང་དོན་ལ་བརྟེན་ནས་དྲ་བའི་བཞུར་རྒྱུན་འགུག་པའི་བྱ་སྤྱོད་མང་དུ་འགྲོ་བར་ཁ་གཏད་གཅོག་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། བདེ་འཇགས་དོ་དམ་ལམ་ལུགས་འཐུས་ཚང་འཛུགས་པ་མ་ཟད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་དང་ཐོག་མཐའ་བར་གསུམ་དུ་གཡེམ་འཆལ་ཆགས་སྲེད་སོགས་ཆ་འཕྲིན་གནོད་ཅན་ཁྱོན་ཡོངས་དང་གཏིང་ཟབ་སྒོས་གཙང་སེལ་བྱེད་པ་བཅས་བྱ་སྤྱོད་ངོ་མའི་ཐོག་ནས་དྲ་བའི་ཁོར་ཡུག་ལེགས་སུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།