དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སློབ་གྲྭ་འབྲིང་ཆུང་གི་སློབ་མས་སློབ་གྲྭར་ཁ་པར་འཁྱེར་ཆོག་གམ།

སྤེལ་དུས 2021-03-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ཉེ་ཆར། སློབ་གསོ་པུའུ་གཞུང་དོན་ཐིང་གིས《2021ལོའི་དཔྱིད་ཀའི་སློབ་དུས་སུ་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ“བརྡ་ཐོ”ཞེས་བསྡུ་རྒྱུ)བཀྲམ་ནས། 2021ལོའི་ཟླ་3པར་དཔྱིད་ཀའི་སློབ་དུས་སུ་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད།
         བརྡ་ཐོའི་ནང་ནན་བཤད་བྱས་དོན། ས་ཁུལ་ཁག་གིས་སློབ་གྲྭས་ཕྱོགས་ཡོངས་ནས་རང་བཤེར་བྱེད་པར་སྐུལ་འདེད་གཏོང་བ་དང་། མིག་གི་མཐོང་རྒྱ་ཆེ་རུ་གཏོང་བ། ཚད་གཞི་མ་ལོན་པ་རྣམས་ལེགས་སྒྲིག་བྱེད་དགོས་པ། མིག་སྲུང་ལུས་རྩལ་ལམ་ལུགས་མཐའ་འཁྱོངས་བྱེད་པ། སློབ་ཚན་གྱི་བར་གསེང་དུ་ངེས་པར་དུ་སློབ་མས་ཕྱིར་འགུལ་སྐྱོད་བྱེད་པ་དང་རྒྱང་ལྟ་བྱེད་པ། ལག་ཐོགས་ཁ་པར་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་ལག་ཐོགས་ཁ་པར་སློབ་གྲྭའི་ནང་འཁྱེར་རྒྱུར་ཚོད་འཛིན་བྱེད་པ་དང་སློབ་ཁང་ནང་འཁྱེར་མི་ཆོག་པ་བཟོ་དགོས།

         བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་ཡུལ་བབ་དང་བསྟུན་ནས་མིག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ཟབ་ཏུ་དང་། རྒྱང་སྒྲིབ་ཆགས་རྒྱུར་སྔོན་འགོག་བྱེད་པ། སློབ་གྲྭའི་རྒྱུན་གཏན་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། ལག་ཐོགས་ཁ་པར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱིམ་བདག་དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱེད་པ། ཉམས་མྱོང་བཟང་པོ་དྲིལ་བསྒྲགས་བྱེད་པ་བཅས་བྱེད་སྒོའི་ནང་དོན་དྲུག་ལ་གཞིགས་ནས་མིག་ཤེད་ལ་ཤུགས་རྐྱེན་ངན་པ་བཟོ་བའི་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ། གོ་ཆོད་པའི་བྱ་ཐབས་སྤྱོད་པ་དང་། དཔྱིད་ཀའི་སློབ་དུས་ཀྱི་སློབ་འགོ་ཚུགས་པ་དང་བསྟུན་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་ས་ཆ་དེ་རང་དང་སློབ་གྲྭས་རྒྱང་སྒྲིབ་ཚོད་འཛིན་དང་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱེད་དགོས།

         བརྡ་ཐོའི་ནང་ནན་བཤད་བྱས་དོན། ལག་ཐོགས་ཁ་པར་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལག་ཐོགས་ཁ་པར་དོ་དམ་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་སྐོར་གྱི་སློབ་གསོ་པུའུ་གཞུང་དོན་ཐིང་གི་བརྡ་ཐོ》དོན་འཁྱོལ་ནན་ཏན་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལག་ཐོགས་ཁ་པར་སྤྱད་དྲགས་པའི་གནོད་པ་དང་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བའི་དགོས་ངེས་རང་བཞིན་དྲིལ་བསྒྲགས་བྱེད་པ། ལག་ཐོགས་ཁ་པར་སློབ་གྲྭར་འཁྱེར་རྒྱུར་ཚོད་འཛིན་དང་སློབ་ཁང་དུ་འཁྱེར་མི་ཆོག་པའི་འགན་ལེན་བྱེད་པ། ཁྱིམ་བདག་གིས་ཕྲུ་གུས་ལག་ཐོགས་ཁ་པར་སྤྱོད་རྒྱུར་ལྟ་སྐུལ་དང་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ། ཕྲུ་གུས་ཚན་རིག་དང་མཐུན་པ་དང་དཔྱོད་ཤེས་ཀྱི་སྒོ་ནས་ལག་ཐོགས་ཁ་པར་བེད་སྤྱོད་ལུགས་མཐུན་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། དེ་དང་དུས་མཚུངས། སྦྱོང་ཚན་ཡག་པོ་འབྲི་བ་དང་། གཉིད་འདང་ངེས་ཁུག་པ། དཔེ་ཀློག་ཡག་པོ་བྱེད་པ། གཟུགས་པོ་བདེ་ཐང་ཡོང་བ་སོགས་ལ་དོ་དམ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་མིག་ཤེད་ལ་སྲུང་སྐྱོང་བྱེད་རྒྱུར་ཁྲིད་སྟོན་དང་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། སྣང་རྡོར།