དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ད་ཆ། རྒྱལ་ནང་དུ་རང་མོས་ངང་བསྐྱོད་ཆོག་གམ།

སྤེལ་དུས 2021-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           2021ལོའི་ཟླ3པའི་ཚེས16ཉིན་གྱི་མཚན་མོའི་ཆུ་ཚོད12ནས་བཟུང་། རྒྱལ་ནང་གི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣ་པེ་ཅིང་དུ་ཕྱིར་ལོག་བྱེད་སྐབས་པེ་ཅིང་དུ་མ་འབྱོར་གོང་གི་ཉིན་བདུན་གྱི་ནང་ཚུན་དུ་ཉིང་སྐྱུར་བཤེར་འཇལ་ཚད་ལེན་སྲིབ་གཤིས་ཡིན་པའི་དཔང་ཡིག་འཁྱེར་མི་དགོས་པ་དང་། པེ་ཅིང་དུ་འབྱོར་རྗེས་ཉིན14ཡི་རིང་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་མི་དགོས་ལ། ཉིན7དང་ཉིན14ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་ཚད་ལེན་ཡང་བྱེད་མི་དགོས། བདེ་ཐང་ཤར་བགྲོད་ཨང་རྟགས་ཀྱི“ལྗང་མདོག་ཨང་རྟགས”འཁྱེར་ནས་ལས་དྲོད་འཇལ་འབྲས་རྒྱུན་ལྡན་ཡིན་པ་མ་ཟད། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་རང་མོས་དང་གོ་རིམ་ལྡན་པའི་ངང་པེ་ཅིང་དུ་ལོག་ཆོག བདེ་ཐང་སྐབས་དོན་ཚགས་པར་གྱིས་ས་གནས་ཁག་གི་རིམས་འགོག་གམ་ཡང་ན་འགྲིམ་འགྲུལ་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣས་ལྗང་མདོག་ཨང་རྟགས་ལ་བརྟེན་ནས་རྒྱལ་ནང་དུ་རང་མོས་ངང་ཤར་བགྲོད་བྱ་ཆོག་པ་རེད།
           ཟླ2པའི་ཚེས22ཉིན་ཧྲི་ཅ་ཀྲོང་ཀའོ་ཁྲེང་ཁུལ་གྱི་ས་ཁོངས་ཧྲིལ་པོ་དང་དེ་བཞིན་ཝང་ཁུའེ་རྫོང་གི་རིམས་ནད་ཀྱི་ཉེན་ཁའི་རིམ་པ་དེ་ཉེན་ཁ་ཆུང་བའི་ས་ཁུལ་དུ་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ཀྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་གཅིག་ཀྱང་མེད་པར་བཟོས་པ་དང་། མིག་སྔར་རྒྱལ་ནང་གི་ས་ཁོངས་ཧྲིལ་པོ་ནི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན།
           ཟླ3པའི་ཚེས14ཉིན་གྱི་སྔ་དྲོར། བདེ་ཐང་སྐབས་དོན་ཚགས་པར་གྱི་གསར་འགོད་པས་ཀྲུང་གོ་ལྕགས་ལམ12306གི་འགྲུལ་པའི་ཞབས་ཞུ་ལྟེ་གནས་སུ་གློག་འཕྲིན་བཏང་བ་དང་། ལས་དོན་མི་སྣས་ཟླ3པའི་ཚེས16ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་བཟུང་། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣས་བདེ་ཐང་ཨང་རྟགས་ཀྱི“ལྗང་མདོག་ཨང་རྟགས”ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ས་ཁོངས་ཁག་བར་མེ་འཁོར་བསྡད་དེ་འགྲོ་སྐྱོད་བྱེད་ཆོག་པ་དང་ཉིང་སྐྱུར་བཤེར་འཇལ་ཚད་ལེན་སྲིབ་གཤིས་ཡིན་པའི་དཔང་ཡིག་འཁྱེར་མི་དགོས་ཟེར། དེ་རྗེས་གསར་འགོད་པས་སླར་ཡང་མཁའ་འགྲུལ་ཀུང་སི་དང་གནམ་གྲུ་ཐང་གི་ས་ཆ་མང་པོར་གློག་འཕྲིན་བཏང་པས། ལས་དོན་མི་སྣ་ཚང་མས་མིག་སྔར་ས་གནས་དེ་གའི་ཟླ3པའི་ཚེས16ཉིན་གྱི་རྗེས་སུ། བདེ་ཐང་ཨང་རྟགས་ཀྱི་ལྗང་མདོག་ཨང་རྟགས་ལ་བརྟེན་ནས་ཤར་བགྲོད་ཐུབ་པ་དང་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱེད་མི་དགོས་ཤིང་། དུས་མཚུངས་སུ་འགྲོ་སྐྱོད་མ་བྱས་གོང་དུ་འགྲོ་ཡུལ་གྱི་སྲིད་ཇུས་གསར་ཤོས་བློ་འདྲི་བྱ་རྒྱུའི་གྲོས་འགོ་བཏོན་འདུག
རྩོམ་སྒྲིག་པ། སྣང་རྡོར།