ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སྨྱོ་ཧམ་ཅན་གྱི་རྣམ་པར་ཆགས་པའི་ཐོག་མའི་སློབ་གསོའི་ཅི་བྱ་གཏོལ་བྲལ་གྱི་གནས་བབ།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དཔལ་ཆེན།
   
          ཞིན་ཧྭ་དྲ་བའི་ཟླ ༡ པོའི་ཚེས ༣༠ ཉིན་གྱི་གློག་འཕྲིན།(གསར་འགོད་པ། ལོའུ་ཁྲང་། ཀའོ་པའོ།)ལོ་ན་གསུམ་གྱིས་བྱིས་པའི་ཚེ་གཅིག་ཐག་གཅོད། ཕྱིའི་རྒྱལ་ཁབ་ནས་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་ནང་འདྲེན་བྱ་ཞེས་པ་སོགས་ཀུན་ཀྱི་མིག་དབང་འཕྲུལ་བར་བྱ་བའི་གཏམ་སྦྱོར་མང་པོས་བསླུ་བྲིད་ག་ཚོད་ཙམ་སྤྲད་སོང་ངམ།  

          བྱིས་པ་མགོ་རྩོམ་ས་ནས་ཕམ་དུ་མི་འཇུག བྱིས་པའི་བག་ཉལ་གྱི་ནུས་བ་སྔོག་འདོན་བྱ་ཞེས་པ་སོགས་བསམ་དཀར་གྱི་ཐོག་མའི་ཀུན་སློང་གིས་ཁྱིམ་བདག་ག་ཚོད་ཅིག་ཐོག་མའི་སློབ་གསོའི་ཚ་རླབས་ཁྲོད་བསྐྱལ་སོང་ངམ།  

          འོན་ཀྱང་། དོན་དངོས་ནི། མུན་འཐོམས་ཀྱི་རྗེས་འདེད་དང་། ཚུལ་མིན་ཁེ་ཆེན། དོ་དམ་འཐུས་ཤོར་སོགས་ནི་རྒྱལ་ནང་གི་རང་དབང་སྐྱེས་འཚར་རིམ་པར་གནས་པའི་ཐོག་མའི་སློབ་གསོའི་ལས་རིགས་ཀྱི་ཅི་བྱ་གཏོལ་བྲལ་གྱི་དངོས་ཡོད་གནས་བབ་རུ་འགྱུར་གྱིན་པ་དེ་རེད། གསར་འགོད་པས་བརྟག་དཔྱད་བརྒྱུད་དེ་ཤེས་རྟོགས་བྱུང་བ་ལྟར་ན། ཁྲིམས་སྲོལ་གྱི་ཚད་ལྡན་གྱི་ལྟ་རྟོག་མེད་པས། སློབ་གྲྭ་མང་པོ་ཞིག་ལ་དགེ་རྒན་གྱི་དཔུང་སྡེ་སྟོབས་ཅན་ཞིག་མེད་པ་དང་། བསླབ་ཚན་བཀོད་སྒྲིགའང་རང་སྣང་གང་ཤར་ཅན་དུ་གྱུར་འདུག་ལ། གཞན་ད་དུང་ཐོག་མའི་སློབ་གསོའི་ལས་ཁུངས་ཀྱི་མགོ་བའི་སློབ་ཡོན་འཁྱེར་ཏེ་བྲོས་པའི་གནས་ཚུལའང་རྒྱུན་དུ་འབྱུང་གིན་འདུག་གོ ། ཆེད་མཁས་པ་ལྟར་ན། ཁྱིམ་བདག་མང་པོས་ཐོག་མའི་སློབ་གསོར་ངོས་འཛིན་ཚུལ་གྱི་ཆ་ན་ནོར་འཁྲུལ་མཆིས། འབྲེལ་ཡོད་སྡེ་ཁག་གིས་ཐོག་མའི་སློབ་གསོའི་ལྟ་སྐུལ་མཁན་དང་བདག་གཉེར་མཁན་གཙོ་བོ་གཏན་འབེབས་གསལ་བོ་དང་ཁྲོམ་རའི་འཕེལ་རྒྱས་ཚད་ལྡན་ཅན་དུ་གཏོང་དགོས་སོ། ། 


ནུ་མ་ནུ་བཞིན་ཐོག་མའི་སློབ་གསོ་མྱོང་བ།  
          པེ་ཅིང་དང་ཧྲི་ཅཱ་ཀྲོང་གི་ཐོག་མའི་སློབ་གསོའི་ལས་ཁུངས་རྣམས་སུ། ཐོག་མའི་སློབ་གསོའི་སློབ་ཁྲིད་ལ་ཡོང་མཁན་གྱི་ཁྱིམ་བདག་དང་བྱིས་པ་རྒྱུན་ཆད་མེད་ལ། སློབ་ཁྲིད་ལ་ཡོང་མཁན་གྱི་བྱིས་པ་མང་ཤོས་ནི་ལོ་གཅིག་ནས་གཉིས་ཀྱི་གཡས་གཡོན་ཡིན་ཞིང་། བྱིས་པ་ལ་ལས་ཐ་ན་ད་དུང་ཁར་ནུ་མ་ནུ་ཞིང་ཞབས་ལ་གཅིན་གདན་བཏང་འདུག  

          ཟླ་འདི་གཉིས་རིང་ལ་ཁོ་མོས་གཟའ་འཁོར་རེ་རེར་ལོ་གཅིག་ལ་སོན་མ་ཐག་པའི་བྱིས་པ་ཁྲིད་དེ་ཉེ་འགྲམ་གྱི་ཨ་རི་རྒྱབ་ལྗོངས་སུ་བསྟེན་པའི་ཐོག་མའི་སློབ་གསོའི་ལྟེ་གནས་སུ་སློབ་ཁྲིད་ལ་ཉན་དུ་འགྲོ་ཡི་ཡོད་ཅིང་། ཐོག་མའི་སློབ་གསོའི་འཛིན་གྲྭའི་ཁྲོད་དུ་ཁོ་མོའི་བྱིས་པ་ལས་ལོ་ཆུང་བའི་བྱིས་པ་མང་དུ་འདུག་པས། གཞན་གྱི་བྱིས་པ་སློབ་ཁྲིད་ལ་འགྲོ་ཡི་ཡོད་ན། རང་གི་བྱིས་པའང་གཞན་གྱི་རྗེས་སུ་ལུས་རུ་འཇུག་མི་རུང་ཞིང་། བྱིས་པ་མགོ་རྩོམ་ས་ནས་ཕམ་དུ་འཇུག་མི་རུང་ཞེས་ཧྲི་ཅཱ་ཀྲོང་གི་ཡུའུ་ཧྭ་ཁུལ་ནས་ཡོང་པའི་སྐྱེས་མ་བང་གིས་གསར་འགོད་པར་བཤད།  

          ཁྱིམ་བདག་རྣམས་ཀྱིས་འདི་འདྲར་བསྡུར་བ་བྱས་པ་ལས་བྱུང་བའི་སློབ་གསོའི་རྔམ་བྲེལ་གྱི་འདུ་ཤེས་ཀྱི་རྐྱེན་པས། ཐོག་མའི་སློབ་གསོ་མྱོང་བའི་བྱིས་པའི་ལོ་ཚོད་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་དུ་བཅུག  

          མགོ་རྩོམ་ས་ནས་ཕམ་དུ་མི་འཇུག་ཞེས་པ་ནི་ཐོག་མའི་སློབ་གསོའི་ལས་ཁུངས་དག་གི་ཁྱབ་སྒྲོག་ཁ་གཡང་ཡིན་ཞིང་། དེས་ཁྱིམ་བདག་མི་ཉུང་བ་ཞིག་མུན་འཐོམས་སྒོས་རྗེས་སུ་འབྲང་དུ་བཅུག སྐྱེས་མ་བང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐོག་མའི་སློབ་གསོའི་འཛིན་གྲྭར་ཕ་མ་དང་བྱིས་པ་ཕན་ཚུན་འབྲེལ་འདྲིས་དང་། རོལ་མོ། མཛེས་རྩལ། འགུལ་སྐྱོད་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་འདུག་ཅིང་། གཙོ་བོ་བྱིས་པའི་བློ་རིག་སྒྲིམ་པའི་ནུས་པ་དང་། གསར་གཏོད་ཀྱི་ནུས་པ། བརྡར་ཤ་གཅོད་པའི་ནུས་པ། སྨྲ་བརྗོད་ཀྱི་ནུས་པ་སོགས་གསོ་སྐྱོང་བྱ་བར་སྒྲོག་གིན་འདུག སློབ་ཁྲིད་གཅིག་ལ་སྐར་མ༤༥དང་། སློབ་ཡོན་གྱི་ཚད་ནི་སློབ་ཁྲིད་རེར་སྒོར ༡༢༠ རེད་འདུག 

          རང་ཉིད་ཀྱི་བྱིས་པ་ཐོག་མའི་སློབ་གསོའི་ལས་ཁུངས་ལ་ལོ ༢ ལ་བསྐྱལ་བའི་རིང་གི་འགྲོ་སོང་ཁྱོན་བསྡོམས་སྒོ་ཁྲི༣ཙམ་རེད། "ལེགས་པ་ཞིག་ནི་ཐོག་མའི་སློབ་གསོའི་ལས་ཁུངས་སུ་བསྐྱལ་ན་བྱིས་པར་རྩེད་རོགས་ཡོད་ཀི བྱིས་གཉོར་མས་ནམ་རྒྱུན་བྱིས་པ་ལ་ཟ་མ་གཡོ་སྐོལ་བྱེད་པ་ཙམ་ལས་བྱིས་པའི་རྩེད་རོགས་སུ་མི་ཉན་པ་དང་གླ་ཆ་ཚང་མ་མཐོ་བས་ཐབས་མེད་ཀི"ཞེས་པེ་ཅིང་གི་དྲ་རྒྱའི་ཁེ་ལས་ཞིག་ཏུ་ལས་ཀ་གཉེར་བཞིན་པའི་སྐྱེས་མ་ཚའོ་ཡིས་གསར་འགོད་པར་བཤད།  

          གསར་འགོད་པ་ཁྱིམ་བདག་ཚུལ་དུ་བྱས་ཏེ་ཧྲི་ཅཱ་ཀྲོང་གི་ཐོག་མའི་སློབ་གསོའི་ལས་ཁུངས་ཤིག་ནས་ལོ་ན༢ནས༣ཅན་ལ་བཀོད་སྒྲིག་བྱས་པའི་དབྱིན་ཇིའི་སློབ་ཁྲིད་ལ་ཉན་པ་ན། སློབ་ཁྲིད་ཀྱི་ཡུལ་དངོས་ཀྱི་གནས་ཚུལ་ལ་བལྟས་ན། ཕལ་ཆེར་བྱིས་པ་གཅིག་གིས་ཀྱང་སློབ་ཁྲིད་ལ་ཉན་གྱི་མི་འདུག སློབ་ཁྲིད་གྲོལ་རྗེས་དགེ་རྒན་གྱིས། བྱིས་པ་ཚོས་ཉན་མ་ཤེས་ཀྱང་ཆོག འོན་ཀྱང་འདིས་དལ་བ་དལ་བུར་ཁོ་ཚོའི་སྐད་ཆའི་ནུས་པ་གསོ་སྐྱོང་བྱ་ཐུབ་ཅེས་གསལ་བཤད་བྱས་བྱུང་།  


དགེ་རྒན་གྱི་དཔུང་སྡེ་དང་། སློབ་ཁྲིད་བཀོད་སྒྲིག ལྟ་སྐུལ་དོ་དོམ་གསུམ་གྱི་ཞན་ཆ།  
          རྐྱང་ཡིན་གཉིས་སྐྱེས་ཀྱི་སྲིད་ཇུས་ཀྱིས་ཐོག་མའི་སློབ་གསོའི་ཁྲོམ་ར་འཁྲུག་ཆ་ཇེ་དོད་ཏུ་བཏང་མོད། ཚ་རླབས་ཀྱི་འཕེལ་ཕྱོགས་ཀྱིས་ཁྲོམ་ར་འདི་ན་སོན་དུ་འཇུག་ཐུབ་མེད། གསར་འགོད་པས་བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་ཐོག་མའི་སློབ་གསོའི་ཁྲོམ་རར་གནད་དོན་མང་དུ་ལྷག་འདུག་སྟེ།  

དང་པོ། དགེ་རྒན་ཚད་ལེན་གྱི་ཚད་གཞི་དམའ་བས་དགེ་རྒན་གྱི་དཔུང་སྡེའི་སྟོབས་ཞན་པ།  

          པེ་ཅིང་གི་སྔར་ཐོག་མའི་སློབ་གསོའི་དགེ་རྒན་བྱས་མྱོང་མཁན་ཞིག་གིས་བཤད་པ་ལྟར་ན། ཐོག་མའི་སློབ་གསོའི་འཛིན་གྲྭའི་དགེ་རྒན་བསྡུ་བར་དགེ་རྒན་གྱི་ཆུ་ཚད་ག་འདྲ་ཡིན་པར་མི་བལྟ་པར། ནམ་རྒྱུན་ཟླ་གཉིས་ཙམ་གྱི་གསབ་སྦྱོང་དང་ཚོད་འཁྲིད་བྱས་རྗེས། རམ་འདེགས་དགེ་རྒན་བྱས་ནས་ཅུང་འགོར་ན་ལས་གནས་སུ་ཞུགས་ཆོག་པ་རེད་འདུག རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྒྱལ་ནང་དུ་ཐོག་མའི་སློབ་གསོའི་དགེ་རྒན་གྱི་ཆེད་ལས་དཔང་ཡིག་བདེན་བཤེར་ལམ་ལུགས་མེད་པས། བྱིས་པའི་དགེ་རྒན་གྱི་འཛིན་ཡིག་དང་དེའི་རིགས་སུ་གྱུར་བའི་དཔང་ཡིག་དག་གམ་ཡང་ན་རྒྱལ་སྤྱིའི་བྱིས་པའི་སློབ་གསོའི་ཕྱོགས་ཁག་སྣ་ཚོགས་ཀྱི་དཔང་ཡིག་ཙམ་གྱིས་ཚབ་བྱེད་པ་ལས་ཐབས་མེད་འདུག  

གཉིས། བསླབ་ཚན་རང་སྣང་གང་ཤར་སྒོས་བཀོད་སྒྲིག་བྱེད་ཀྱིན་པ།  

          ཧྲི་ཅཱ་ཀྲོང་གྲོང་ཁྱེར་རུ། ཐོག་མའི་སློབ་གསོའི་ལས་ཁུངས་མི་ཉུང་བ་ཞིག་གིས་ཨ་རིའི་བྱིས་པའི་གསོ་སྐྱོང་བྱེད་ཕྱོགས་དང་ མཱིན་ཐི་ལི་སོའི་སློབ་ཁྲིད་བྱེད་ཕྱོགས་ཞེས་པ་སོགས་ཀུན་ཀྱི་མིག་འཕྲུལ་བར་བྱེད་པའི་བསླབ་ཚན་བཀོད་སྒྲིག་འདོན་སྤྲོད་བྱེད་པ་མ་ཟད།དེ་ནི་ཚན་རིག་གི་གསོ་སྐྱོང་བྱེད་ཐབས་ཡིན་པར་སྒྲོག་གིན་འདུག ཧྭ་ནན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡོན་ཨའེ་ལིན་གྱིས་འདོད་པ་ལྟར་ན། ཐོག་མའི་སློབ་གསོའི་འཛིན་གྲྭར་འགུལ་སྐྱོད་དང་ཁ་བརྡ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཁྱིམ་བདག་དང་བྱིས་པ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གོ་སྐབས་སྐྲུན་གྱིན་ཡོད་པ་ནི། བྱིས་པའི་རྗེས་མའི་རིག་པ་སྒྲིམ་པའི་ནུས་པ་དང་བྱ་སྤྱོད་གོམས་གཤིས་གསོ་སྐྱོང་བྱ་བར་གལ་ཆེ་བར་འགྱུར་གྱི། འོན་ཀྱང་བསླབ་ཚན་ལ་ལ་ནི་བྱིས་པའི་ཤེས་བྱའི་ཚད་ཀྱིས་དང་ལེན་བྱ་ཐུབ་པའི་ཚད་ལས་བརྒལ་འདུག་པས། འདི་འདྲའི་ཐོག་མའི་སློབ་གསོའི་བྱེད་ཐབས་ཀྱིས་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་གཞོམ་ཡང་སྲིད།  

གསུམ། ལྟ་སྐུལ་དང་དོ་དམ་གྱི་འགན་འཁྲིས་མི་འདང་བ།  

          ཐོག་མའི་སློབ་གསོའི་ལས་ཁུངས་དག་གིས་རྒྱུན་པར་སྔོན་ལ་རིན་སྤྲོད་པའི་རྣམ་པའི་སློབ་ཡོན་ལེན་གྱིན་ཡོད་ལ། འདིའང་ཉེ་བའི་ལོ་འགའི་རིང་ལ་ཐོག་མའི་སློབ་གསོའི་ལས་རིགས་སུ་སྦྱིན་བདག་གིས་སྒོར་མོ་ཁྱེར་ནས་བྲོས་པའི་གནས་ཚུལ་བསྐྱེད་པའི་རྒྱུ་རུ་གྱུར་འདུག ༢༠༡༤ ལོར་རྒྱལ་ཡོངས་སུ་དཔང་ཡིག་མེད་པར་སྒོ་བརྒྱབས་པའི་ཐོག་མའི་སློབ་གསོའི་ལས་ཁུངས ༢༦ ཙམ་མཆིས། རྒྱུས་ལོན་བྱུང་བ་ལྟར་ན། ཐོག་མའི་སློ་གསོའི་ལས་ཁུངས་མང་ཤོས་ལ་བཟོ་ཚོང་ལས་གཉེར་གྱི་དཔང་ཡིག་མ་གཏོགས་མེད་ཅིང་། ལས་གཉེར་གྱི་ཁྱབ་ཁོངས་ནི་སློབ་གསོ་འདྲི་རྟོག་ཡིན་འདུག ཡོན་ཨའེ་ལིན་གྱིས། མིག་སྔར་སློབ་གསོའི་སྡེ་ཁག་ནི་ཐོག་མའི་སློབ་གསོའི་ལས་ཁུངས་དོ་དམ་བྱེད་པའི་འགན་འཁྲའི་གཙོ་གཟུགས་མ་ཡིན་ཞིང་། ཟབ་ཞུགས་བྱེད་ཆོག་པའི་སྒྲིག་གཞི་མེད་པས་ཀྱང་ཁྲོམ་རར་རྙོག་དྲ་བཟོས་འདུག་ཅེས་གསུངས།  

          ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲུའུ་ཀྲའོ་ཧོས་གསུངས་རྒྱུར། ཐོག་མའི་སློབ་གསོ་སྒྲིག་ལམ་ལྡན་པའི་ངང་འཕེལ་རྒྱས་འབྱུང་བར་བྱ་དགོས་ན། ཁྲོམ་རའི་སྒྲིག་གཞི་ལ་བརྟེན་དགོས་པ་མ་ཟད། དུ་དུང་ཆེད་ལས་ཀྱི་བླང་འདོར་སྒྲིག་གཞི་གཟུགས་དགོས་ལ། ལས་རིགས་འཕེལ་རྒྱས་ལ་སྣེ་འཁྲིད་མཁན་གྱི་ལས་རིགས་ལྷན་ཚོགས་གཟུགས་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག བཙུགས་པའི་ལས་རིགས་ལྷན་ཚོགས་གང་དེ་སྲིད་གཞུང་དང་ཁྲོམ་ར་གཉིས་ཟུང་སྦྱོར་བྱེད་མཁན་དུ་བསྐོས་ཏེ། ཐོག་མའི་སློབ་གསོའི་ཁྲོམ་རའི་འདྲ་མཉམ་གྱི་འགྲན་རྩོད་ཚད་ལྡན་ཅན་དུ་བསྒྱུར་བ་དང་། དུས་མཚུངས་སུ་ཆ་རྐྱེན་དང་ནུས་པས་མི་འདང་བའི་ཐོག་མའི་སློབ་གསོའི་ལས་ཁུངས་དག་ལ་སྒོ་རྒྱག་ཏུ་འཇུག་དགོས།  

          ལོ་ན༠ནས༣བར་གྱི་སློབ་གསོའི་ཡོད་ཚད་ཁྲོམ་རར་སྤྲད་ན་འགྲིག་གམ།  

          རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་སློབ་གསོའི་མ་ལག་ཁྲོད་དུ། ལོ་ན༣ནས༦བར་གྱི་སློབ་གསོ་ནི་སློབ་ན་མ་སོན་པའི་སློབ་གསོར་གཏོགས་ལ།འབྲེལ་ཡོད་ཁྲིམས་སྲོལ་གྱི་འགན་སྲུང་ཡང་ཡོད་འདུག   འོན་ཀྱང་། ལོ་ན༠ནས༣བར་གྱི་ཐོག་མའི་སློབ་གསོ་ནི་ཀྲུང་གོའི་མིག་སྔའི་སློབ་གསོའི་མ་ལག་ཁྲོད་ཚུད་མི་འདུག  

          ཡོན་ཨའེ་ལིན་གྱི་བཞེད་པ་ལྟར་ན། ལོ་ན༠ནས༣བར་གྱི་སློབ་གསོ་ནི་གནད་དོན་ཆུང་ངུ་ཞིག་མིན་པས། སྲིད་གཞུང་གིས་ངེས་པར་དུ་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། གནད་འདི་ཚོད་འཛིན་ལེགས་པོ་བྱེད་པ་ལས་ཡོད་ཚད་ཁྲོམ་རར་སྤྲོད་མི་ཉན་ཞིང་། གང་མགྱོགས་སྒོས་ཐོག་མའི་སློབ་གསོའི་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་གཞི་མེད་པ་གཟུགས་རྒྱུ་དང་ཡོད་པ་འཐུས་ཚང་དུ་གཏང་རྒྱུ་དང་། དུས་མཚུངས་སུ་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱ་འོས་ཤིང་། ཁོ་མོས་བཏོན་པའི་གྲོས་གཞི་ལྟར་ན། སློབ་གསོ་སྡེ་ཁག་དོ་དམ་བྱེད་མཁན་གྱི་འགན་འཁྲིའི་གཙོ་གཟུགས་སུ་གཏན་འབེབས་གསལ་བོ་བྱས་ཏེ། ཐོག་མའི་སློབ་གསོའི་ལས་ཁུངས་ཀྱི་གསར་འཛུགས་དང་། སློབ་ཡོན ། སློབ་གསོའི་ཚད་གཞི། དགེ་རྒན་གྱི་དཔུང་སྡེ། བདེ་འཇགས་སྒྲིག་བཀོད་སོགས་ཀྱི་ཕྱོགས་ལ་སློབ་གསོ་སྡེ་ཁག་ཚོད་འཛིན་དང་ལྟ་སྐུལ་ནན་མོ་བྱ་རྒྱུ་དང་། ཐོག་མའི་སློབ་གསོའི་ལས་ཁུངས་གཟུགས་པར་སློབ་གསོ་ཅུད་ཀྱིས་ཆོག་མཆན་སྤྲད་ན་ད་གཟོད་ལས་གཉེར་བྱ་ཆོག་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཐོག་མའི་སློབ་གསོའི་ལས་ཁུངས་དག་གི་ཚད་གཞི་མཐོ་རུ་གཏང་དགོས།  

          སློབ་གསོའི་ཆེད་མཁས་པའི་བཞེད་པ་ལྟར་ན། མིག་སྔར། ཁྱིམ་བདག་རྣམས་ཀྱིས་ཐོག་མའི་སློབ་གསོར་ངོས་འཛིན་ཚུལ་གྱི་ཆ་ན་ནོར་འཁྲུལ་གཉིས་མཆིས་ཏེ། གཅིག་ནི་ཐོག་མའི་སློབ་གསོ་ནི་བྱིས་པར་ཤེས་བྱ་སྣ་ཚོགས་དང་ནུས་པ་གང་མང་ཞིག་བསླབ་དགོས་པར་འདོད་པ་སྟེ། བྱིས་པ་མགོ་རྩོམ་ས་ནས་ཕམ་པར་འཇུག་མི་རུང་བར་འདོད་པའོ། ། གཉིས་ནི་ཐོག་མའི་སློབ་གསོ་ནི་ཐོག་མིའི་སློབ་གསོའི་འཛིན་གྲྭའི་སློབ་གསོར་ངོས་འཛིན་པ་སྟེ། ཡིན་རྒྱུ་ཁྱིམ་བདག་གིས་འཁུར་འོས་པའི་འགན་འཁྲི་མང་པོ་ཞིག་སྟབས་བདེའི་ངང་ཐོག་མའི་སློབ་གསོའི་འཛིན་གྲྭར་སྤྲད་དེ། རང་སེམས་བདེ་བར་བྱེད་པའོ། ། དོན་དངོས་སུ་འདི་ནི་མགོ་མཇུག་གོ་ལྡོག་པ་ཞིག་རེད་འདུག 

          སློབ་གསོའི་ཆེད་མཁས་པ་ཞོང་པིན་ཆིའི་བཞེད་པ་ལྟར་ན། ཐོག་མའི་སློབ་གསོ་ནི་བྱིས་པ་འཚར་ལོངས་བྱུང་བ་དང་གཤིས་ཀ་གསོ་སྐྱོང་བྱེད་པར་མེད་དུ་མི་རུང་མོད། འོན་ཀྱང་། ཐོག་མའི་སློབ་གསོ་ནི་བྱིས་པར་ཤེས་བྱ་སྤྲད་རྒྱུ་ཁོ་ན་མ་ཡིན་པར། བྱིས་པའི་སྤྱི་ཚོགས་སེམས་ཤུགས་ནུས་པ་གསོ་སྐྱོང་བྱ་རྒྱུ་གཙོའོ། །སློབ་གསོའི་ལས་ཀ་གཉེར་མཁན་གྱི་ཁྱིམ་བདག་ཅིག་གིས་བསམ་པར། བྱིས་པའི་འཚར་ལོངས་གི་ཆོས་ཉིད་ལ་བརྩི་བཀུར་བྱ་དགོས་ཤིང་། བྱིས་པར་དུས་དང་མཐུན་པའི་རོགས་རམ་བྱས་ན་ཆོག་གོ། 

     ཁ་བྱང་ཕྱི་མོ། སྨྱོ་ཧམ་ཅན་གྱི་རྣམ་པར་ཆགས་པའི་ཐོག་མའི་སློབ་གསོའི་ཅི་བྱ་གཏོལ་བྲལ་གྱི་གནས་བབ།