ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

དཔེ་ཆར་ཇི་ལྟར་བལྟ་བའི་སྐོར་གྱི་གླེང་མོལ།

སྤེལ་དུས 2018-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ།
 ཚོགས་བཤད་ལ་དབྱེ་ན་གཉིས་ཡོད་དེ།

① རིག་གཞུང་ཚོགས་བཤད།

② སྤྱིར་བཏང་ཚོགས་བཤད།
【࿄】 དེང་གི་དུས་འདི་ནི་དཔེ་ཆར་བལྟས་ནས་སྡུག་མྱོང་དགོས་པའི་དུས་ཤིག་ཡིན།


དཔེ་ཆ།

༡༽  སྔོན་ཆད་གང་དག་ལ་བལྟས་ཟིན་པ།
༢༽  ད་ལྟ་གང་དག་ལ་བལྟ་བཞིན་པ།
   ༣༽  མ་འོངས་པར་གང་དག་ལ་བལྟ་དགོས་པ།


དང་པོ། ཅིའི་ཕྱིར་དཔེ་ཆར་བལྟ་དགོས་པ་ཡིན།
འཇིག་རྟེན་འདིའི་སྟེང་གི་ཤེས་བྱ་གང་ཞིག་བསླབ་དགོས་ཀྱང་།དེ་རྟོགས་པའི་ཐབས་ལམ་གཉིས་མ་གཏོགས་མེད་དེ།  དངོས་སུ་བརྒྱུད་ནས་འབྱོར་བ་དང་།   སྦྱངས་ནས་འབྱོར་བ་གཉིས་སོ། །
༡༽བརྒྱུད་ནས་འབྱོར་བ། དཔེར་ན།  ཇ་འཐུང་ན་སྐོམ་སེལ་བ་དང་མེ་ལ་རག་ན་ཚ་བ་ལྟ་བུའོ། །  མང་ཚོགས་རྣམས་ཀྱི་ཤེས་བྱ་ཕལ་ཆེ་བ་བརྒྱུད་ནས་འབྱོར་བ་ཡིན་ནོ།།
༢༽སྦྱངས་ནས་འབྱོར་བ།   དཔེར་ན།   དཔེ་ཆར་བལྟ་བ་དང་སློབ་ཁྲིད་ལ་ཉན་པ་ལྟ་བུའོ། །  ཤེས་ལྡན་མི་སྣ་རྣམས་ཀྱི་ཤེས་བྱ་ཕལ་ཆེ་བ་སྦྱངས་ནས་འབྱོར་བ་ཡིན་ནོ། །
   

འོ་ན་མི་རེ་འགས་དངོས་སུ་བརྒྱུད་ནས་འབྱོར་ན་ཆོག་པས་ཅིའི་ཕྱིར་སྦྱངས་དགོས་ཞེ་ན། 
①མི་ཚེ་ཧ་ཅང་ཐུང་བས་ཤེས་བྱ་མང་པོ་ཞིག་བརྒྱུད་ནས་རྟོགས་པའི་དུས་ཚོད་མེད་པ།
②རྗེ་པོ་ཏོ་བས་གསུངས་པ་ནང་བཞིན་མི་རྣམས་གཏོད་ཐག་གིས་བཏགས་ཡོད་པ།

གལ་ཏེ།   རྟ་ཞིག་གཏོད་ཐག་གིས་བཏགས་ཡོད་པ་ཡིན་ན།   གཏོད་ཐག་དེའི་རིང་ཐུང་གང་འདྲ་ཡིན་ན།   རྟ་དེས་ཟ་ཐུབ་པའི་རྒྱ་ཁྱོན་ཀྱང་དེ་མཚུངས་ཡིན་ལ།  རྟ་དེས་ཅི་འདྲ་ཞིག་ཟ་ཐུབ་མིན་དེ་གཏོད་ཐག་གི་རིང་ཐུང་གིས་ཐག་བཅད་ཡོད།

གཏོད་ཐག་གི་རིང་ཐུང་། = མི་ཞིག་གི་ཤེས་རྒྱ།
  ▼
མི་དེ་འགུལ་སྐྱོད་ཀྱི་ཚངས་ཕྱེད།
དཔེར་ན།   ཚེ་གང་བོར་ལུང་པ་གཅིག་ན་འཚོ་བའི་མི་དེས།  དེ་ལས་གཞན་པའི་གནས་ཚུལ་མང་པོ་ཞིག་རྟོགས་མི་ནུས་པ་ལྟ་བུའོ། །
【࿄】  མིའི་ཚངས་ཕྱེད་ལ་ཚད་ཡོད་པས་ཡོད་ཚད་མྱངས་སུ་ལེན་མི་ནུས་སོ།།
③དཔེ་ཆས་ཡུལ་དང་དུས་ཀྱི་མ་བསྐལ་བ་བྱེད་ཐུབ།
1)དཔེ་ཆ་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་སྔོན་གྱི་མི་རྣམས་ཀྱི་བསམ་བློ་རྟོགས་ཐུབ་པ་མ་ཟད།  དེ་དག་ལ་ཁ་བརྡ་བྱེད་ཐུབ།   (དུས)
2)དཔེ་ཆར་བརྟེན་ནས་ཨ་རི་ན་སྡོད་པའི་མི་རྣམས་ཀྱིས་དེང་སྐབས་ཅི་ཞིག་བསམ་ཀྱིན་པ་དང་བསྒྲུབ་བཞིན་པ་རྟོགས་ཐུབ། (ཡུལ)
ཤེས་ཡོན་ཅན་དང་ཡིག་རྨོངས་ཀྱི་ཁྱད་པར།
ཤེས་ཡོན་ཅན།——ཤེས་བྱའི90%དཔེ་ཆ་ལས་འབྱོར་བ།
ཡིག་རྨོངས། —— བརྒྱུད་ནས་འབྱོར་བ། (ཐོས་པ་དང་མྱངས་པ)
【࿄】 མིའི་རིགས་ཀྱི་རྒྱུ་ནོར་གསོག་འཇོག་བྱེད་ས་ནི་མཛོད་ཁང་ཡིན་ལ།   དཔེ་ཆ་ནི་མིའི་རིགས་ཀྱི་ཤེས་རིག་གསོག་འཇོག་བྱེད་སའི་མཛོད་ཁང་ཡིན།


གཉིས་པ།  གནད་དོན་གསུམ་དང་སྦྲེལ་ནས་དཔེ་ཆར་ཇི་ལྟར་བལྟ་དགོས་ཚུལ་གླེང་བ།
     

གནད་དོན་གསུམ།
༡༽དཔེ་ཆར་བལྟ་དགོས་དུས་སུ་མི་བལྟ་བ། 
༢ ༽དཔེ་ཆར་བལྟ་དགོས་མཁན་གྱིས་མི་བལྟ་བ།
༣༽དཔེ་ཆར་བལྟ་དགོས་པ་ལ་མི་བལྟ་བ།
   དེ་དག་གི་དྲི་ལན།
༡༽དཔེ་ཆར་བལྟ་བའི་དུས།
①ཡོན་ཏན་དགོས་དུས་བལྟ་དགོས།—— ཡོན་ཏན་དབུལ་བའི་དུས། 
②ལོ་ཆུང་དུས་བལྟ་དགོས།—— རིག་པ་གསལ་ཞིང་ཡིད་འཛིན་ཆེ་བ།
③སློབ་མ་ཡིན་དུས་བལྟ་དགོས།—— འདུ་འཛི་མེད་པ།
༢ ༽དཔེ་ཆར་བལྟ་དགོས་པའི་མི།
  སྤྱིར་ན་མི་རིགས་བྱིངས་ཀྱིས་དཔེ་ཆར་བལྟ་རྒྱུ་དེ་གལ་ཆེན་ཡིན་མོད།ལྷག་པར་དུ་དེ་བས་གལ་ཆེ་བ་ནི་གྲྭ་བ་དང་དགེ་རྒན།སློབ་མ་སོགས་ཤེས་ལྡན་མི་སྣ་རྣམས་ཀྱིས་དཔེ་ཆ་མང་བོར་བལྟ་རྒྱུ་དེ་ཧ་ཅང་གལ་ཆེའོ། །
༣ ༽དཔེ་ཆ་གང་དག་ལ་བལྟ་དགོས།  

མི་ཚེ་གཅིག་ལ་དཔེ་ཆ་མང་པོར་བལྟ་མི་ཐུབ་པས།  ངེས་པར་དུ་ཐོག་མར་དཔེ་ཆ་བཟང་བོ་ལ་བལྟ་རྒྱུ་ཤིན་ཏུ་གལ་ཆེ་སྟེ།  དཔེ་ཆ་བཟང་བོར་བལྟས་པ་ནི་རྟ་བཟང་བོས་སྲན་མ་ཟོས་པ་དང་མཚུངས།   དཔེ་ཆ་བཟང་ངན་ལ་བརྟག་ཤེས་ན་དཔེ་ཆར་བལྟ་ཤེས་པ་ཡིན་ལ།   དཔེ་ཆ་བཟང་ངན་ལ་བལྟ་རྒྱུ་ནི་དཔེར་ན།   རང་སྡེ་བའི་སྡེ་དཔོན་ཨ་ཁུ་རྒྱ་མཚོ་དང་སློབ་ཆུང་གི་དགེ་རྒན་ཉི་མ།   རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་གསུམ་གྱིས་དུས་གཅིག་ལ་སློབ་ཁྲིད་བྱེད་དུས།   ཁྱོད་རང་གང་གི་སློབ་ཁྲིད་ལ་ཉན་དུ་འགྲོ་མིན་དང་མཚུངས།


དཔེ་ཆར་རིགས་གསུམ་ཡོད།
①ཡར་ལ་བལྟ་དགོས་པའི་དཔེ་ཆ།

②ཐད་ཀྱིས་བལྟ་དགོས་པའི་དཔེ་ཆ།

③ཐུར་དུ་བལྟ་དགོས་པའི་དཔེ་ཆ།


དཔེ་ཆར་བལྟ་བའི་ཐབས་ཇུས།
①མཁས་པ་གྲགས་ཅན་གྱིས་བརྩམས་པའི་དཔེ་ཆ་ཚད་ལྡན་ལ་བལྟ་དགོས།
②རང་ལ་ངེས་པར་དུ་མཁོ་བ་རྣམས་ལ་བལྟ་དགོས།
③དུས་ཚོད་ཀྱིས་དཔེ་ཆ་ཉོ་དགོས་ཤིང་།  དཔེ་ཆ་བཟང་བོར་དུས་ཚོད་མང་པོ་དང་།   དཔེ་ཆ་འབྲིང་བར་དུས་ཚོད་ཐུང་ངུ་།   དཔེ་ཆ་ངན་པ་ལ་དུས་ཚོད་དེ་ལས་ཀྱང་ཉུང་ངུ་བཀོལ་དགོས།


དཔེ་ཆ་བལྟ་ཚུལ་ལ་རིགས་གསུམ་ཡོད།
①བམ་ཀློག    

②རགས་བལྟ།  

③ཞིབ་བལྟ།
ཞིབ་ཀློག་གཅིག = རགས་བལྟ་གསུམ།  = བམ་ཀློག་ལྔ།


དཔེ་ཆར་བལྟ་བའི་ནུས་པ་བསྐྱེད་སྲིང་བྱེད་དགོས།
①དཔེ་ཆར་བལྟས་པའི་ཁ་གྲངས་ཇེ་མང་དུ་གཏོང་དགོས།
②དཔེ་ཆར་བལྟ་བྱའི་རྒྱུ་སྤུས་ཇེ་མཐོ་རུ་གཏོང་དགོས།


དཔེ་ཆ་བཟང་ངན་ལ་བརྟག་པའི་ཐབས།
①རྩོམ་པ་པོ་གྲགས་ཅན་ཡིན་མིན།  
②དཀར་ཆག
③མགོ་བརྗོད་ལ་རགས་བལྟ་བྱེད་པ།
④དཔེ་ཆ་དེ་རྩོམ་དུས་དཔྱད་གཞིའི་དཔེ་ཆ་གང་དག་ལ་བལྟས་པ།
⑤མཇུག་བྱང་།
⑥དཔར་གྲངས།
⑦དཔེ་སྐྲུན་ཁང་།


དཔེ་ཆར་བལྟ་དུས་མཉམ་འཇོག་བྱེད་དགོས་ས།
①མི་ཚེ་གང་བོར་དགོས་པ་རྣམས་རང་གིས་ཉོས་ཏེ་བསྒྲིགས་དགོས།
②གཙོ་ཆེ་བ་རྣམས་ལ་རྟགས་རྒྱག་དགོས།
③མི་གཉིས་གསུམ་གྱིས་བལྟས་རྗེས་རྩོད་གླེང་བྱེད་དགོས།
⑤གནད་འགག་རྣམས་ཟིན་བྲིས་སུ་འགོད་དགོས།
④དཔྱད་པ་དང་རིགས་པས་བལྟ་དགོས།
⑥དོགས་པ་ཁོང་སློང་བྱེད་དགོས།


དཔེ་ཆའི་རིགས།
①གཞུང་ལུགས་སྐོར་གྱི་དཔེ་ཆ།
②རྩོམ་རིག་སྐོར་གྱི་དཔེ་ཆ།
③འཚོ་བའི་སྐོར་གྱི་དཔེ་ཆ།
【࿄】 གཞུང་ལུགས་སྐོར་གྱི་དཔེ་ཆ་མང་པོར་བལྟས་ན་རང་ཉིད་ལ་སྦྱོང་བརྡར་ཆེན་པོ་ཐོབ་ཐུབ་པ་ཡིན་ལ།གཞུང་ལུགས་ཐམས་ཅད་ཀྱི་གཏིང་ན་ཆགས་ཡོད་པ་ནི་ཆོས་ལུགས་དང་མཚན་ཉིད་རིག་པ་ཡིན།