ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

དམངས་སྲོལ་དོ་ར། (སོ་ནམ་ཡོ་ཆས། ༡)

སྤེལ་དུས 2019-04-17 ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། རྩོམ་པ་པོ།
        
         མཐོང་གཤོལ།

            མིང་གཞན་ལ་བོད་གཤོལ་ཡང་ཟེར། འདི་ནི་རྒྱུ་བ་ཤིང་དང་ལྕགས། ཀོ་བ་བཅས་ལས་གྲུབ་ཅིང་། གཤོལ་མདའ་རྒྱ་ལྕང་གིས་བཟོས་པ་དང་གཤོལ་གུག་ཤིང་སྦྱར་པས་བཟོས་པ་ཡིན། ཡོ་ཆས་འདི་ནི་རྨོད་མཛོ་སྡེབས་ནས་ས་ཞིང་རྨོ་བའམ་ས་སློག་དུས་བཀོལ་སྤྱོད་བྱེད་པ་ཡིན།

           1 གཤོལ་ལྕགས། རྩེ་ལྕགས། 2 གཤོལ་མདའ། 3 འཐེན་མིག 4 འཐེན་རྒྱུག 5 སྟེང་རྒྱུག 6 འོག་རྒྱུག 7 འཛིན་སྡོམ། ཀོ་འཆིང་།  8 གཤོལ་ཁུག 9 ལག་འཇུ། འཆང་བཟུང་། 10 འགྲམ་ཆུང་། 11 གཤོལ་ཚང་། 12 འགྲམ་ལྷན། 13 ལྕེ། ཕོ་རོག་མཆུ་ཏོ། 14འཐེན་ཐག

        གཉའ་ཤིང་།


            ཡོ་ཆས་འདི་ནི་རྒྱུ་བ་ཤིང་དང་སྣམ་བུ། འཕྱིང་པ། ཀོ་བ་བཅས་ལས་གྲུབ་ཅིང་། རྨོད་མཛོིའི་གཉའ་བར་བཀལ་ནས་ས་རྨོ་བྱེད་ཀྱི་ཡོ་ཆས་གཙོ་བོ་ཞིག་ཡིན།

           1རབས་སྐྱངས། 2 གཉའ་རུ། 3གཉའ་གདན། གཉའ་འབོལ། 4འཇུ་ཐག 5 གཉའ་ཤིང་། 6 འབའ་ཐག 7 དྲིལ་བུ། 8 དྲིལ་ཐག

       གཉའ་ཤིང་།

           ཡོ་ཆས་འདི་ནི་རྒྱུ་བ་ཤིང་དང་སྣམ་བུ། འཕྱིང་པ། ཀོ་བ་བཅས་ལས་གྲུབ་ཅིང་། དུད་འགྲོ་བོང་བ་དང་རྟ་སོགས་ཀྱི་གཉའ་བར་བཀལ་ནས་ས་རྨོ་བྱེད་ཀྱི་ཡོ་ཆས་གཙོ་བོ་ཞིག་ཡིན།

           1གཤོལ་ཐག 2 གཉའ་ཤིང་། 3 གཉའ་ཐག 4 ཨ་ལོང་། 5 འབའ་ཐག 6 སྣ་ཐག 7 རྔ་དམར། 8 རྔ་རིལ།

        གཉའ་ཤིང་།

            ཡོ་ཆས་འདི་ནི་རྒྱུ་བ་ཤིང་དང་འཕྱིང་པ། ཀོ་བ་བཅས་ལས་གྲུབ་ཅིང་། རྨོད་མཛོིའི་གཉའ་སྟེང་དུ་ཕབ་ནས། གཅུ་ཐག་གིས་གཤོལ་མདའ་དང་སྦྲེལ་ཏེ་གཉའ་ཤུགས་ལ་བརྟེན་ནས་ས་སློག་བྱེད་ཀྱི་གཙོ་བོ་ཞིག་ཡིན།

           1 གཉའ་འབོལ། 2 གཉའ་ཤིང་། 3 གཅུ་ཐག 4 རྭ་ཐག གོང་ཐག

       གཉའ་ཤིང་།


              མིང་གཞན་ལ་གཉའ་སྒ་ཡང་ཟེར། ཡོ་ཆས་འདི་ནི་རྒྱུ་བ་ཤིང་དང་འཕྱིང་པ། སྣམ་བུ། ཀོ་བ་བཅས་ལས་གྲུབ་ཅིང་། རྨོད་མཛོའི་གཉའ་སྟེང་དུ་ཕབ་ནས། གཅུ་ཐག་གིས་གཤོལ་མདའ་དང་སྦྲེལ་ཏེ་གཉའ་ཤུགས་ལ་བརྟེན་ནས་ས་སློག་བྱེད་ཀྱི་གཙོ་བོ་ཞིག་ཡིན།

           1 གཉའ་ཤིང་། 2 སྒ་གུག 3 མགོ་སྡོམ། 4 གློད་སྦྲེལ། 5 རྭ་ཐག 6 ཨེར་ཁ། 7 གཉའ་གདན། གཉའ་འབོལ། 8 གཉའ་རུ།

      གཉའ་ཤིང་།


            ཡོ་ཆས་འདི་ནི་རྒྱུ་བ་ཤིང་དང་འཕྱིང་པ། ཀོ་ལྤགས། རྒྱུན་བུ་བཅས་ལས་གྲུབ་ཅིང་། རྨོད་མཛོའི་གཉའ་བཀལ་ནས་ས་རྨོ་བྱེད་ཀྱི་གཙོ་བོ་ཞིག་ཡིན།

           1 གཉའ་གདན། གཉའ་འབོལ། 2 འབའ་ཐག 3 སྣ་ཐག སྣ་འཐེན། 4 གཉའ་རུ། 5 རྔ་དམར།

       གཉའ་ཤིང་།



            ཡོ་ཆས་འདི་ནི་རྒྱུ་བ་ཤིང་དང་སྤུ། སྣམ་བུ། ཀོ་བ་བཅས་ལས་གྲུབ་ཅིང་། རྟ་དྲེལ་སོགས་ཀྱི་གཉའ་བཀལ་ནས་ས་རྨོ་བྱེད་ཀྱི་གཙོ་བོ་ཞིག་ཡིན།

           1 རབས་སྐྱངས། 2 གཉའ་རུ། 3 གཉའ་གདན། 4 སྣ་ཐག 5 གཉའ་ཤིང་། 6 འབའ་ཐག 7 དྲིལ་བུ། 8 དྲིལ་ཐག

       ཤ་ལ།

 
             ཡོ་ཆས་འདི་ནི། རྒྱུ་བ་ཤིང་དང་ཀོ་བ། རྒྱ་ལྕང་། ཚར་ཤིང་བཅས་ལས་གྲུབ་ཅིང་། དཔྱིད་དུས་ས་རྒས་དུས་སའི་བུ་ག་བཀག་ནས་བཞའ་ཚན་སྲུང་བར་བྱེད་པ་དང་།  གཞན་ས་ཤིང་ཁོད་སྙོམས་པོ་བཟོ་བྱེད་ཅིག་ཡིན།

           1 རུ། 2 སོ། 3 བཤལ་ཐག 4 བར་གདང་། 5 བཤལ་རྒྱུག 6 འཐེན་མིག འཐེན་ཁུང་། 7 གུག་ལུང་། སྦྲེལ་ཐག 8 འཐེན་རྒྱུག

        རྟ་ལྕག

            མིང་གཞན་ལ་ལྕག་ཚན་ཟེར། ཡོ་ཆས་འདི་ནི། རྒྱུ་བ་ཤིང་དང་ཀོ་བ། ཤིང་སྦ་བཅས་ལས་གྲུབ་ཅིང་། རྟ་དྲེལ་དང་མཛོ་གླང་སོགས་འདེད་བྱེད་ཀྱི་ལག་ཆ་ཞིག་ཡིན།

           1 ལྕག་ཡུ། རྟ་ཡུ། 2 ལོ་མ། དངོ་། 3 ལྕག་འཆིང་། 4 ལུང་།
རྩོམ་སྒྲིག་པ། སྣང་རྡོར།