ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

མི་རིགས་རིག་གནས་སློབ་གྲྭར་སློབ་ནས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

སྤེལ་དུས 2019-09-18 ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
     བདེ་ཆེན་ནི་མི་རིགས་སྣ་མང་འདུས་སྡོད་བྱེད་ཡོད་པའི་ས་ཆ་ཞིག་ཡིན་ལ།  མི་རིགས་སོ་སོས་ས་གནས་འདིར་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འོད་སྟོང་འཕྲོ་བའི་རིག་གནས་སྐྲུན་ཡོད།  མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་དགོས་ན་མི་རིགས་རིག་གནས་སློབ་གྲྭར་སློབ་ཁྲིད་བྱེད་པ་དེ་མི་བྱེད་ཐབས་མེད་རེད།  ལོ་མང་པོའི་ཚུན་དུ།  བདེ་ཆེན་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་གིས་མི་རིགས་རིག་གནས་དར་སྤེལ་གཏོང་བ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་སློབ་སྒྲུབ་ཁྱད་ཆོས་རྒྱུན་འཛིན་བྱེད་པ།ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བར་རྒྱུན་འཁྱོངས་བྱེད་པ།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།  མི་རིགས་ཁྱད་ཆོས་ལྡན་པའི་སློབ་སྒྲུབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་ཀ་སློབ་གྲྭའི་ནང་སྤེལ་བར་སྐུལ་འདེད་གཏོང་བ།

     སློབ་གསེང་བྱེད་དུས་མི་རིགས་གླུ་གར་སློབ་པ།
     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་བོད་དབྱངས་མཉམ་ལེན་ཚོགས་པའི་གཤར་སྦྱང་ཁང་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བྱིས་གླུ་རྣ་བའི་འགྲམ་དུ་སྐད་གསང་མཐོན།བྱིས་གླུ་དེ་ནི་སློབ་གྲྭའི་དགེ་རྒན་གྱིས་ཚིག་དབྱངས་རང་བསྒྲིགས་བྱས་པ་དང་རྒྱ་བོད་སྐད་གཉིས་ཀྱིས་གླུ་ཁྲིད་བྱས་པ་རེད།  མཉམ་ལེན་ཚོགས་པ་དེ་ནི་2015ལོར་བཙུགས་ལ།ཀྲུང་གོའི་རྒྱལ་སྤྱི་མཉམ་ལེན་དུས་ཆེན་སྐབས་བཅུ་གསུམ་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་།   སྔ་རྗེས་སུ་འགྲན་བསྡུར་སྣ་ཚོགས་དང་ཁུལ་ནང་གི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སུ་ཞུགས་མྱོང་།མཉམ་ལེན་ཚོགས་པ་དེ་སློབ་གྲྭའི་མིང་བྱང་ཞིག་ཏུ་འགྱུར་ཡོད་པ་དང་སློབ་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་གྲུབ་འབྲས་ཕུལ་དུ་བྱུང་བ་ཅིག་ཡིན།ཕུན་སུམ་ཚོགས་པའི་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཆེད་དུ།  མི་རིགས་སློབ་ཆུང་གིས་སློབ་གསེང་བྱེད་དུས་བོད་ཀྱི་གདོད་མའི་ཞབས་བྲོ་དང་རྒྱལ་ཐང་སྐོར་བྲོ།  རལ་པ།ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ་སོགས་སློབ་ཡོད།  

     སློབ་གྲྭའི་ནང་ནས་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྤེལ་བྱེད།
    བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གིས་སློབ་གསེང་བེད་སྤྱོད་བྱས་ནས་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྤེལ་བྱས་ཏེ།མི་རིགས་མཐུན་སྒྲིལ་བརྗོད་བྱའི་གཙོ་བོ་བྱས་པའི་མཐོ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མའི་མི་རིགས་ལག་ཤེས་བཟོ་རྩལ་སོགས་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོ་སྤེལ་ནས་མི་རིགས་ཕན་ཚུན་མཛའ་བརྩེ་དང་ཕན་ཚུན་བརྩེ་བཀུར།ཕན་ཚུན་བཟོད་སྒོམ་བྱེད་པའི་སྣང་ཚུལ་ཡག་པོ་སྐྲུན་པ་དང་།  སློབ་མ་དག་བདེ་ཆེན་ས་ཁུལ་གྱི་ལོ་རྒྱུས་རིག་གནས་རྒྱུས་ལོན་བྱུང་དུ་བཅུག་པ་དང་སྲོལ་རྒྱུན་དམངས་ཁྲོད་རིག་གནས་འགྲེམ་སྟོན་བྱས་ནས་དེ་ལ་རྒྱུན་འཛིན་དང་དར་སྤེལ་བྱེད་དུ་བཅུག་པ་རེད།

     སློབ་གྲྭའི་ནང་ནས་མི་རིགས་རིག་གནས་ཤེས་བྱ་སློབ་པ། 
     བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་སློབ་རའི་རིག་གནས་འཛུགས་སྐྱོང་དུ་འདྲེས་ཡོད་ལ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་ཆེད་དམིགས་སུ་མི་རིགས་རིག་གནས་ཀྱི་གྱང་བཟོ་ཡོད་པ་དང་དེའི་ཐོག་གྲངས་ཉུང་མི་རིགས་ཀྱི་མི་སྣའི་རི་མོ་བྲིས་ཡོད་པ་མ་ཟད་མི་རིགས་ཁག་གི་ཤེས་བྱ་ངོ་སྤྲོད་བྱས་ཡོད།བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གིས་ཧུར་ཐག་སྒོས་སློབ་མའི་གསར་གཏོད་སྤྲོ་སེམས་སྐུལ་སློང་བྱས་ནས་སློབ་ཁྲིད་ཐོག་ཁང་གི་བར་ཁྱམས་ཀྱི་གྱང་ཐོག་སློབ་མ་རྣམས་རང་ཉིད་གྱིས་བྲིས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་རི་མོ་ཡོད།  དེའི་དུས་མཚུངས་སུ།  སློབ་གྲྭ་སོ་སོས་མི་རིགས་རིག་གནས་དང་འབྲེལ་བའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།