ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ70འཁོར་བའི་རིང་རིགས་ཁག་གི་ཤེས་ལྡན་པ་ཁྲི10ཙམ་གསོ་སྐྱོང་བྱས།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན་སྟེགས་ལས། རྩོམ་པ་པོ།

        2019ལོའི་ཟླ9པའི་ཚེས་20ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་མི་རིགས་མཐོ་རིམ་སློབ་གྲྭ་བཙུགས་པ་སྔ་ཤོས་དང་། ད་ལྟའི་བར་མཚོ་བོད་མཐོ་སྒང་འདིར་གཞི་ཚུགས་པའི་མི་རིགས་མཐོ་རིམ་སློབ་གླིང་་སྟེ་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་གྲྭ་བཙུགས་ནས་ལོ་ངོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། སློབ་གྲྭ་བཙུགས་ཚུན་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་སྲ་བརྟན་དུ་བཏང་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་བསྐྱངས་ཏེ་རིགས་ཁག་གི་ཤེས་ལྡན་པ་ཁྲི་10ཙམ་གསོ་སྐྱོང་བྱས་བས། མཚོ་སྔོན་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་སྲིད་དབང་འཛུགས་སྐྱོང་དང་། དམངས་གཙོ་བཅོས་སྒྱུར། སྤྱི་ཚོགས་ཡར་ཐོན། དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། སློབ་གསོ་འཕེལ་རྒྱས་སོགས་ཐད་མཐོ་རིམ་སློབ་གྲྭ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དམིགས་བསལ་གྱི་བྱས་རྗེས་བཞག་ཡོད། 

        ལོ་ངོ70རིང་གི་འཕེལ་རྒྱས་བརྒྱུད། མཚོ་སྔོན་མི་རིགས་སློབ་ཆེན་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེན་པོ། ལག་སྟོང་ནས་ཁྱིམ་སྐྱོང་། དཀའ་སྤྱད་ཀྱི་ཁྲོད་བྱ་གཞག་གསར་སྐྲུན། གསར་གཏོད་ཀྱི་ཁྲོད་འཕེལ་རྒྱས་ཀྱི་ཐབས་ལམ་ལ་འབད་དེ་མི་བརྒྱ་མེད་པའི་སློབ་གྲྭ་ཞིག་ནས་སློབ་གླིང24དང་། འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན1། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན12། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་གཉིས་པའི་རིག་ཚན94། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཆེད་ལས6དང་དངོས་གཞིའི་ཆེད་ལས57བཅས་དང་། ད་ལྟ་སློབ་གྲྭར་སློབ་མ15000ལྷག་བཅས་ཡོད། རིག་ཚན་དང་རྩིས་ཚན། བཟོ་སྐྲུན་རིག་ཚན་ཕྱོགས་བསྡུས་ཡིན་ཞིང་།  དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་མ་ལག་ཆ་ཚང་ཡོད་པའི་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་སློབ་གྲྭའི་ཁོར་ཡུག་མཛེས་སྡུག་ལྡན་པའི་དེང་རབས་ཅན་དང་། སྒོ་དབྱེའི་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་སློབ་ཆེན་ཞིག་ཡིན། 

        ལོ་ངོ70རིང་། མི་རིགས་སློབ་ཆེན་གྱིས་རྫོང་རིམ་པའི་ཏང་སྲིད་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། དེའི་ཁྲོད་དུ་མི་ཁྲི5ལྷག་ཙམ་གྱིས་མཚོ་སྔོན་བོད་རིགས་ས་ཁུལ་དུ་ལས་དོན་གཉེར་དང་གཉེར་བཞིན་ཡོད་པ་དང་། མི8000ལྷག་ཙམ་གྱིས་བོད་ལྗོངས་དང་ཤིན་ཅང་དུ་བྱ་བ་གཉེར་བཞིན་ཡོད་ལ། དེའི་ཁྲོད་དུ་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ45དང་། ཐིང་རིམ་པའི་ལས་བྱེད་པ1300ལྷག་གསོ་སྐྱོང་བྱས་པ་མ་ཟད། སྒྱུར་བཅོས་གདོང་ལེན་པ་རྒྱས་བཟང·བསོད་ནམས་དར་རྒྱས་གཙོར་མཛད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་སྔོན་གཤེགས་དཔའ་བོ་སོགས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

        བསྡོམས་རྩིས་བྱས་པར་གཞིགས་ན། སློབ་གྲྭ་བཙུགས་ཚུན་སློབ་མཐར་ཕྱིན་པའི་སློབ་མའི་ཁྲོད20%སློབ་གསོའི་ལས་རྐང་དུ་ཞུགས་པ་དང་། མང་ཆེ་ཤོས་རྨང་གཞིའི་སློབ་གསོའི་ལས་དོན་གཉེར་བཞིན་ཡོད། དེའི་ནང་མཚོ་སྔོན་བོད་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་དགེ་རྒན47%ནི་སློབ་གྲྭ་འདི་ག་ནས་སློབ་མཐར་ཕྱིན་པ་དང་། བོད་ཡིག་དང་སོག་ཡིག བོད་རྒྱ་སྐད་གཉིས། སོག་རྒྱ་སྐད་གཉིས་བཅས་ཀྱི་དགེ་རྒན་གྱི78%ཀྱང་སློབ་གྲྭ་འདི་ག་ནས་སློབ་མཐར་ཕྱིན་པ་རེད། ཁོང་ཚོའི་ཁྲོད་རྒྱལ་ཡོངས་དམངས་ཆེན་སྐབས་གསུམ་པའི་འཐུས་མི་པའེ་ཤིའུ་ཧྭ་དང་། རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་དཔེ་ལེགས་གཡང་མོ་སྐྱིད་སོགས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ཁག་དང་སློབ་གསོའི་ལས་གཉེར་བ་སོགས་ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས་པ90ལྷག་ཙམ་དང་མཐོ་རིམ་ཆེད་ལས་ལག་རྩལ་ཤེས་ལྡན་པ600ལྷག་ཙམ་བྱུང་ཡོད་པས། ཁོང་ཚོ་ནི་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྐང་འཛིན་སྟོབས་ཤུགས་ཀྱི་ཀ་བ་དང་གདུང་མ་ལྟ་བུར་གྱུར་ཡོད།  །
རྩོམ་སྒྲིག་པ། སྣང་རྡོར།