ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

འཕྲིན་སྟེགས་4ཁྲི་5སྟོང་བཀག་སྡོམ་བྱས་པའི་རྒྱུ་རྐྱེན་ཤེས་འདོད་དམ།

སྤེལ་དུས 2019-09-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྩོམ་སྒྲིག་པ།སྣང་རྡོར།
    ཀྲུང་གོའི་འཕྲིན་ལམ་གྱི་པོད་ཕྲན་དུ་ཟླ་9ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། འཕྲིན་ཕྲན་སྤྱི་སྟེགས་དར་ཁྱབ་ཏུ་སོང་བ་དང་བསྟུན་ནས་ཁ་བསླུས་རྒྱག་སྟངས་གསར་པ་ཞིག་ཀྱང་རིམ་བཞིན་ཐོན་པ་དང་། ཁྲིམས་འགལ་བས་མིང་གཞན་ལ་ལད་མོ་བྱས་ནས་ཚད་ལྡན་སྒྲིག་གཞིར་བརྫུས་པའམ་ཡང་ན་མི་གཞན་གྱི་བཟོ་ཚོང་ལག་ཁྱེར་དང་ཁྲིམས་མིའི་ཆ་འཕྲིན་སྤྱད་ནས་འཕྲིན་ཕྲན་སྤྱི་སྟེགས་ཐོ་འགོད་བྱས་ཏེ་ཁ་བསླུས་རྒྱག་གི་ཡོད་པ་རེད།
    དེའི་ཐད་ཉེ་ཆར་འཕྲིན་ཕྲན་གཞུང་ཕྱོགས་ཀྱིས་གནས་ཚུལ་སྤེལ་ནས་མིག་སྔའི་བར་འདི་ལོ་མགོ་སྐོར་གཡོ་འཕྲུལ་རིགས་ཀྱི་སྤྱི་སྟེགས་བཞི་ཁྲི་ལྔ་སྟོང་ལ་རྡུང་རྡེག་དང་ཐག་གཅོད་བྱས་པ་དེའི་ནང་གཞུང་ཕྱོགས་སྐུད་ལམ་ཞབས་ཞུ་དང་། གཞུང་ཕྱོགས་ཀྱི་ཁ་པར། གཞུང་ཕྱོགས་ཀྱི་མྱུར་སྐྱེལ་གུན་གསབ་སོགས་ཀྱི་སྤྱི་སྟེགས་ཚུད་ཡོད་ཅེས་བསྟན་ཡོད་པ་དང་། མགོ་སྐོར་གཡོ་འཕྲུལ་གྱི་འཕྲིན་སྟེགས་ཨང་གྲངས་ཤེས་རྗེས་གཏན་དུ་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།
    འཕྲིན་སྟེགས་རྫུན་མས་བེད་སྤྱོད་མཁན་ལ་དྲ་ཚིགས་སྦྲེལ་མཐུད་ནང་ཞུགས་སུ་བཅུག་ནས་ཁ་བསླུས་རྒྱག་གི་ཡོད་པ་དང་། འཕྲིན་སྟེགས་ཀྱི་ཐོ་འགོད་ཁེ་ལས་བདེན་པ་ཡིན་མིན་ར་སྤྲོད་ཞིབ་བཤེར་བྱས་ཆོག
    ཧང་ཀྲོའུ་ཡི་གྲོང་མི་བུད་མེད་ཁྲུའུ་ལགས་ཀྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། མི་རིང་བའི་གོང་ཁོང་ལ“རླངས་འཁོར་དོ་དམ་ཁང་”ཞེས་བརྗོད་པའི་འཕྲིན་ཐུང་འབྱོར་ནས་ཁོང་གི་རླངས་འཁོར་ལོ་བཤེར་བྱེད་གྲབས་ཡོད་པ་དང་དྲ་རྒྱ་བརྒྱུད་གཉེར་དགོས་ཞེས་བཤད་པ་མ་ཟད། ད་དུང“ཀྲེ་ཅང་རླངས་འཁོར་དོ་དམ་ཁང་”ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ཤིག་ལ་དོ་ཁུར་བྱས་ཏེ་དྲ་ཐོག་ནས་དངུལ་སྤྲད་དེ་བཀོལ་སྤྱོད་བྱེད་དུ་བཅུག་པ་རེད། བུད་མེད་ཁྲུའུ་ལགས་ཀྱིས“ངས་ངའི་ཁ་པར་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བླུགས་རྗེས་གཱ་དང་གསང་གྲངས་འགོད་དུ་བཅུག་སོང་། མཇུག་མཐར་ངར་ར་སྤྲོད་ཨང་གྲངས་བསྐུར་བར་སྒུག་ཏུ་བཅུག ཐེངས་གཉིས་ལ་བགོས་ཏེ་ངའི་བྱང་བུའི་སྟེང་ནས་སྒོར་མོ་བླངས་སོང་བ་དང་། ངའི་བྱང་བུའི་ནང་ཏག་ཏག་སྒོར་མོ་དེ་འདྲ་ཡོད་པས། ཚང་མ་བླངས་ཚར་འདུག”ཅེས་བཤད་འདུག
    མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་ལྟར་ན། འཕྲིན་ཕྲན་སྤྱི་སྟེགས་དེ་ནི་འདྲ་བཟོ་བྱས་པ་ཞིག་ཡིན་པ་དང་། དེའི་མགོ་པར་དང་མིང་ཚད་ལྡན་ཁེ་ལས་ཀྱི་སྤྱི་སྟེགས་དང་ཆ་འདྲ་པོ་ཡོད་པས་སྤྱི་དམངས་ཀྱིས་དབྱེ་འབྱེད་བྱེད་དཀའ་བ་ཞིག་རེད། ཁྲིམས་འགལ་བས་སྤྱིར་བཏང་དུ་འཕྲིན་ཕྲན་སྤྱི་སྟེགས་དེ་རིགས་ལ་ལད་མོ་བྱས་པ་བརྒྱུད་སྤྱོད་མཁན་རྣམས་འཕྲིན་སྟེགས་ཀྱི་ཀྱིས་མཁོ་འདོན་བྱས་པའི་དྲ་ཚིགས་སྦྲེལ་མཐུད་ནང་ཁྲིད་དེ་ཁ་བསླུས་རྒྱག་གི་ཡོད་པ་རེད།
    འོ་ན། འདྲ་བཟོ་བྱས་པའི་འཕྲིན་ཕྲན་སྤྱི་སྟེགས་དེ་དག་ཅི་ལྟར་ཐོ་འགོད་བྱས་པ་ཡིན་ནམ། གསར་འགོད་པས་བརྟག་དཔྱད་བྱས་པར་གཞིགས་ན། ཐོ་འགོད་བྱེད་པོ་མི་འདྲ་བར་གཞིགས་ན། འཕྲིན་ཕྲན་སྤྱི་སྟེགས་ལ་མི་སྒེར་གྱི་ཨང་རྟགས་དང་ཁེ་ལས་ཀྱི་ཨང་རྟགས་སུ་དབྱེ་བ་དང་། མི་སྒེར་གྱིས་ཐོ་འགོད་བྱས་པའི་སྤྱི་སྟེགས་ཐོ་འགོད་ཀྱི་བརྒྱུད་རིམ་སྟབས་བདེ་བས་སྟབས་བདེའི་ངང་དཔྱད་ཡིག་ཁ་ཤས་བྲིས་ཚེ་ཐོ་འགོད་བྱེད་ཐུབ་ཀྱི་ཡོད་པ་རེད། དཔང་དངོས་བདེན་པ་ཡིན་མིན་ར་སྤྲོད་བྱ་དགོས་པའི་སྤྱི་སྟེགས་ལ་ལས་ཁུངས་སམ་ཁེ་ལས་ཀྱི་ལག་ཁྱེར་སོགས་ཀྱི་ཆ་འཕྲིན་དགོས་ཀྱི་ཡོད། ཁེ་ལས་ཀྱི་ཨང་གྲངས་ལ་དེ་བས་མང་བའི་དབང་ཚད་ཐོབ་ཆོག་པ་དང་ཐ་ན་གཏོང་སྤྲོད་ཀྱི་བགྲོད་ལམ་ཡང་འབྱེད་ཆོག
    ཆོན་ཀྲོའུ་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཉེན་རྟོག་པ་པའེ་ལགས་ཀྱིས་དྲན་སྐུལ་བྱས་དོན། སྤྱི་སྟེགས་ཀྱི་བདེན་དངོས་རང་བཞིན་ལ་ངོས་འཛིན་བྱེད་སྐབས། སྤྱི་སྟེགས་ལ་ཁེ་ལས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཡོད་མེད་འདྲི་རྩད་བྱེད་ཐབས་ལ་བརྟེན་ནས། སྤྱི་སྟེགས་གང་དེར་བློས་འགེལ་ཆོག་མིན་བརྡར་ཤ་གཅོད་དགོས།
    འཕྲིན་ཕྲན་གཞུང་ཕྱོགས་ཀྱིས་འཕྲིན་ཕྲན་སྤྱི་སྟེགས་རྫུན་མར་རྡུང་རྡེག་ཚ་ནན་བཏང་བ་དང་། ད་ལོ་4ཁྲི་5སྟོང་བཀག་སྡོམ་བྱས་པ།
    ཁེ་ལས་ཀྱི་ཨང་རྟགས་རེ་ཞུ་བྱེད་པར་དཀའ་ངལ་ཆེན་པོ་ཡོད་མོད། འོན་ཀྱང་གསར་འགོད་པས་དྲ་ཐོག་ཚོང་དོན་ལས་སྟེགས་ཐོག་ཁེ་ལས་ཀྱི་ཨང་རྟགས་ཕྱིར་ཚོང་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད།
    མི་སྒེར་གྱི་ཨང་གྲངས་ཀྱིས་ཁ་བསླུས་རྒྱག་པའི་བྱ་སྤྱོད་སྤེལ་སླ་བ་དང་ཁེ་ལས་ཀྱི་ཨང་གྲངས་ལའང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཞིག་ཡོད། དེའི་ཐད་ཟླ་9ཚེས་19ཉིན་འཕྲིན་ཕྲན་གཞུང་ཕྱོགས་ཀྱིས་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་དང་འཕྲིན་ཕྲན་གྱི་ལས་དོན་མི་སྣ་ཞིག་གིས“བྱ་སྤྱོད་དེ་རིགས་ལ་ང་ཚོའི་ལས་སྟེགས་ཀྱིས་ཡུན་རིང་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། ད་དུང་རྡུང་རྡེག་ཚ་ནན་བཏང་ཡོད། 2019ལོ་ནས་ད་བར་ང་ཚོས་མགོ་སྐོར་གཡོ་འཕྲུལ་རིགས་ཀྱི་སྤྱི་སྟེགས་བཞི་ཁྲི་ལྔ་སྟོང་ལ་རྡུང་རྡེག་དང་ཐག་གཅོད་བྱས་ཡོད”ཅེས་བཤད་ཡོད།
    འབྲེལ་ཡོད་སྤྱི་སྟེགས་ཀྱི་ཐོ་འགོད་ཐོབ་ཐང་གི་བླང་བྱར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་སྤྱི་སྟེགས་ལ་རྡུང་རྡེག་གཏོང་བར། འཕྲིན་ཕྲན་ཚོགས་པས་ཀྱང་རང་འགུལ་ངང་ལས་སྟེགས་ཀྱི“འཕྲིན་སྟེགས་གནད་དོན་ཅན”འཚོལ་ཞིབ་བྱེད་པ་མ་ཟད། སྤྱོད་མཁན་ལ་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
     གཞན་ཡང་ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ལིའུ་ཅུན་ཧའེ་ཡིས་སྤྱིར་བཏང་སྤྱི་དམངས་ཀྱིས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་དགོས་པ་ཕུད། འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཀྱང་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་དགོས་ངེས་ཀྱི་འགན་འཁྲི་འདོན་སྤེལ་བྱེད་པ་དང་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་སྟེ། “དྲ་འཕྲིན་སྡེ་ཚན་གྱི་སྤྱི་བདེ་སྡེ་ཚན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། འཕྲིན་ཕྲན་སྤྱི་སྟེགས་རྫུན་མ་བེད་སྤྱད་དེ་རྒྱུ་ནོར་ཁ་བསླུས་བརྒྱབ་ནས་བྱས་ཉེས་བསགས་རིགས་ལ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྲིད་འཛིན་ཆད་གཅོད་ཕུད་ད་དུང་འབྲེལ་ཡོད་ཉེས་གསོག་གི་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་ཁྲིམས་ལྟར་དེའི་སྐོར་གྱི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། དེ་ལྟར་བྱས་ཚེ་ད་གཟོད་ཁྲིམས་འགལ་གྱི་མ་གནས་མཐོ་རུ་དང་། ཁྲིམས་འགལ་གྱི་ཁེ་བཟང་ཆུང་དུ་གཏོང་བ། ཁྲིམས་འགལ་གྱི་ཡོང་འབབ་མེད་པ་བཟོ་བ་བཅས་བྱེད་ཐུབ”ཅེས་བསྟན་ཡོད།