ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

​ཡུལ་སྲོལ་གོམས་གཤིས་ཤེས་པར་མཁོ་བའི་དཔེ་མཆོག་འདི་གཟིགས་ཨེ་མྱོང་།

སྤེལ་དུས 2019-10-15 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལས་དྲངས། རྩོམ་པ་པོ།
རིག་པ་ནངས་པར་འཆི་ཡང་བསླབ།། 
ཚེ་འདིར་མཁས་པར་མ་གྱུར་ཀྱང་།། 
སྐྱེ་བ་ཕྱི་མར་བཅོལ་བ་ཡི།། 
ནོར་ལ་རང་ཉིད་ལེན་དང་མཚུངས།།
                                                                     --ས་པཎ།

       རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། 
      རྡོ་དགོན་གསང་བདག་རྡོ་རྗེ་ལགས་1945ལོར་འཁྲུངས་ཤིང་། 1960ལོ་ནས་སློབ་གསོའི་ཕྱག་ལས་གནང་། ཁོང་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དང་ཞིབ་འཇུག་སློབ་མའི་སློབ་དཔོན། རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ་སོགས་ཀྱི་ཐུགས་འགན་བཞེས་ཤིང་། རྒྱལ་ཁབ་རིམ་པའི་གྲགས་ཅན་དགེ་རྒན་གྱི་མཚན་གནས་ཀྱང་ཐོབ་ཡོད། ཁོང་གིས་བརྩམས་ཆོས《སྙན་ངག་གི་སློབ་དེབ་ལེགས་བཤད་གཏེར་འབུམ》དང་། 《བོད་ཀྱི་སྤྱི་སྐད་སློབ་དེབ》《ཞེ་སའི་ལག་དེབ་བློ་གསར་དགའ་སྟོན》ལ་སོགས་པ་དཔེ་དེབ་བཅུ་དཔེ་སྐྲུན་བྱས་ཡོད་ལ། ད་ལྟ་ལས་འཁྱུར་གནང་ཟིན་ཀྱང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སོགས་ལ་རིན་མེད་སློབ་ཁྲིད་མཛད་བཞིན་ཡོད། 

       ནང་དོན་མདོར་བསྡུས།  
      《བོད་ཀྱི་ཡུལ་སྲོལ་རྣམ་བཤད》དུ་བོད་ཀྱི་ལོ་འགོ་འཛིན་ཚུལ་དང་། ལོ་གསར་གཏོང་སྟངས་མི་འདྲ་བ། དེ་བཞིན་བོད་རིགས་མི་དམངས་ཀྱི་དུར་འཇུག་དང་འདས་མཆོད་སོགས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་བསྡུ་རུབ་མཛད་ནས་བཀོད་པ་མ་ཟད། ད་དུང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་བོད་རིགས་ཀྱི་གོམས་སྲོལ་སྤྱིར་ན་མང་ཆེ་བ་བཀོད་གནང་མཛད་མོད། ཡིན་ནའང་དུས་ཚོད་དང་། ངོ་སྐྱོད་མ་ཐུབ་པ། ཞིབ་འཇུག་བྱེད་ལོང་མེད་པ། ཤེས་ཚད་མ་འདང་བ་བཅས་མཐུན་རྐྱེན་སྣ་ཚོགས་ཀྱིས་མདོ་སྟོད་སྨད་དང་སྟོད་མངའ་རིས་སོགས་ས་ཡུལ་མང་པོ་ཞིག་གི་ཡུལ་གོམས་གཤིས་ལུགས་ཆ་ཚང་འགོད་ཐུབ་མེད་ཀྱང་ས་ཁུལ་དེ་དག་ལ་དངོས་སུ་ཕེབས་ནས་ཞིབ་འཇུག་མཛད་མྱོང་མཁན་གྱི་མཁས་དབང་དུ་མའི་ཁུངས་ལྡན་གྱི་གསུང་མང་པོ་འདུས་ཡོད་ལ་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྤྱིར་ན་གཅིག་མཚུངས་སུ་སྣང་བས་དེབ་འདིའི་ནང་བརྗོད་པ་རྣམས་བོད་རིགས་ཡོད་དོ་ཅོག་གི་གོམས་སྲོལ་ཡིན་ཞེས་གླེང་ནའང་མི་འཚམ་པ་མེད་དོ། 
      འོས་སྦྱོར་ཞུ་བའི་རྒྱུ་མཚན། 
       ཡུལ་སྲོལ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་ནང་ནས་ཤིན་ཏུ་གལ་ཆེ་བའི་ཆ་ཤས་ཤིག་ཡིན་ཞིང་། དེ་ཡང་ཡུལ་གང་དང་གང་ཞིག་ཏུ་གནས་ཤིང་འཚོ་བའི་མི་རིགས་དེ་དང་དེའི་ཡུལ་གོམས་གཤིས་ལུགས་ནི་མི་རིགས་དེའི་ལོ་རྒྱུས་དང་། སེམས་ཁམས། གཤིས་རྒྱུད་སོགས་ལ་རྒྱུས་མངའ་ལོན་པའི་འབྱུང་རྩ་གཙོ་བོ་དེ་ཡིན་མོད། འོན་ཏེ་ཉེ་བའི་ལོའི་ནང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལྷག་པར་ཆེ་བས། སྔར་ཡོད་ཀྱི་ཡུལ་སྲོལ་ལ་འགྱུར་བ་འགྲོ་བཞིན་པ་དང་འདས་པའི་ལོ་ཟླའི་ཡུལ་སྲོལ་ཇི་ལྟར་ཡོད་པ་རྗེས་རབས་པ་ཚོས་ཤེས་པར་བྱེད་ཆེད་རྩོམ་པ་པོས་ཆེད་མངགས《བོད་ཀྱི་ཡུལ་སྲོལ་རྣམ་བཤད》དེབ་འདི་རྩོམ་སྒྲིག་གནང་མཛད་དོ།
རྩོམ་སྒྲིག་པ།སྣང་རྡོར།