ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཡིན་གཅིག་གཞུང་ཞབས་པ་བྱེད་དགོས་སམ། ཁོང་གིས་འདི་ལྟར་གསུངས་འདུག

སྤེལ་དུས 2019-10-30 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས་དྲངས། རྩོམ་པ་པོ།

       “ཆུང་དུས་ནས་ངའི་ཕ་ཡུལ་གྱི་ཡུལ་མི་ཚང་མས་རྗེས་སུ་གཞུང་ཞབས་པ་ཞིག་བྱེད་ཐུབ་ན་འཇོན་ཐང་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ང་རང་གི་ནང་མིས་ཀྱང་དེ་ལྟར་བསམ་གྱིན་ཡོད། སྐབས་དེ་དུས་ང་རང་གིས་ཀྱང་ཕྱིན་ཆད་ངེས་པར་དུ་གཞུང་ཞབས་པ་ཞིག་བྱེད་དགོས་མིན་ལ་བསམ་བློ་གཏོང་མྱོང་ཡོད། འོན་ཏེ་ད་ལྟའི་ཆ་ནས་བལྟས་ན་དེ་ལྟར་མ་ཡིན”ཞེས“བོད་ལྗོངས་སྐལ་བཟང་གཉེན་སྟོན་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི”ཁྲིམས་ཚབ་པ་དང་ལག་བསྟར་ཏུང་ཧྲེ་བསོད་རྡོར་ཚེ་རིང་གིས་རང་ཉིད་ཀྱི་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་བློ་རྩ་བརྟན་པོས་དེ་ལྟར་བརྗོད།

       བསོད་རྡོར་ཚེ་རིང་གིས་ལས་ཀ་བྱེད་བཞིན་པ།
       ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བསོད་རྡོར་ཚེ་རིང་ཐའེ་ཡོན་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་ནས་ཐོན་ཞིང་། ཁོང་གི་ཆེད་ལས་གཙོ་བོ་གཏེར་འདོན་ལས་གྲྭ་དང་ཕལ་པ་བཟོ་ཚོང་ཁེ་ལས་དོ་དམ་རེད།
       མི་ཚེའི་ཁ་ཕྱོགས་འཚོལ་བ་ནས་སློབ་མཐར་ཕྱིན་རྗེས་ལས་གཏོད་བྱས་པའི་བར་དང་སླར་ཡང་གྲུབ་འབྲས་ཅུང་ཟད་ཐོབ་པའི་བར་གྱི་དུས་ཐུང་ལོ་འགའ་ཤས་རིང་དཀའ་ལས་བརྒྱབ་མཐར་1996ལོར་སྐྱེས་པའི་ཕོ་གཞོན་དེ་ད་ལྟ་རང་མགོ་ཐོན་ཡོད།
       གནད་དོན་འཕྲད་སྐབས་དཔའ་ངར་ཆེར་སྐྱེད་བྱེད་དགོས་པ་དང་གནད་དོན་ཐག་གཅོད་བྱེད་སྐབས་འབད་པ་ལྷུར་ལེན་བྱེད་དགོས། སེམས་རྣལ་དུ་ཕབ་ནས་བསམ་གཞིགས་ནན་ཏན་བྱས་མཐར་བསོད་རྡོར་ཚེ་རིང་གིས་ལས་གཏོད་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུའི་སེམས་ཐག་བཅད། ཏག་ཏག་སྐབས་དེ་དུས་ཁོང་གི་གྲོགས་པོས་བསྐུར་བའི་དེབ《རང་གིས་ངོས་འཛིན་པའི་འཚོ་བ་བརྟན་པོ་ནི་དོན་དུ་ལང་ཚོ་འཕྲོ་བརླག་གཏོང་བ་ཙམ་ཡིན》ཞེས་པ་བཀླགས་པས་རང་བརྟེན་ལས་གཏོད་བྱེད་པའི་ཁོང་གི་བློ་སྟོབས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་།
       ལས་གཏོད་ཀྱི་ལམ་བུ་ཀྱག་ཀྱོག་ཇི་ལྟར་ཆེ་རུང་བསོད་རྡོར་ཚེ་རིང་ལ་ལམ་འགྲོ་རྒྱུག་ནས་ལས་གཏོད་ཀྱི་ཚ་རླབས་འཕྱུར་བའི་དུས་རབས་གསར་པ་ཞིག་དང་སྐབས་འཁེལ་བ་སྟེ། ད་ཕན་ལོ་ཤས་རིང་ཏང་དང་རྒྱལ་ཁབ་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་མཐོང་ཆེན་དང་། ལྷག་དོན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོ་གསར་གཏོད་ལས་གཏོད་ཀྱི་འཕེལ་རྒྱས་ཁྲོད་ཞུགས་པའི་ལས་སྟེགས་ཡངས་པོ་བཏོད།

       བསོད་རྡོར་ཚེ་རིང་གིས་པར་ལེན་གྱི་སྐོར་ལ་སྐུ་མགྲོན་དང་གྲོས་བསྡུར་བྱེད་བཞིན་པ།
       གོ་སྐབས་བཟང་པོ་དེ་དང་བསྟུན་པའི་ཁར་རང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་དུ་འབད་བརྩོན་བྱས་པ་བརྒྱུད། 2018ལོའི་ཟླ་9ཚེས་19ཉིན། བསོད་རྡོར་ཚེ་རིང་གིས“བོད་ལྗོངས་སྐལ་བཟང་གཉེན་སྟོན་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི”བདེ་བླག་ངང་ཐོ་འགོད་བྱས་པ་མ་ཟད། ཁོང་དང་མཉམ་ལས་རོགས་པ་བཀྲ་ཤིས་རྣམ་རྒྱལ་གྱིས་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་མ་རྩ་སྒོར་ཁྲི་10རེ་ཞུ་བྱེད་ཐུབ་པ་རེད། ཀུང་སིས་ལས་ཐོག་ལྟ་སྦྱོང་དང་ཤེས་ལྡན་པ་བསྡུ་བའི་བྱེད་ཐབས་སྤྱད་པས། མིག་སྔར་པར་ལེན་དང་། སྒྲིག་བཟོ། མཛེས་བཟོ། ནོར་དོན་སོགས་ཀྱི་ལས་གཏོད་ཚོགས་ཆུང་དང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་5ཚང་མ་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་རེད།
       ཚོང་ཁང་ཁྱབ་གདལ་བཏང་བ་ཕུད། ཁོང་ཚོས་ད་དུང་O2Oཡི་གཉེར་སྐྱོང་བྱེད་ཐབས་ཀྱང་གསར་སྤེལ་བྱས་ཡོད། ཚོགས་པས“སྐལ་བཟང་གཉེན་སྟོན”གྱི་ཆེད་ལས་རང་བཞིན་གྱི་སྐད་འཕྲིན་མཉེན་ཆས་ཆུང་ངུ་ཞིག་བཟོས་ཏེ། འཛད་སྤྱོད་པས་སྟབས་བདེའི་ངང་དྲ་ཐོག་ནས་བློ་འདྲི་དང་ཐོན་རྫས་ཤེས་རྟོགས་བྱ་རྒྱུ་ཡོད་པ་མ་ཟད། དྲ་ཐོག་ནས་སྔོན་མངགས་བྱས་རྗེས་ཐད་ཀར་ཚོང་ཁང་ནས་ཉོ་ཆོག་གི་ཡོད།
       མིག་སྔར་བསོད་རྡོར་ཚེ་རིང་གི་ཚོང་ཁང་ལ་ཁེ་བཟང་འབབ་འགོ་ཚུགས་ཤིང་། ཟླ་རེར་ཡོང་འབབ་ཁེ་གཙང་སྒོར་5000ཡས་མས་ཡོད་པས་ལས་གཏོད་བྱེད་མ་ཐག་གི་རྣམ་པར་འགྱུར་ལྡོག་བྱུང་ནས་ཡོང་འབབ་རག་འགོ་ཚུགས། ད་ཆ་ཡོང་འབབ་དེ་དག་ལ་བརྟེན་ནས་རྣམ་གྲངས་སྔར་བས་ཁྱབ་གདལ་གཏོང་གི་ཡོད།

བསོད་རྡོར་ཚེ་རིང་གིས“ལམ་གཉིས་ཀྱི་སྙིང་སྟོབས”ཞེས་པའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་མཇུག་འགྲིལ་རྗེས་འགྲན་ཞུགས་མི་སྣ་ཡོངས་དང་མཉམ་པར་བརྒྱབ་པ།
       འབྱུང་འགྱུར་གྱི་སྐོར་གླེང་སྐབས། བསོད་རྡོར་ཚེ་རིང་དང་ཁོང་གི་ཚོགས་མི་ཚོས། ང་ཚོས་བརྩེ་བ་ཟབ་མོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་མུ་མཐུད་ལས་གཏོད་ཀྱི་ལམ་དུ་བསྐྱོད་དེ། རང་ཉིད་ལ་དབང་བའི་ལམ་བུ་ཞིག་ཧུར་ཐག་འཚོལ་ཞིབ་བྱས་ནས་ཀུང་སི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་མ་ཟད། སློབ་ཆེན་སློབ་མ་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ།སྣང་རྡོར།