ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཁྱེད་རང་ལ་སྐྲན་ནད་སློང་བའི་གོམས་གཤིས་འདི་དག་ཡོད་དམ།

སྤེལ་དུས 2019-11-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
      འབྲས་སྐྲན་ཕོག་རྐྱེན་ནི་ང་ཚོའི་འཚོ་བའི་གོམས་གཤིས་དང་འབྲེལ་བ་ཆེན་པོ་ཡོད་ཅིང་། ལྷག་པར་དུ་རྒན་རབས་ཚོའི་གྲོན་ཆུང་བྱེད་པར་དགའ་བའི་གོམས་གཤིས་དེ་དག་དང་འབྲེལ་བ་ཆེན་པོ་ཡོད། 
      ཟས་རྙིང་ཟོས་ན་འབྲས་སྐྲན་ཕོག་སླ།  

     རྒན་རབས་པ་མང་པོ་ཞིག་ཟས་གོས་ལ་དཀའ་སྡུག་ཆེ་བའི་ལོ་རབས་ནས་ཡོང་བ་ཡིན་པས། འབྲུ་རིགས་གྲོན་ཆུང་བྱེད་ཆེད་ཟ་མ་ཚར་པའི་ཟ་མ་རྒྱུན་དུ་འཁྱག་སྒམ་ནང་བཞག་ནས། ཉིན་གཉིས་པ་དང་གསུམ་པར་མུ་མཐུད་དུ་ཟ་བཞིན་ཡོད།  སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་འཚོ་བཅུད་ཚན་ཁག་གི་འཚོ་བཅུད་སྨན་པ་སུང་དབྱིས་ཀྱིས་བརྗོད་པ་ལྟར་ན། སྔོ་ཚལ་ནང་ཟེ་ཚྭ་འདུས་ཡོད་ཅིང་།  དུས་ཚོད་རིང་པོར་བཞག་ན་འབུ་ཕྲའི་བྱེད་ནུས་འོག་ཟེ་ཚྭ་དེ་མི་ལུས་ལ་གནོད་པའི་ཟེ་ཚྭ་འབྲིང་བར་འགྱུར་གྱི་ཡོད་ལ། ཉར་ཚགས་དུས་ཡུན་ཇི་ཙམ་རིང་ན་ཟེ་ཚྭ་འབྲིང་བའི་འདུས་ཚད་ཀྱང་དེ་ཙམ་གྱིས་མང་དུ་འགྱུར་བཞིན་ཡོད། གལ་ཏེ་ང་ཚོས་དུས་ཡུན་རིང་བོར་ཚལ་ལྷག་ཟོས་ན། ལུས་པོར་ཟེ་ཚྭ་འདུས་ཚད་ཀྱང་མང་དུ་གྱུར་ནས་བདེ་ཐང་ལ་གནོད་པ་ཐེབས་སྲིད་པ་དང་། གནོད་པ་ཆེས་ཆེ་བ་ནི་འབྲས་སྐྲན་སློང་སྲིད་པ་དེ་ཡིན། 
      སྒོར་མོ་གྲོན་ཆུང་བྱས་ནས་ཤིང་ཏོག་དང་སྔོ་ཚལ་རྙིང་པ་ཟོས་ན་འབྲས་སྐྲན་ཕོག་སླ།

      རྒན་རྒོན་རྣམས་ཀྱིས་སྔོ་ཚལ་ཉོ་སྐབས། རྟག་པར་རིན་གོང་དམའ་བའི་སྔོ་ཚལ་དང་ཤིང་ཏོག་ཉོ་རྒྱུར་དགའ་མོད།   ཞིབ་འཇུག་བརྒྱུད་ཤེས་པ་ལྟར་ན། ཡུངས་དཀར་མེ་ཏོག་སྔོན་པོ་དང་ལ་ཕུག་རིགས་ཀྱི་རྒྱ་གྲམ་མེ་ཏོག་ཅན་གྱི་སྔོ་ཚལ་གཏུབས་ནས་མཁའ་དབུགས་ཁྲོད་ཆུ་ཚོད་6རིང་བཞག་ན། དེར་མ་གཞི་ཡོད་པའི་སྐྲན་འགོག་དངོས་རྫས་75%ཡལ་འགྲོ་བ་མ་ཟད། ད་དུང་བདེ་ཐང་ལ་གནོད་པའི་དངོས་རྫས་གཞན་རེ་འགའ་གྲུབ་ཀྱི་ཡོད། དེ་མིན། གོང་བཅག་པའི་ཤིང་ཏོག་དང་སྔོ་ཚལ་མང་པོ་ཞིག་རུལ་བ་དང་བསྟུན་ནས། འབྲས་སྐྲན་སློང་བའི་དངོས་རྫས་རིམ་པ་དང་པོ་སྟེ་རླམ་སྲིན་ཞེས་པ་ཟས་རིགས་ཁྲོད་སྐྱེ་ཡོང་བས། རུལ་བའི་ཆ་ཤས་དེ་བཞོག་ནས་ཟོས་ན་ཡང་འབྲས་སྐྲན་སློང་བའི་ཉེན་ཁ་ཡོད།
      ཟ་མ་གཡོས་སྦྱོར་བྱེད་སྐབས་གློག་གྲོན་ཆུང་བྱས་ཏེ་སྣུམ་རྔུབ་འཕྲུལ་ཆས་བེད་སྤྱོད་མ་བྱས་ན་འབྲས་སྐྲན་ཕོག་སླ།

     བཟའ་སྣུམ་མང་པོ་སྤྱད་ནས་ཟས་རིགས་གཡོས་སྦྱོར་བྱེད་སྐབས།  མི་འགའ་རེས་གློག་གྲོན་ཆུང་བྱ་ཆེད་སྣུམ་རྔུབ་འཕྲུལ་ཆས་བེད་སྤྱོད་མ་བྱས་རྐྱེན་ཉིན་ལྟར་སྣུམ་གྱི་དུ་བ་མང་པོ་རང་གིས་རྔུབ་དགོས་ཀྱི་ཡོད།  སི་ཁྲོན་ཞིང་ཆེན་སྐྲན་ནད་སྨན་ཁང་གི་བྲང་ཁོག་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀྲོང་ཞང་གིས་བརྗོད་པ་ལྟར་ན། གལ་ཏེ་སྣུམ་རྔུབ་འཕྲུལ་ཆས་ཀྱི་སྒོ་ཕྱེ་མེད་པའི་ཁོར་ཡུག་ཏུ་ཚལ་བརྔོས་ནས་ཆུ་ཚོད་གཅིག་རིང་བསྡད་ཚེ། གློ་བར་གནོད་པ་ཐེབས་ཚད་ཐ་མག་ཁུག་མ་གཉིས་འཐེན་པ་དང་མཚུངས་པས་གློ་བའི་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད། 
      ཡུན་རིང་བཞག་པའི་སྣུམ་རྙིང་ཟོས་ན་འབྲས་སྐྲན་ཕོག་སླ། 

      མི་མང་ཆེ་བས་རྒྱུན་དུ་བཟའ་སྣུམ་ནི་དུས་ལས་ཡོལ་མེད་ཚེ་བཟའ་ཆོག་པར་འདོད་བཞིན་ཡོད་མོད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་མ་ཡིན།  ཐེན་ཅིན་བརྙན་འཕྲིན་ལས་ཁུངས་ཀྱི་《ཟ་མ་ལ་ཞིབ་དཔྱད་བྱས་པ་ལས་དོན་དངོས་མཐོང་》ཞེས་པའི་ལེ་ཚན་ནང་ཚོད་ལྟ་བྱས་པ་ལྟར་ན། བཟའ་སྣུམ་གྱི་ཁ་ཕྱེས་ནས་ཟླ་བ་གསུམ་ཕྱིན་ཡང་ད་དུང་ཟ་མ་ཚར་ན། སྣུམ་དེ་ནི་ང་ཚོའི་ཉེ་འགྲམ་དུ་ཡོད་པའི་འབར་མདེལ་བཞིན་ཉེན་ཁ་ཆེ། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། སྣུམ་རྙིང་བར་གྱུར་རྗེས། དབྱང་འགྱུར་དང་སྐྱུར་འགྱུར་བྱེད་སྲིད་པ་དང་། འགྱུར་བ་དེ་བྱུང་རྗེས་ཧོང་ཆུས་མའེ་སུའུ་(黄曲霉素)ཡི་སྦགས་བཙོག་ཐེབས་ནས་བྲོ་བ་ངན་པར་འགྱུར་བ་མ་ཟད།  མཆིན་སྐྲན་སློང་བའི་ཉེན་ཁའང་ཡོད། 
རྩོམ་སྒྲིག་པ།སྣང་རྡོར།