ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

► ཡོ་ག་དང་པད་མ་བཀྲ་ཤིས་ཀྱི་ལས་འབྲེལ།

སྤེལ་དུས 2019-11-18 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་འཕྲིན་སྟེགས་ལས་དྲངས། རྩོམ་པ་པོ།

         དམངས་ཡོངས་ལུས་སྦྱོང་བྱེད་པ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་བསྒྱུར་བ་དང་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། འཚོ་བའི་སྤུས་ཚད་དང་ལྷག་པར་དུ་ལུས་སེམས་བདེ་ཐང་གི་ཆུ་ཚད་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེས་ན་ནམ་རྒྱུན་ལུས་སྦྱོང་བྱས་ནས་བདེ་ཐང་ཡོང་ཐབས་བྱེད་པ་ནི་མི་མང་པོ་ཞིག་གི་གདམ་གར་གྱུར་ཅིང་། ཡོ་ག་རྩེ་བ་དང་། རྒྱུག་ཤར་གློད་པ། སྤོ་ལོ་རྒྱག་པ། རྐང་ཐང་མར་འགྲོ་བ། རྐང་འཁོར་བཞོན་པ་ལ་སོགས་ལུས་རྩལ་རིགས་མི་འདྲ་བ་མང་པོ་ཞིག་ལ་ཞུགས་ཏེ་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་གི་ཡོད། ལྷག་པར་དུ་དེང་གི་དུས་སུ་དར་སོ་ཤིན་ཏུ་ཆེ་བའི་ཡོ་གར་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་པ་སོགས་ཀྱི་དགེ་མཚན་དུ་མ་ལྡན་པས། མི་མང་པོ་ཞིག་གིས་ཡོ་ག་རྩེད་དེ་ལུས་སེམས་བདེ་ཐང་ཡོང་བར་འབད་བཞིན་ཡོད། དེས་ན་ཡོ་ག་རྩེད་ན་ཡང་སྙིང་ཕན་ཐོགས་གང་ཞིག་ཡོད་མིན་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ང་ཚོ་བཅར་འདྲི་ཚོགས་པ་དང་བཅས་པས་2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཡོ་ག་མཁས་ཅན་གྱི་སློབ་ཚན་དང་ལྗོངས་ཡོངས་ཀྱི་ལུས་སྦྱོང་ཡོ་གའི་ཡོངས་བསྒྲགས་འགྲན་བསྡུར་སྐབས་དང་པོའི་ནང་ཨང་དང་པོ་ཐོབ་མཁན་གྱི་ཡོ་ག་མཁས་ཅན་རྒན་པད་མ་བཀྲ་ཤིས་ལགས་ལ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།

         རྒན་ལགས་ཁོང་གི་ཁྱིམ་དུ་སླེབས་སྐབས་སྒོ་རྩར་པདྨ་ཡོ་ག་ཞེས་པའི་ཡི་གེ་ཆེན་པོ་འགའ་སྦྱར་འདུག ཕན་ཚུན་ངོ་སྤྲོད་ཟིན་རྗེས་རྒན་པད་མ་བཀྲ་ཤིས་ལགས་ནི་ཁམས་སྡེ་དགེ་རྫོགས་ཆེན་གྱི་སྒྲུང་པ་ཚང་དུ་སྐྱེས་པ་དང་ཁོང་གི་ཕ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་གྲས་ཤིག་རེད་འདུག་པས། ཆུང་དུས་ནས་ཁྱིམ་ཚང་གི་ཤུགས་རྐྱེན་འོག་དམངས་ཁྲོད་རིག་གནས་དང་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་ཞེན་ཆེན་པོ་ཡོད་པ་ཞིག་ཡིན་པ་ཤེས་བྱུང་། 
         ཡོ་ག་ཐོག་མར་ཇི་ལྟར་སྦྱངས་ཡོད་མེད་སྐོར་འདྲི་སྐབས་ཁོང་གིས“ཆུང་དུས་ཕོ་བའི་ནད་ཀྱི་རྐྱེན་པས་གཟུགས་པོ་ཧ་ཅང་སྐྱོ་པོ་ཆགས་སྟབས་ཡོ་ག་སྦྱོང་འགོ་ཚུགས་པ་དང་ཡོ་ག་སྦྱངས་རྗེས་ནད་གཞི་དྲག་སྐྱེད་བྱུང་བས། གཞན་ལའང་ཕན་ཐོགས་ན་སྙམ་པའི་ཀུན་སློང་བཟང་པོ་ཞིག་བཅངས་ནས་རིམ་བཞིན་ཡོ་གའི་དགེ་རྒན་ཞིག་བྱ་རྒྱུ་དང་ཡོ་གའི་ལས་དོན་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར་བྱུང་ཞེས་བརྗོད། 

         ཡིན་ནའང་ལས་དོན་ཁང་འཛུགས་པར་ལས་སླ་པོ་ཞིག་ག་ལ་ཡོད། དེས་ན་ཁོང་གིས་པེ་ཅིང་དང་ཧྲང་ཧའེ་སོགས་ས་ཆ་མང་པོར་ཡོ་ག་སྦྱོང་བ་དང་ཉམས་མྱོང་གསོག་པར་བསྐྱོད་པ་དང་དེའི་རིང་དཀའ་ངལ་མང་དག་ཅིག་འཕྲད་ཀྱང་སེམས་ཤུགས་དང་ཡི་ཐང་མ་ཆད་པར་དཀའ་བ་དུ་མ་ཁྱད་བསད་ཀྱིས་ཁྲོམ་རའི་དགོས་མཁོ་དང་། མི་མངོན་པའི་སྟོབས་ཤུགས། འཕེལ་རྒྱས་ཀྱི་བསམ་ཕྱོགས་སོགས་ལ་གཞིགས་ནས་པདྨ་ཡོ་ག་ཞེས་པའི་ལས་དོན་ཁང་དེ་དངོས་སུ་བཙུགས་པ་རེད་འདུག 
         ལས་དོན་ཁང་བཙུགས་རྗེས་ཁོང་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཡོ་གའི་རྩལ་འཁྲིད་ལ་གཞོལ་ནས། སློབ་མར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་བྱས་པས། ཐོག་མར་སློབ་མ་དེ་ཙམ་མེད་པ་ནས་ད་ཆ་སློབ་མ་100ལྷག་ཙམ་བར་མང་དུ་ཕྱིན་པ་ནི་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་དང་གཉིས་སུ་མ་མཆིས། ང་ཚོས་ཁོང་ལ་སློབ་མའི་སྐོར་འདྲི་སྐབས་ཁོང་གིས་སློབ་མ་རྒན་དར་གཞོན་གསུམ་ཚང་མ་ཡོད་ཀྱང་། མིག་སྔརལྟ་རྒན་རྒོན་གྱི་འཛིན་གྲྭ་དང་དར་མའི་འཛིན་གྲྭ་གཉིས་ལས་དབྱེ་མེད། ཕྱིས་སུ་ད་དུང་རིམ་པས་མང་དུ་གཏོང་རྩིས་ཡོད་ཅེས་བརྗོད་བྱུང་། ལྷག་པར་དུ་ཉེ་དུས་ཁོང་ལ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཡོ་ག་མཁས་ཅན་གྱི་སློབ་ཚན་དང་ལྗོངས་ཡོངས་ཀྱི་ལུས་སྦྱོང་ཡོ་གའི་ཡོངས་བསྒྲགས་འགྲན་བསྡུར་སྐབས་དང་པོའི་ནང་ཁྱད་དུ་འཕགས་པའི་ཡོ་གའི་རྩལ་ལ་བརྟེན་ནས་བྱ་དགའ་ཨང་དང་པོ་བླངས་ཏེ་སྐད་གྲགས་ཆེན་པོ་བཞག་འདུག 

         ང་ཚོས་ཁོང་ལ་ཡོ་ག་རྩེད་ན་ཕན་ཐོགས་ཅི་ཞིག་ཡོད་མེད་སྐོར་འདྲི་སྐབས་ཁོང་གིས“ཡོ་ག་སྦྱངས་ན་ཕན་ཐོགས་དཔེ་མི་སྲིད་པ་འདུག དེས་ནད་གཞི་མང་པོ་ཞིག་སངས་དྲག་གཏོང་ཐུབ་པ་དང་། ངལ་དུབ་སེལ་ཐུབ་པ། ཤ་རིད་དུ་གཏོང་ཐུབ་པ། ལུས་ཀྱི་འདུ་བ་སྙོམས་ཐུབ་པ། སེམས་པ་ལྷོད་ལ་འབབ་པ་སོགས་དགེ་མཚན་དུ་མ་ལྡན་ཡོད”ཅེས་བརྗོད་བྱུང་། 
         ཁོང་ནི་མི་སེམས་བཟང་ཞིག་དང་འགན་འཁྲི་ཕྲག་ཏུ་འཁུར་མཁན་ཞིག་ཡིན་ཞིང་། རང་ཉིད་སྐད་གྲགས་ཆོད་རྗེས་ཉམས་ཞན་གྱི་ཚོགས་སྤྱི་དང་མི་གཞན་དག་ལ་རོགས་རམ་བྱ་རྒྱུ་གཏན་ནས་བརྗེད་མེད་པར། དུས་ཚོད་དང་ཁོམ་པ་ཡོད་རིམ་བཞིན་རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་སོགས་ལ་ལྟ་རྟོག་དང་རོགས་རམ་གང་ཐུབ་བྱས་པས། གོང་རིམ་སྡེ་ཚན་ནས་སྤྲད་པའི་གཟེངས་བསྟོད་ཀྱང་མང་པོ་རག་འདུག 

         མཇུག་ཏུ་ང་ཚོས་མ་འོངས་པའི་ལས་གཏོད་ཀྱི་བསམ་ཕྱོགས་དང་ཡོ་གའི་ལས་དོན་ཁང་འཕེལ་རྒྱས་ཀྱི་སྐོར་འདྲི་སྐབས། ཁོང་གིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་སྦྲགས་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་བའི་ཐད་ལ་ཕྱོགས་གང་ས་ནས་ཤུགས་སྣོན་རྒྱག་རྒྱུ་མ་ཟད། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ནང་སའི་གྲོང་ཁྱེར་ཁག་ཏུ། ཡན་ལག་ལས་དོན་ཁང་གཉེར་ནས་སློབ་མ་སྔར་ལས་མང་བ་བསྡུ་རྒྱུ་དང་ལས་ཞུགས་ཀྱི་ལས་གནས་སྔར་ལས་མང་བ་མཁོ་འདོན་ཐུབ་པའི་རེ་བ་འཆང་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“དམངས་ཡོངས་ལུས་སྦྱོང་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་གཏོང་དགོས་ཞེས་བཏོན་པ་དེས། དམངས་ཡོངས་ལུས་སྦྱོང་འཕེལ་རྒྱས་དང་སྐུལ་འདེད་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བརྗོད་བྱུང་། 
         རེད་ཨང་། ལས་ཀ་གང་ཞིག་ལས་རུང་། ཐོག་མར་ལུས་སེམས་བདེ་ཐང་ཞིག་ཡིན་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེ་ཞིང་། ལྷག་པར་དུ་སྤྱི་ཚོགས་ཡར་རྒྱས་དང་དཔལ་འབྱོར་དར་རྒྱས་སོགས་ལ་ལེགས་སྐྱེས་འབུལ་བར་བདེ་ཐང་མེད་དུ་མི་རུང་བ་ཡིན་པ་དེ་བས་ཀྱང་སྨྲོས་ཅི་དགོས། 
རྩོམ་སྒྲིག་པ།སྣང་རྡོར།